རང་ཁུལ་གྱིས་བྱེད་ཐབས་ལེགས་པོས་ཆུ་བེད་ལས་དོན་བསྒྲུབས་ནས་གྲུབ་འབྲས་བཟང་པོ་ཐོབ།

ཀུན་དགའ་དང་རྟ་མགྲིན་རྡོ་རྗེས་བསྒྱུར།        2022-03-28

རང་ཁུལ་གྱིས་བྱེད་ཐབས་ལེགས་པོས་ཆུ་བེད་ལས་དོན་བསྒྲུབས་ནས་གྲུབ་འབྲས་བཟང་པོ་ཐོབ།
ཆུ་ལམ་ཕྱོགས་བསྡུས་བཅོས་སྐྱོང་བྱས་འབྲས་ཀྱི་ཟུར་ཞིག།

རང་ཁུལ་གྱིས་བྱེད་ཐབས་ལེགས་པོས་ཆུ་བེད་ལས་དོན་བསྒྲུབས་ནས་གྲུབ་འབྲས་བཟང་པོ་ཐོབ།
ཆུ་གློག་ས་ཚུགས་ཀྱི་ཆུ་གཤམ་དུ་བབས་པའི་སྐྱེ་ཁམས་བཞུད་ཚད་ལ་ལྟ་ཞིབ་བྱེད་བཞིན་པའི་ཚུལ།

རི་སྔོ་ཆུ་གཙང་སྲུང་སྐྱོང་བྱས་ནས་གཙང་པོ་དང་མཚེའུ་ལ་ཁྱོན་ཡོངས་ནས་དོ་དམ་བྱས།

སྤྱི་ཟླ3པའི་ཚེས22ཉིན། འཛམ་གླིང་ཆུའི་ཉིན་མོ་སྐབས་སུམ་ཅུ་པ་ཀྲུང་གོའི་ཆུའི་གཟའ་འཁོར་སྐབས་སོ་ལྔ་པ་དུས་ལྟར་སླེབས་ཤིང་། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་ཀྲུང་ཧྭའི་ཆུ་མཛོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས། རང་ཁུལ་གྱིས་ཆུ་བཅོས་སྐྱོང་དང་ཆུ་དོ་དམ་གྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཁུར་ཞིང་ཁྱད་ཆོས་ལྡན་པའི་སྒོ་ནས་ཆུའི་ལས་དོན་ལེགས་པོར་བསྒྲུབས་ཏེ་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཆུ་བེད་ཀྱི་འདེགས་སྐྱོར་སྤྲད་ཅིང་ཆུའི་བདེ་འཇགས་འགན་ལེན་བྱེད་པར་བརྩོན་ལེན་བྱེད་ཀྱི་ཡོད།

རང་ཁུལ་གྱི་ཆུའི་ཐོན་ཁུངས་གླེང་སྐབས། འཕྲེད་གཞུང་སྣོལ་མར་གནས་པ་དང་ཆུ་བོ་མང་བ་ནི་གཞི་རྩའི་གནས་བབ་ཅིག་རེད། བསྡོམས་རྩིས་བྱས་པར་གཞིགས་ན། རང་ཁུལ་ས་ཁོངས་སུ་འབབ་རྒྱུད་སྤྱི་ལེ་ངོས་གྲུ1000ཡན་གྱི་ཆུ་བོ48ཡོད་པ་དང་རིང་ཚད་སྤྱི་ལེ7600ལྷག་ཙམ་ཟིན་ནས་ཞིང་ཆེན་ཡོངས་ཀྱི་འབབ་རྒྱུད་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ1000ཡན་གྱི་གཙང་པོའི་རིང་ཚད་ཀྱི་གསུམ་ཆ་གཅིག་ཙམ་ཟིན། ལོ་ལྟར་ཆུ་ངོས་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ1ཡན་གྱི་མཚེའུ19ཡོད་པ་དེས་ཞིང་ཆེན་ཡོངས་ཀྱི་ཆུ་ངོས་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ1གི་མཚེའུ་ཡི་གསུམ་ཆ་གཉིས་བཟུང་ཡོད་པ་རེད།

