རང་ཁུལ་གྱིས་སྦྲེལ་བ་ལྔས་ནགས་ཚལ་རྩྭ་ཐང་མེ་ཟོན་ལས་ཀ་ནན་འཛིན་བྱས།

ལྷ་འཛོམས་ཀྱིས་བསྒྱུར།        2022-03-30

      ཉིན་ཤས་གོང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས《ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་སྔར་བས་ཤུགས་བརྒྱག་རྒྱུའི་སྐོར་གྱི་བརྡ་ཐོ་ཛ་དྲག་མ》མཉམ་འབྲེལ་ཐོག་བསྒྲགས་ནས་ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)ཁག་ལ་ལམ་ལུགས་སྔར་བས་ནན་དུ་བཏང་སྟེ་ནོར་སྲིད་ཀྱི་མ་དངུལ་དང་སྦྲེལ་བ་དང་དམིགས་འབེན་ལས་ཆོད་དང་སྦྲེལ་བ། ལྟ་སྐྱོང་ཁ་གསབ་དང་སྦྲེལ་བ། སྔོན་ཐོན་དང་ཕུལ་བྱུང་དཔྱད་འདེམས་དང་སྦྲེལ་བ། འགན་འཁྲི་རྩད་གཅོད་དང་ཆད་གཅོད་དང་སྦྲེལ་བ་བཅས་སྦྲེལ་བ་ལྔ་ཞེས་པ་ལག་ལེན་མཐའ་གཅིག་ཏུ་བསྟར་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་དམ་འཛིན་ནན་པོ་བྱ་དགོས་པའི་བླང་བྱ་བཏོན་པ་རེད།།

  • ལེ་ཚན་སྔོན་མ།:དུས་ཚིགས་དང་པོར་རང་ཁུལ་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཐད་འགོ་ཡག་མོ་བཙུགས་ཡོད།
  • ལེ་ཚན་རྗེས་མ།:སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་བསྐྱེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10