འཛམ་གླིང་གི་ཆུ་འོད་གསབ་རེས་ཀྱི་གློག་འདོན་ཁང་ཆེ་ཤོས་ཧོར་ར་འོད་ཤུགས་གློག་ཁང་དེ་ཉག་ཆུ་ཁར་སྐྲུན་འགོ་ཚུགས།

ལྷ་འཛོམས་ཀྱིས་བསྒྱུར།        2022-07-13

ཧྲེན་དབྱང་ཚོགས་འདུར་ཕེབས་པར་མ་ཟད་།ལས་འགོ་འཛུགས་པར་ཁྱབ་བསྒྲགས་གནང་། ཆི་ཉིང་ཁྲུན་དང་ཧྥུང་ཧྥ་ཀུའེ་ཚོགས་འདུར་ཕེབས་ཤིང་གསུང་བཤད་ཀྱང་གནང་།

འཛམ་གླིང་གི་ཆུ་འོད་གསབ་རེས་ཀྱི་གློག་འདོན་ཁང་ཆེ་ཤོས་ཧོར་ར་འོད་ཤུགས་གློག་ཁང་དེ་ཉག་ཆུ་ཁར་སྐྲུན་འགོ་ཚུགས།

སྤྱི་ཟླ7པའི་ཚེས8ཉིན་ལ་ཞིང་ཆེན་ཡོངས་ཀྱི་སྟོང་ཝ་ཁྲི་བརྒྱ་ལ་ཟིན་པའི་འོད་ཤུགས་གློག་ཁང་དང་འཛམ་གླིང་གི་ཆུ་འོད་གསབ་རེས་གློག་ཁང་ཆེ་ཤོས་ཏེ་ཉག་ཆུའི་ཆུ་གཉིས་མདོའི་ཆུ་ཤུགས་གློག་ཁང་བཅས་ཀྱི་ཆུ་འོད་གསབ་རེས་ཀྱི་དུས་ཐེངས་དང་པོའི་ལས་གཞི་དང་པོ་ཧོར་ར་འོད་ཤུགས་གློག་ཁང་དེ་ཉག་ཆུ་རྫོང་ཧོར་ར་ཡུལ་ཤོག་ཏུ་དངོས་སུ་སྐྲུན་འགོ་ཚུགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ཚོགས་འདུར་ཞུགས་ཤིང་ལས་འགོ་འཛུགས་པའི་ཁྱབ་བསྒྲགས་ཀྱང་གནང་། ཉག་ཆུའི་འབབ་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅི། རྐང་དཔོན་ཆི་ཉིང་ཁྲུན་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་བཅས་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཆི་ཉིང་ཁྲུན་གྱིས་ཉག་ཆུའི་ཆུ་གཉིས་མདོའི་ཆུ་ཤུགས་གློག་ཁང་ནི་ཉག་ཆུའི་ཆུ་ཤུགས་གློག་ཁང་གིས་ཉག་ཆུའི་བར་རྒྱུད་དུ་གསར་སྤེལ་བྱས་པའི་སྣེ་འདྲེན་ཆུ་མཛོད་གློག་ཁང་ཞིག་དང་སི་ཁྲོན་ཞིང་ཆེན་གྱི་ཆུ་མཛོད་ཤོང་ཚད་ཆེ་ཤོས་ཀྱི་ཆུ་མཛོད་གློག་ཁང་ཞིག་རེད། ཧོར་ར་འོད་ཤུགས་གློག་ཁང་ནི་ཆུ་གཉིས་མདོའི་ཆུ་ཤུགས་གློག་ཁང་གི་ཆུ་འོད་གསབ་རེས་ཀྱི་དུས་ཐེངས་དང་པོའི་ལས་གཞི་ཡིན་པ་དང་། གློག་ཁང་དེ་དཀར་མཛེས་ཁུལ་ཉག་ཆུ་རྫོང་ཧོར་ར་ཡུལ་ཤོག་ཏུ་གནས་པ་དང་། མཚོ་འཕགས་སྨི4000ནས4600བར་ལ་ཟིན་ཡོད། ཁྱོན་མ་དངུལ་སྒོར་དུང་ཕྱུར53ལྷག་ཙམ་གཏང་རྒྱུ་དང་། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་གཞི་ཁྱོན་སྟོང་ཝ་ཁྲི100ལ་ཟིན་པ་དང་ལོ་འཁོར་ཆུ་ཚོད1735སྤྱད་ཐུབ་ཅིང་། ལོ་རེར་ཆ་སྙོམས་གློག་གཏོང་ཚད་ཏུའུ་དུང་ཕྱུར20ལ་ཟིན་ཡོད། 2023ལོར་ཁྱོན་ཡོངས་ནས་གློག་གཏོང་ཐུབ་རྒྱུའི་འཆར་གཞི་ཡོད་པ་རེད། གློག་ཁང་བསྐྲུན་རྗེས་ལོ་ལྟར་བཏོན་པའི་གློག་གིས་ཚད་ལྡན་རྡོ་སོལ་ཏུན་ཁྲི60ལྷག་ཙམ་གྲོན་ཆུང་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་བྱེད་ཚད་ཏུན་ཁྲི160ལས་བརྒལ་རྒྱུ་ཉུང་དུ་གཏོང་ཐུབ། ལས་གཞི་འཛུགས་སྐྲུན་བྱེད་འགོ་བཙུགས་པ་དེས“ཐཱན་ཚད་ལོན་དང་ཐཱན་སྙོམས་འགྱུར”གྱི་དམིགས་འབེན་མངོན་འགྱུར་དང་། རྒྱལ་ཁབ་ཀྱི་ནུས་ཁུངས་གྲུབ་ཆ་ལེགས་སུ་གཏོང་བ།“འབྱུང་འཕྲོད་ཐཱན་ཉུང་དང་ཉེན་མེད་ནུས་ལྡན”བཅས་ཀྱི་དེང་རབས་ནུས་ཁུངས་མ་ལག་འཛུགས་པར་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཐུབ་རྒྱུ་རེད།