2017ལོ་ནས་བཟུང་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པ་ལ་ཁ་གཏད་ནས། རང་ཁུལ་གྱིས་ཁྱོན་ཡོངས་ནས་གཙང་པོ་དང་མཚེའུ་ཡི་དཔོན་པོ་ལམ་ལུགས་ཀྱི་ལས་དོན་སྤེལ་ཏེ་ཁྱོན་ཡོངས་ལ་ཁྱབ་པའི་རྩ་འཛུགས་མ་ལག་བཙུགས་ནས་དཀར་མཛེས་ཁུལ་ཆུ་བེད་ཀྱི་ལེ་ཚན་གསར་པ་བརྩམས། ད་ལོ་རང་ཁུལ་གྱིས་གཙང་པོ་དང་མཚེའུ་ཡི་དཔོན་པོ་ལམ་ལུགས་ལས་དོན་གྱི་ལས་འགན་གསར་པ་དང་ཟུང་དུ་སྦྲེལ་ཏེ་ཁུལ་ཡོངས་ཀྱི་གཙང་པོ་དང་མཚེའུ་བཅོས་སྐྱོང་གི་རྨང་གཞི་སྔར་བས་བརྟན་དུ་གཏང་རྒྱུ་རེད།

ལས་དོན་ཞིབ་ཕྲའི་ཁྲོད་རང་ཁུལ་གྱིས་རྫོང་དང་ཡུལ་ཤོག། གྲོང་ཚོ་བཅས་རིམ་པ་གསུམ་གྱི་ཆུ(མཚེའུ)དཔོན་གསར་བརྗེ་དང་དག་ཐེར་བྱས་ནས་ཆུ་དཔོན་ལམ་ལུགས་ཀྱི་སྤྱི་བསྒྲགས་བྱང་བུ་བཟོ་བ་དང་། རིམ་པ་ཁག་གི་ཆུ(མཚེའུ)དཔོན་གྱིས་ལྟ་སྐུལ་བྱས་ནས་ཆུ་བོར་སྐོར་ཞིབ་དང་བཅོས་སྐྱོང་། བདག་གཉེར། སྲུང་སྐྱོང་བྱེད་ཤུགས་ཇེ་ཆེ། གཙང་པོ་དང་མཚེའུའི“ཟང་ཟིང་བཞིའི”གནད་དོན་རྒྱུན་མཐུད་ངང་བཅོས་སྒྲིག་བྱས་ནས་ཆོག་མཆན་མ་ཐོབ་པར་སྔོན་ལ་འཛུགས་སྐྲུན་དང་ཆུ་ལམ་བཙན་བཟུང་། གང་བྱུང་དུ་འཛུགས་སྐྲུན་སོགས་ཀྱི་བྱེད་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏང་རྒྱུ། དེ་དང་ཆབས་ཅིག་ཆུ་ལམ་དོ་དམ་ཁྱབ་ཁོངས་ཀྱི་དབྱེ་མཚམས་ཕྱེས་ནས་གྲུབ་འབྲས་བེད་སྤྱོད་བྱ་རྒྱུར་ཤུགས་རྒྱག་པ་དང་། མཚོ་རྒྱུད་སྲུང་སྐྱོང་དང་བེད་སྤྱོད་འཆར་འགོད། ཆུ་བོ་གཅིག་ལ་སྲིད་ཇུས་གཅིག་དང་ཉེན་མེད་གདེང་འཇོག་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཞིང་། གཙང་པོ་དང་མཚེའུ་ཡི་དཔོན་པོ་ལམ་ལུགས་ཀྱི་འབྲེལ་ཡོད་དྲིལ་བསྒྲགས་དང་ཞིབ་བཤེར་ཡག་པོ་བྱེད་པ་དང་འབྲེལ། གཙང་པོ་ཆེན་པོ་དང་ཆུ་བོ་ཆེན་པོར་བརྙན་ལམ་ལྟ་ཞིབ་ཚད་ལེན་གྱི་ཚོད་ལྟའི་ལས་གཞི་འཛུགས་སྐྲུན་ལེགས་འགྲུབ་བྱུང་ཡོད། གཞན་ཡང་ད་དུང་ཆུ་ལམ་གྱི་བྱེ་མ་སྔོག་འདོན་དོ་དམ་གྱི་མཉམ་འགུལ་ལམ་སྲོལ་བཙུགས་ཤིང་སྔར་ལས་འཐུས་ཚང་དུ་བཏང་ནས་སྡེ་ཚན་དང་གཏོགས་ཁོངས་སྲིད་གཞུང་གི་ཆུ་ལམ་དུ་བྱེ་མ་སྔོག་འདོན་དོ་དམ་འགན་འཁྲི་ལག་བསྟར་བྱས་ནས་མཉམ་འགོག་མཉམ་བཅོས་ཀྱི་སྐོར་ཞིབ་ལ་མུ་མཐུད་ཤུགས་རྒྱག་རྒྱུ་རེད།

