ཧྲེན་དབྱང་གིས་སློབ་འགོ་ཚུགས་པའི་མཛད་སྒོ་ཞིག་ཏུ་འདི་འདྲ་གསུངས།

ལྷ་འཛོམས་ཀྱིས་བསྒྱུར།        2022-04-02

    ཧྲེན་དབྱང་གིས་སློབ་འགོ་ཚུགས་པའི་མཛད་སྒོ་ཞིག་ཏུ་འདི་འདྲ་གསུངས།

    སྤྱི་ཟླ3ཚེས30ཉིན་ལ་ཁུལ་ཨུའི་ཏང་གི་སློབ་གྲྭའི(ཁུལ་སྲིད་འཛིན་སློབ་གླིང་)2022ལོའི་དཔྱིད་དུས་སློབ་འགོ་ཚུགས་པའི་མཛད་སྒོ་དེ་ཁུལ་ཨུའི་ཏང་གི་སློབ་གྲྭར་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་མཛད་སྒོར་ཞུགས་པ་དང་འབྲེལ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། “གཏན་འཁེལ་གཉིས་”བརྩི་སྲུང་མཐའ་གཅིག་ཏུ་བྱེད་པ་དང་“སྲུང་སྐྱོང་གཉིས་”མ་སྐུལ་དང་བླངས་ངང་ལག་ལེན་དུ་བསྟར་བ་ཞེས་པའི་ཆེད་དོན་ཟུར་ཁྲིད་སྙན་སེང་མཛད་པ་དང་། སློབ་སྦྱོང་གི་མྱོང་ཚོར་དང་བསམ་བློའི་ངོས་འཛིན་སྤེལ་རེས་མཛད་ཅིང་། ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ལས་བྱེད་པ་དར་གཞོན་ལ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་ཆུད་པ་དང་ཏང་ལ་བློ་སེམས་དཀར་བའི་ཆབ་སྲིད་ཀྱི་གཤིས་རྒྱུད་རང་རྟོགས་ངང་ཞུན་བརྡར་བྱེད་པ་དང་། སྲིད་སྒྲུབ་བྱས་རྗེས་འདུ་ཤེས་ཡང་དག་པ་བརྟན་པོར་བཅངས་ནས་འགན་འཁྲི་ལྕི་པོ་འཁུར་ཐུབ་པའི་རྐང་འཛིན་མི་སྣ་ཞིག་ཏུ་ཧུར་ཐག་འགྱུར་བར་བྱས་ཏེ་མཐུན་སྒྲིལ་དང་ཕྱུག་འབྱོར། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་མགྱོགས་སུ་གཏོང་བར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ལྕག་སྐུལ་གནང་བ་རེད།

    ཁུལ་ཨུའི་རྒྱུན་ཨུ། ཁུལ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་མ་ཁྲང་ཞིན་གྱིས་སློབ་འགོ་ཚུགས་པའི་མཛད་སྒོ་གཙོ་སྐྱོང་གནང་ཡོད།


  • ལེ་ཚན་སྔོན་མ།:ཧྥུང་ཧྥ་ཀུའེ་ཡིས་གྲོས་ཚོགས་གཉིས་གཙོ་སྐྱོང་གནང་ནས་འདི་འདྲ་གསུངས།
  • ལེ་ཚན་རྗེས་མ།:གསེར་རྟ་རྫོང་གིས་མེ་ཟོན་དྲིལ་བསྒྲགས་ཀྱི་ལས་ཀ་འདི་འདྲ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།