ཧྥུང་ཧྥ་ཀུའེ་ཡིས་བསྟན་དོན། ཉག་ཆུའི་ཧོར་ར་འོད་ཤུགས་གློག་ཁང་སྐྲུན་འགོ་ཚུགས་པ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་ཕེབས་ནས་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་ལག་ལེན་ཞིག་ཡིན་ལ།རང་ཁུལ་གྱི་རྒྱལ་ཁབ་ཀྱི་དྭངས་གཙང་ནུས་ཁུངས་རྟེན་གཞི་གལ་ཆེན་སྐྲུན་པའི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་གལ་ཆེན་ཞིག་ཀྱང་ཡིན། ཉག་ཆུ་རྫོང་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱིས་ཞབས་ཞུ་ཡག་པོ་མཁོ་འདོན་དང་། འགན་ལེན་ཡག་པོ་བྱེད་པ། ཁོར་ཡུག་ཡག་པོ་སྐྲུན་པ་བཅས་བྱ་དགོས་ཤིང་། ལས་གཞིའི་དོ་བདག་དང་། ཨར་ལས་སྡེ་ཚན། ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཀྱང་འགོ་འཛུགས་ས་མཐོ་བ་དང་།ཚད་གཞི་མཐོ་བ།སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་ལས་གཞི་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ཏེ་སྔ་ཙམ་ལས་མཇུག་འགྲིལ་བ་དང་།སྔ་ཙམ་ཐོན་སྐྱེད་བྱེད་འགོ་ཚུགས་པ།སྔ་ཙམ་ཕན་འབྲས་ཐོན་པ་བཅས་ཡོང་བར་འགན་ལེན་བྱ་དགོས། དེ་དང་ཆབས་ཅིག་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁེ་ལས་སྣ་ཚོགས་དཀར་མཛེས་ཁུལ་དུ་མ་འཇོག་དང་འཕེལ་རྒྱས་གཏོང་སར་ཡོང་བར་ལྷག་བསམ་ཟོལ་མེད་ངང་དགའ་བསུ་ཞུ་རྒྱུ་དང་།ལས་ཀ་ཡག་པོ་བྱེད་མཁན་དང་ལས་ཀ་མགྱོགས་པོ་བྱེད་མཁན་ཁེ་ལས་ལ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་དཀར་མཛེས་ཁུལ་གྱིས་རྒྱལ་ཡོངས་ཀྱི་དྭངས་གཙང་ནུས་ཁུངས་རྟེན་གཞི་བསྐྲུན་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏང་དགོས།

ཆུ་གློག་ཆུ་བེད་འཆར་འགོད་ཇུས་འགོད་སྤྱི་ཁྱབ་ཁང་གི་རྒྱུན་ལས་མགོ་གཙོ་གཞོན་པ་ལི་ཧྲེང་ཧྲེང་གིས་ཧོར་ར་འོད་ཤུགས་གློག་ཁང་གིས་འཛམ་གླིང་ཆུ་འོད་གསབ་རེས་གསར་སྤེལ་གྱི་གཞི་ཁྱོན་སྟོང་ཝ་ཁྲི་བརྒྱ་རིམ་པའི་བར་ཐོག་མར་སྤར་བ་དང་། དཔེ་སྟོན་ཕན་འབྲས་ཧ་ཅང་ཡག་པོ་ཡོད་པས། དྭངས་གཙང་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གཞི་ཁྱོན་ཆེན་པོས་གཅིག་སྡུད་གསར་སྤེལ་བྱེད་པའི་དཔེ་མཚོན་གཏོད་ཐུབ་རྒྱུ་རེད་ཅེས་བཤད་པ་རེད།། 



  • ལེ་ཚན་སྔོན་མ།:རང་འཁྲིའི་ལས་འགན་ནན་སྒྲུབ་བྱེད།།དམངས་ཀྱི་དོན་དུ་འགན་འཁྲི་སྒྲུབ།།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་གཉིས་སྐྱུང་སྲིད་ཇུས་དོན་འཁྱོལ་བྱས།
  • དོ་སྣང་ཆེ་བའི་རྩོམ།