འཐུང་ཆུ་ཉེན་མེད་ལ་དམིགས་ཏེ་ཆུ་བེད་དབུལ་ཐར་གྲུབ་འབྲས་སྲ་བརྟན་བཏང་ནས་ཡུལ་སྡེ་དར་རྒྱས་ལ་རམ་འདེགས་བྱས།

འཐུང་ཆུའི་བདེ་འཇགས་ནི་དུད་ཁྱིམ་ཁྲི་སྟོང་དང་འབྲེལ་ཞིང་། མི་དམངས་མང་ཚོགས་ཀྱི་འཐུང་ཆུ་ཉེན་མེད་ཡོང་བར་བྱ་རྒྱུ་ནི་གལ་ཆེའི་ནང་གི་དོན་ཆེན་ཡིན། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་དཀར་མཛེས་ཁུལ་ཆུ་བེད་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དང་ཡུལ་སྡེ་དར་རྒྱས་སྲ་བརྟན་དང་རྒྱ་སྐྱེད་གཏང་རྒྱུར་དམིགས་ཏེ་ལས་ཀ་བྱེད་སྟངས་གསར་གཏོད་བྱས་ནས་ཚང་མར་འཐུང་ཆུ་གཙང་མ་རག་པར་འགན་ལེན་བྱ་རྒྱུ་རེད།

མ་དངུལ་ཡོད་པ་ནི་གནད་འགག་ཡིན། དེར་རང་ཁུལ་གྱིས“2021ལོར་ཀྲུང་དབྱང་ནོར་སྲིད་དང་སྦྲེལ་མཐུད་བྱས་ནས་ཡུལ་སྡེ་དར་རྒྱས་གཏོང་བའི་ཁ་གསབ་མ་དངུལ”བརྒྱུད་ནས། གྲོང་སྡེའི་ཆུ་འདོན་ལས་གྲྭ་ཉམས་གསོ་བདག་སྐྱོང་དང་རིམ་སྤོར་འགན་ལེན་བྱས་ནས་གྲོང་སྡེའི་ཆུ་འདོན་འགན་ལེན་བརྟན་པོ་མིན་པ་དང་། དུས་ཚིགས་རང་བཞིན་གྱི་ཆུ་དཀོན་པ། ཆུའི་སྤུས་ཚད་མི་ལོན་པ་སོགས་ཀྱི་གནད་དོན་མངོན་གསལ་དོད་པོ་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ནས་ད་ལོར་རང་ཁུལ་གྱི་གྲོང་སྡེ་འཐུང་ཆུའི་འཕྲོད་བསྟེན་ཚད་གཞི་ལོན་ཚད་བརྒྱ་ཆ90ཡན་ཟིན་པར་བྱེད་པར་མ་ཟད། ཡུན་རིང་བརྟན་པོ་ཡོང་བ་བྱས་ནས་གྲོང་སྡེའི་ཆུ་འདོན་ལས་གྲྭའི་ཆུ་རིན་བསྡུ་ལེན་བྱ་རྒྱུ་དམ་འཛིན་ཏན་ཏིག་བྱས་ཏེ་ཆུ་རིན་བསྡུ་ལེན་བྱེད་ཚད་བརྒྱ་ཆ95ཡན་ཟིན་པར་བརྩོན་ལེན་བྱ་རྒྱུ་རེད།

