གྲོང་སྡེ་དང་སྤྱི་ཁུལ་གྱི་ནགས་ཚལ་མེ་ཟོན་བྱ་དགའ་དང་ཁ་གསབ་ཀྱི་ཚོད་ལྟའི་བྱེད་ཐབས་དངོས་སུ་བཏོན།

ལྷ་འཛོམས་ཀྱིས་བསྒྱུར།        2022-03-30

སི་ཁྲོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུས་དང་། ནོར་སྲིད་ཐིང་། འཚུབ་བསྟུན་དོ་དམ་ཐིང་བཅས་ཀྱིས་ཉེ་ཆར《སི་ཁྲོན་ཞིང་ཆེན་གྱི་གྲོང་སྡེ་དང་སྤྱི་ཁུལ་གྱི་ནགས་ཚལ་མེ་ཟོན་བྱ་དགའ་དང་ཁ་གསབ་སྤྲོད་ཐབས(ཚོད་ལྟའི་ལག་བསྟར)》མཉམ་འབྲེལ་ཐོག་པར་འགྲེམས་བྱས་ནས་རང་རེའི་ཞིང་ཆེན་གྱི་མེ་ཉེན་ཆེ་བའི་རྫོང་དང་གྲོང་ཁྱེར།ཆུས་བཅས་ཀྱི་གྲོང་ཁུལ་ཕུད་པའི་ནགས་ཚལ་མེ་ཟོན་ལས་འགན་ཡོད་པའི་གྲོང་སྡེ་དང་སྤྱི་ཁུལ35ལ་བྱ་དགའ་དང་ཁ་གསབ་སྤྲད་རྒྱུ་ཡིན་པ་རེད།

བྱ་དགའ་དང་ཁ་གསབ་སྤྲད་ཡུལ་གྲོང་སྡེ(སྡེ་ཁུལ)ལ་གཤམ་གསལ་གྱི་ཆ་རྐྱེན་འཛོམ་དགོས་པ་སྟེ། ནགས་ཚལ་རྩྭ་ཐང་རྒྱ་ཁྱོན(ཤིང་འབྲས་མི་ཚུད)མུའུ1500ཡན་ཆད་ཡོད་དགོས། ཡུལ་བཅའ་མི་གྲངས15ལས་མི་ཉུང་ཞིང་ཆེད་ལས་གསོ་སྦྱོང་བྱས་པའི་མེ་སྐྱོན་སྔ་གསོད་དཔུང་ཁག་བཙུགས་ཡོད་པ། (གཙོ་བོ་ཡུལ་དམག)ཐོ་འགོད་ནགས་སྲུང་བས་མེ་ཟོན་དུས་སུ་གཏན་འབེབས་ལྟར་རྒྱུན་ལྡན་གྱི་རི་སྐོར་བྱེད་པ་དང་། རི་སྐོར་བྱེད་ས་ནི་གྲོང་སྡེ་དང་སྤྱི་ཁུལ་དེ་གས་གཏན་འཁེལ་བྱས་པའི་སྐོར་ལམ་དང་ཁྱབ་ཁོངས་ཡིན་དགོས། ཐོ་འགོད་ནགས་སྲུང་བའི་ཉིན་རེར་ཆ་སྙོམས་རི་སྐོར་འགྲོ་ཚད་བརྒྱ་ཆ90ལས་མི་དམའ་བ་ཡིན་དགོས། གྲོང་མིས་རྟགས་བྱང་བསྟན་ནས་རེས་སྐོར་དང་དུད་ཚང་བཅུས་མཉམ་སྲུང་བྱེད་པ་སོགས་ཀྱི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཡོད་པ། མེ་ཟོན་དུས་སྐབས་ནང་གྲོང་སྡེ་དང་སྤྱི་ཁུལ་དེ་གར་མིའི་རྐྱེན་གྱིས་ནགས་ཚལ་མེ་སྐྱོན་ཐོན་མེད་པར་མ་ཟད།ད་དུང་འབྲེལ་ཡོད་ཀྱི་མེ་གསོད་ལས་ཀའི་གྲུབ་འབྲས་ཀྱང་མངོན་གསལ་དོད་པོ་ཡིན་པ་བཅས་སོ།།

ནགས་ཚལ་གྱི་རྒྱ་ཁྱོན་ལ་གཞིགས་ནས་བྱ་དགའ་དང་ཁ་གསབ་སྤྲོད་པའི་ཚད་གཞི་གཏན་འཁེལ་བྱས་པ་སྟེ།ནགས་ཚལ་གྱི་རྒྱ་ཁྱོན་མུའུ1500དང་དེའི་ཡན་དང་མུའུ་ཁྲི1.5མན་གྱི་གྲོང་སྡེ་དང་སྤྱི་ཁུལ་ལ་བྱ་དགའ་དང་ཁ་གསབ་སྒོར་ཁྲི3སྤྲད་རྒྱུ་དང་། ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི1.5དང་དེའི་ཡན་དང་མུའུ་ཁྲི5མན་གྱི་གྲོང་སྡེ་དང་སྤྱི་ཁུལ་ལ་སྒོར་ཁྲི5སྤྲད་རྒྱུ་དང་། ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི5དང་དེའི་ཡན་གྱི་གྲོང་སྡེ་དང་སྤྱི་ཁུལ་ལ་སྒོར་ཁྲི8སྤྲད་རྒྱུ་རེད།

བྱ་དགའ་དང་ཁ་གསབ་མ་དངུལ་དེ་ས་གནས་ཁག་གི་གཞི་རིམ་རྩ་འཛུགས་ཀྱི་བྱེད་སྒོ་དང་སྤྱི་པའི་ཞབས་ཞུའི་འཁོར་རྒྱུག་འགྲོ་གྲོན་དོ་དམ་བྱ་ཐབས་ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་གོ་རིམ་ལྟར་གཤམ་གསལ་ཁག་ལ་འགྲོ་སོང་གཏང་དགོས་པ་སྟེ། མེ་སྐྱོན་ཐོན་མ་ཐག་ཏུ་ཐག་གཅོད་འགྲོ་མཁན་དཔུང་ཁག་གི་མི་སྣའི་བྱ་དགའ་དང་ཡང་ན་ཁ་གསབ། ཐོ་འགོད་ནགས་སྲུང་པའི་བྱ་དགའ་དང་ཁ་གསབ། ནགས་ཁུལ་གྱི་འགོག་ཟོན་ས་ཚུགས་སོགས་ཀྱི་འབྲེལ་ཡོད་གཏོང་སྒོ་དང་། མེ་གསོད་དངོས་རྫས་ཉོ་བ་བཅས་སོ།། 


  • ལེ་ཚན་སྔོན་མ།:སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་བསྐྱེད།
  • ལེ་ཚན་རྗེས་མ།:བྱམས་དང་སྙིང་རྗེ་ཆེ།། སྨན་བཅོས་ལག་རྩལ་བཟང་།།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10