བྱ་སྤྱོད་འདི་རིགས་ལ་ནག་ཉེས་ཚབས་ཆེན་ལྟར་ཐག་གཅོད་བྱ་རྒྱུ་རེད།

    མི་དམངས་དྲ་བ།    2022-07-14

བྱ་སྤྱོད་འདི་རིགས་ལ་ནག་ཉེས་ཚབས་ཆེན་ལྟར་ཐག་གཅོད་བྱ་རྒྱུ་རེད།

     ཚེས་24ཉིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས“དུག་རྫས་རྣམ་པ་གསར་པའི་ནག་ཉེས་ལ་ཁྲིམས་ལྟར་ཉེས་གཅོད་བྱས་ནས། དུག་རྫས་གནད་དོན་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ”ཞེས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།
     ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་ཐིང་གཉིས་པའི་རིམ་པ་དང་པོའི་མཐོ་རིམ་ཞིབ་དཔྱོད་དཔོན་ཧོང་ཝུའེ་ཕིང་གིས་གསར་འགོད་པའི་དྲི་བར་ལེན་འདེབས་སྐབས། སྦྲིད་སྨན་དང་དབང་རྩའི་སྨན་རྫས་གང་བྱུང་དུ་སྤྱོད་པའི་ཉེས་གསོག་གྱོད་གཞིར་ཁྲིམས་གཅོད་ནན་པོ་བྱ་རྒྱུ་ཡིན་པ་དང་། ཁྲིམས་ནུས་ཐོན་པའི་བྱ་སྤྱོད་སྤེལ་མཁན་གྱིས་བཙན་གཡེམ་དང་འཕྲོག་བཅོམ་སོགས་ཀྱི་ཉེས་གསོག་བྱ་སྤྱོད་སྤེལ་ཆེད། མི་གཞན་ལ་སྦྲིད་སྨན་བླུག་པ་བདེན་དཔང་བྱེད་པའི་དཔང་རྟགས་ཡོད་ཚེ། བཙན་གཡེམ་དང་འཕྲོག་བཅོམ་སོགས་ནག་ཉེས་ཚབས་ཆེན་ལྟར་ཐག་གཅོད་བྱ་རྒྱུ། ལྷག་པར་དུ་ཉེས་གསོག་བྱ་སྤྱོད་སྤེལ་སྐབས་ཀྱི་ཡུལ་དུས་སོགས་ཞིབ་ཕྲའི་གནས་བབ་ལ་བསམ་གཞིགས་གང་ལེགས་བྱས་ནས། ཆགས་སྲེད་འབྲེལ་བ་དམིགས་ཡུལ་དུ་བྱས་ནས་སྦྲིད་སྨན་དང་དབང་རྩའི་སྨན་རྫས་བླུག་པ་དེ་བཙན་གཡེམ་ནག་ཉེས་སོགས་ནག་ཉེས་ཚབས་ཆེན་གྲུབ་པའི་ཆ་རྐྱེན་གལ་ཆེན་དང་མཐུན་ཚེ། བཙན་གཡེམ་ནག་ཉེས་སོགས་ཀྱི་ཉེས་གསོག་ལྟར་ཁྲིམས་སྦྱོར་བདའ་འདེད་བྱེད་དགོས་པ་ལས། ཚད་གཞི་བཅག་ནས་མི་གཞན་ལ་མགོ་སྐོར་བཏང་ནས་དུག་རྫས་འཐེན་དུ་བཅུག་པའི་ནག་ཉེས་ལྟར་ཐག་གཅོད་བྱེད་མི་ཆོག་ཅེས་བསྟན་ཡོད།

  • ལེ་ཚན་སྔོན་མ།:གོ་ལ་ཧྲིལ་པོའི་ཆུ་འོད་གསབ་རེས་གློག་ཁང་ཆེ་ཤོས་དེ་དཀར་མཛེས་ཁུལ་ཉག་ཆུ་རྫོང་དུ་བསྐྲུན།
  • ལེ་ཚན་རྗེས་མ།:སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་བཟའ་བཏུང་འབེལ་བའི་ཐུགས་སྨོན་གནང་།
  • དོ་སྣང་ཆེ་བའི་རྩོམ།