ཞིང་ལས་ཀྱི་ཕྱོགས་བསྡུས་ཆུ་རིན་བསྒྱུར་བཅོས་ལ་སྐུལ་འདེད་གཏང་རྒྱུ་ནི་སྲོག་ཤིང་ཡིན། དེར་རང་ཁུལ་གྱིས་རོང་བྲག་གི་རྒྱལ་རོང་དང་ལྕགས་ཟམ་གྱི་ཧྲུན་ཧོ་ཆུ་རགས། འབའ་ཐང་གི་འབའ་ཆུ་བཅས་ཆུ་བེད་ལས་གྲྭ3ལ་ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་བསྒྱུར་བཅོས་མུའུ་ཁྲི8.12ལག་བསྟར་བྱ་རྩིས་ཡོད་པ་དང་། དར་མདོ་དང་རྟའུ། དཀར་མཛེས་སོགས་རྫོང(གྲོང་ཁྱེར)6གི་ས་ཞིང་ཆུ་འདྲེན་ཁུལ་ཆུང་གྲས་དང་རྨོ་ཞིང་ལ་ཆུ་གང་ལེགས་འདྲེན་ཐུབ་པ་རིམ་རྩིས་བྱས་ན་ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་བསྒྱུར་བཅོས་མུའུ་ཁྲི5.2བྱ་རྩིས་ཡོད་པ་རེད།

ཆུ་གྲོན་ཆུང་བྱས་ནས་ཆུའི་ཐོན་ཁུངས་དོ་དམ་དང་སྲུང་སྐྱོང་བྱས།

དཔལ་འབྱོར་སྤྱི་ཚོགས་འཕེལ་བ་དང་བསྟུན་ནས་རང་རྒྱལ་གྱི་ཆུའི་ཐོན་ཁུངས་གནས་བབ་སྔར་བཞིན་ཛ་དྲག་ཡིན་ཞིང་།ཆུའི་ཐོན་ཁུངས་དཀོན་པ་དང་ཆུའི་སྐྱེ་ཁམས་ལ་གནོད་འཚེ་ཕོག་པ། ཆུའི་ཁོར་ཡུག་སྦགས་བཙོག་བཟོས་པའི་གནས་ཚུལ་ཐག་གཅོད་བྱེད་པར་ཆུ་གྲོན་ཆུང་བྱ་རྒྱུ་གལ་ཆེ།

ཉེ་བའི་ལོ་ཤས་རིང་།རང་ཁུལ་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་། “ཆུ་གྲོན་ཆུང་སྔོན་ལ་བྱེད། བར་ཁོངས་དོ་སྙོམས་པོ་ཡོང་བ། བཅོས་སྐྱོང་རྒྱུད་རིམ་ལྡན་པ།ཕྱོགས་གཉིས་ནས་ཤུགས་རྒྱག་པ”བཅས་ཆུ་བཅོས་སྐྱོང་གི་བྱེད་ཕྱོགས་ལྟར་ཆུའི་ཐོན་ཁུངས་ལ་གྲོན་ཆུང་དང་སྲུང་སྐྱོང་དོ་དམ་བྱས་ཏེ་གོང་འཕེལ་མི་དམན་པ་ཐོབ་ཡོད།

