ཧྥུང་ཧྥ་ཀུའེ་ཡིས་གྲོས་ཚོགས་གཉིས་གཙོ་སྐྱོང་གནང་ནས་འདི་འདྲ་གསུངས།

ལྷ་འཛོམས་ཀྱིས་བསྒྱུར།        2022-04-02

    སྤྱི་ཟླ3ཚེས29ཉིན་གྱི་སྔ་དྲོར་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན། ཁུལ་རྒྱལ་སའི་བར་ཁོངས་འཆར་འགོད་ཨུ་ལྷན་གྱི་ཀྲུའུ་རེན་ཧྥུང་ཧྥ་ཀུའེ་ཡིས་ཁུལ་རྒྱལ་སའི་བར་ཁོངས་འཆར་འགོད་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་འབྲེལ་ཡོད་འཆར་འགོད་དང་ཇུས་གཞིར་གྲོས་ཞིབ་གནང་བ་དང་སླད་ཕྱིན་གྱི་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད། ཚོགས་འདུའི་ཐོག་ཧྥུང་ཧྥ་ཀུའེ་ཡིས་དོན་དག་གྲོས་ཞིབ་དང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། འཆར་འགོད་ཀྱི་འགྱུར་མེད་རང་བཞིན་ཆེ་རུ་གཏོང་བ། རང་བྱུང་ལ་བརྩི་བཀུར་བྱེད་པ། མི་གཙོ་བོར་འཛིན་པ་བཅས་བྱས་ནས་གྲོང་ཡུལ་འཆར་འགོད་འཛུགས་སྐྲུན་དང་དོ་དམ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་གཏང་དགོས། 

   སྤྱི་ཟླ3ཚེས29ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན། ཁུལ་གཞུང་ལམ་འགྲིམ་འགྲུལ་ཉེན་མེད་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྥུང་ཧྥ་ཀུའེ་ཡིས་འགྲིམ་འགྲུལ་སྔོན་སྤེལ་འཐབ་ཇུས་དང་གཞུང་ལམ་འགྲིམ་འགྲུལ་ཉེན་མེད་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། འགྲིམ་འགྲུལ་སྔོན་སྤེལ་འཐབ་ཇུས་རྒྱུན་འཁྱོངས་ལྷོད་མེད་བྱེད་ཅིང་། འཕེལ་རྒྱས་དང་ཉེན་མེད་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། འགྲོ་འོང་ཐོགས་པ་མེད་པ་དང་ཕན་ཚུན་འབྲེལ་མཐུད་ཐུབ་པ། སྐོར་ལམ་དྲ་བ་ལྟར་ཆགས་པ།ཉེན་མེད་སྟབས་བདེ་ཡིན་པ། ཞབས་ཞུ་འཐུས་སྒོ་ཚང་བ་བཅས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་མགྱོགས་མྱུར་བསྐྲུན་ནས་དཀར་མཛེས་ཁུལ་སི་ཁྲོན་དང་ཡུན་ནན། བོད་ལྗོངས། མཚོ་སྔོན་བཅས་འབྲེལ་མཚམས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་སུ་བསྐྲུན་དགོས་ཞེས་ནན་གསུང་གནང་བ་རེད།།


  • ལེ་ཚན་སྔོན་མ།:མི་ཚེའི་སྙིང་པོ་ལ་བྱ་སྤྱོད་ཀྱིས་དཔེ་སྟོན་བྱས།། མཁའ་གྲོང་ལི་ཐང་དུ་བརྩེ་དུང་གི་བསྟོད་གླུ་ཕུལ།།
  • ལེ་ཚན་རྗེས་མ།:ཧྲེན་དབྱང་གིས་སློབ་འགོ་ཚུགས་པའི་མཛད་སྒོ་ཞིག་ཏུ་འདི་འདྲ་གསུངས།
  • དོ་སྣང་ཆེ་བའི་རྩོམ།