ཧྥེང་ཧྥ་ཀུའེ་ཡིས2022ལོའི《སྲིད་གཞུང་ལས་དོན་སྙན་སེང》གི་གཙོ་གནད་ལས་འགན་སྐུལ་སྤེལ་ཚོགས་འདུ་དང་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་ཚོགས་འདུ་གཙོ་སྐྱོང་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2022-03-28

    སྤྱི་ཟླ3ཚེས23ཉིན་གྱི་ཕྱི་དྲོར་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥེང་ཧྥ་ཀུའེ་ཡིས2022ལོའི《སྲིད་གཞུང་གི་ལས་དོན་སྙན་སེང་》གི་གཙོ་གནད་ལས་འགན་སྐུལ་སྤེལ་ཚོགས་འདུ་དང་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་ཚོགས་འདུ་གཙོ་སྐྱོང་གནང་ནས་ལས་དོན་དོན་འཁྱོལ་བྱས་ཚུལ་ལ་གསན་པ་དང་། དཔལ་འབྱོར་གྱི་དུས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་གཅོད་པ། སླད་ཕྱིན་གྱི་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད། ཁོང་གིས་རིམ་པ་ཁག་དང་སྡེ་ཚན་སོ་སོས་རིམས་ནད་འགོག་ཟོན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱས་ཤིང་།འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ནས་བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། དམངས་འཚོ། བདེ་འཇགས་སོགས་ཀྱི་གཙོ་གནད་ལས་དོན་ལ་དམ་དུ་བཟུང་སྟེ་ལས་ཀའི་འགོ་ཡག་པོ་ཞིག་བརྩམ་ཐུབ་པ་དང་། དུས་ཚོད་དང་ལས་འགན་གཉིས་ཆ་ཕྱེད་ལས་བརྒལ་ཐུབ་པ་འབད་འཐབ་བྱེད་དེ་གྲུབ་འབྲས་དངོས་ཀྱི་ཐོག་ནས་ཁུལ་ཡོངས་ཀྱི་མི་དམངས་ལ་ཕྱོགས་པའི་དམ་བཅའ་མངོན་འགྱུར་ཡོང་བ་བྱ་དགོས་ཞེས་གསུངས་པ་རེད།།

  • ལེ་ཚན་སྔོན་མ།:དར་མདོར་མི་འདི་གཉིས་དང་ཉེ་སར་བཅར་མྱོང་ན་ཉེན་ཁ་ཆེ།
  • ལེ་ཚན་རྗེས་མ།:ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་དང་རིམས་ནད་འགོག་ཟོན།
  • དོ་སྣང་ཆེ་བའི་རྩོམ།