སྔར་ལྷག་གིས་ཆུ་གྲོན་ཆུང་དང་ཁྱོན་ཡོངས་ནས་ཆུའི་ཐོན་ཁུངས་ལ་དོ་དམ་དང་སྲུང་སྐྱོང་བྱ་ཆེད།རང་ཁུལ་གྱིས་བྱེད་ཐབས་ཡག་པོ་བཏོན་ཡོད།ཕྱོགས་གཅིག་ནས་ཆུའི་ཐོན་ཁུངས་དེ་ལྡོག་མེད་ཀྱི་བླང་བྱ་ཆེ་ཤོས་སུ་བརྩིས་ནས་གཙང་པོ་དང་ཆུ་བོ་མང་ཉུང་གི་ཚད་བགོ་བཤའ་དང་བཀོད་གཏོང་ལས་དོན་ལ་སྐུལ་འདེད་བཏང་སྟེ་དཀར་མཛེས་ཁུལ་གྱི་ཆུའི་ཐོན་ཁུངས་སྤྱི་འབོར་གྱི“དམིགས་ཚད་རང་བཞིན”དང“ཆུ་དཀོན་པའི་གནད་དོན”ཐག་གཅོད་ཤུགས་ཆེན་བྱས་ཡོད།ཕྱོགས་གཞན་ཞིག་ནས་ཆུ་ལེན་འཆར་གཞིར་ཞིབ་བཤེར་ཆོག་མཆན་འགོད་པ་དང་།ཆུའི་ཐོན་ཁུངས་ལ་རིགས་པས་ཁུངས་འདེད་དང་ཆུ་ལེན་པའི་ཆོག་འཐུས་དོ་དམ་ལམ་ལུགས་དོན་འཁྱོལ་བྱེད་པ།ཆུའི་ཐོན་ཁུངས་ལ་ལྟ་ཞིབ་ཚད་ལེན་དང་།ཚད་འཇལ།ཆུ་བེད་སྤྱོད་བཅས་ཀྱི་བསྡོམས་རྩིས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་ཞིང་།ཆུའི་ཐོན་ཁུངས་ལ་དོ་དམ་དང་དཔྱད་ཞིབ་ནན་པོ་བྱེད་པའི་ལོ་འཁོར་གྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱས་ཡོད། ཆབས་ཅིག་ཏུ་ཕྱོགས་མང་ཅན་གྱི་ཆུ་གྲོན་ཆུང་གི་རྟེན་གཞི་བསྐྲུན་པའི་ལས་དོན་ལ་སྐུལ་འདེད་བཏང་ནས་ཕྱག་ཕྲེང་རྫོང་གི་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་ཚད་ལོན་འཛུགས་སྐྲུན་དེ་ཞིང་ཆེན་རིམ་པའི་སྲིད་འཛིན་ཞིབ་བཤེར་རྩིས་ལེན་ཐུབ་པར་བྱས་ཏེ་ཆུ་གློག་ས་ཚུགས་ཀྱི་བཙོག་འབུད་སྐྱེ་ཁམས་བཞུར་ཚད་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་བརྒྱབ་ནས《དཀར་མཛེས་ཁུལ་ཆུ་གློག་ས་ཚུགས་ཀྱི་སྐྱེ་ཁམས་བཞུད་ཚད་ལ་ལྟ་སྐུལ་དོ་དམ་བྱེད་ཐབས》བཏོན་ཡོད།།

ཁྲིམས་སྐྱོང་གི་དར་ཆ་བསྒྲེངས་ཏེ་ཆུ་དོན་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་བཏང་ཡོད།

ཁྲིམས་ལྟར་ཆུ་བཅོས་སྐྱོང་དང་ཁྲིམས་ལྟར་ཆུ་དོ་དམ་བྱ་དགོས། ལོ་མང་པོའི་རིང་།རང་ཁུལ་གྱིས་ཐར་བ་གཏན་ནས་མི་གཏོང་བས་ཆུ་དོན་ལས་ཀ་སྤེལ་ཏེ་འཐུང་ཆུའི་ཁོར་ཡུག་ཉེན་མེད་བསྐྲུན་ཡོད། ཁུལ་ཆུ་བེད་ཅུས་ཀྱི་འབྲེལ་ཡོད་ལས་དོན་མི་སྣས་འདི་ལོ་རང་ཁུལ་གྱི་གཤིས་བཟང་ངག་རིང་དང་ཧུར་སེམས་སྙིང་སྟོབས་རྒྱུན་འཛིན་བྱས་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པ་དང་། ཁྲིམས་སྐྱོང་གི་དར་ཆ་ཆེན་པོ་མཐོན་པོར་བསྒྲེངས་ཏེ་ཆུ་དོན་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་བཏང་ནས། གྲུབ་འབྲས་ཕུལ་བྱུང་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱ་རྒྱུ་རེད།

རང་ངོས་ཀྱི་དོན་དངོས་ལ་གཞིགས་ནས་རང་ཁུལ་གྱིས་དུས་རྒྱུན་སྐོར་ཞིབ་དང་གཙོ་གནད་ལྟ་སྐུལ་ཞིབ་བཤེར་ཟུང་འབྲེལ་གྱི་བྱེད་སྟངས་སྤྱད་ནས་ཆུ་

བོ་དང་མཚོ་ཁར་གང་བྱུང་བཞི་དང་།ཆུ་ལམ་དུ་ཁྲིམས་འགལ་གྱིས་བྱེ་མ་འདོན་པ།ཆུའི་ཐོན་ཁུངས་ལ་གནོད་འཚེ་བཟོས་པ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་བཏང་ཡོད།དུས་མཉམ་དུ་སྡེ་ཁག་གི་མཐུན་ཚོགས་གསར་འཛུགས་དང་འཐུས་ཚང་དུ་བཏང་ནས་ཞིབ་དཔྱོད་ཁང་དང་།སྤྱི་བདེ་ཅུས། ཁྲིམས་འཛིན་ཅུས། སྐྱེ་ཁམས་ཁོར་ཡུག་ཅུས་སོགས་སྡེ་ཚན་དང་མཉམ་འབྲེལ་བྱས་ནས་གྱོད་གཞི་གཅིག་ལ་ཆད་པ་མང་པོ་བཅད་པ་དང་ཁྲིམས་ཆད་ལག་བསྟར་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་སྲིད་འཛིན་ལག་བསྟར་དང་།ཁྲིམས་གཉིས་འབྲེལ་མཐུད།སྐྱེ་ཁམས་སྐྱིན་གསབ་བཅས་བྱས་ནས་ཁྲིམས་འགལ་ཅན་ལ་རྡུང་རྡེག་ནན་པོར་བཏང་ཡོད། གཞན་ཡང་།རང་ཁུལ་གྱིས་ད་དུང་ཁུལ་ཡོངས་ཀྱི་ཆུ་སྲིད་ཁྲིམས་འཛིན་གྱི་སྟོབས་ཤུགས་ལ་བརྟེན་ནས་གྱོད་དོན་སྣོལ་མར་ཞིབ་གཅོད་དང་།གྱོད་དོན་དཔྱད་བསྡུར་དང་ཞིབ་བཤེར་བྱས་ནས་གྱོད་གཞིར་བརྟེན་ནས་སྦྱོང་བརྡར་ལ་སྐུལ་བ་དང་། གྱོད་དོན་གྱིས་སྦྱོང་བརྡར་གྱི་ཚབ་བྱེད་པའི་དམིགས་ཡུལ་དངོས་སུ་གྲུབ་པར་བྱ་རྒྱུ་རེད།།


  • ལེ་ཚན་སྔོན་མ།:གྱ་གྱུ་གྲོང་གི་ཡུལ་ཕྱོགས་ན།། དཔྱིད་ཀྱི་སྒེག་ཉམས་རབ་ཏུ་མངོན།།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།