ཕྱོགས་གཅིག་ལ་ཤུགས་མཉམ་འདོན་དང་སྣ་མང་བྱ་ཐབས་མཉམ་བཟུང་གིས་ལས་ཞུགས་གནས་བབ་ལེགས་སུ་བཏང་བ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2022-07-21

   མི་ཤུགས་ཐོན་ཁུངས་དང་སྤྱི་ཚོག་འགན་སྲུང་པུའི་གྲངས་གཞི་ལྟར་ན། ད་ལོའི་ཟླ་བ་1ནས་6བར། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་གསར་སྣོན་ལས་ཞུགས་མི་ས་ཡ་དྲུག་དང་ལྔ་འབུམ་བཞི་ཁྲི་ཐུབ་ནས་ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་གྱི་བརྒྱ་ཆ་59ལེགས་འགྲུབ་བྱུང་ཡོད། དཔལ་འབྱོབ་བརྟན་གཏོང་གི་སྲིད་ཇུས་བྱ་ཐབས་དོན་འཁྱོལ་བྱུང་བ་དང་བསྟུན་ནས་ཕྱོགས་ཁག་གིས་ལས་ཞུགས་ལ་གཞིགས་ནས་ཤུགས་མཉམ་འདོན་དང་བྱ་ཐབས་མང་པོ་མཉམ་དུ་བཟུང་པས་ལས་ཞུགས་གནས་བབ་སྤྱིའི་ཆ་ནས་ལེགས་སུ་སོང་ཡོད་པ་རེད།

ཧོ་ནན་ཞིང་ཆེན་ཀྲེང་ཀྲའུ་གྲོང་ཁྱེར་གྱིས་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་བརྟེན་ཏེ་ཁེ་ལས་ཀྱི་འཁུར་པོ་ཡང་གཏོང་དང་དུས་མཚུངས་སུ་ལས་ཞུགས་འཕར་སྣོན་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། ཀྲེང་ཀྲའུ་སྐྱེ་དངོས་ལས་གྲྭའི་ཀུང་སི་ཞིག་གི་འབྲེལ་ཡོད་འགན་འཁུར་བ་ལེའུ་ཝུའེ་ཡིས། ད་ལོའི་སློབ་ཐོན་དུས་སུ། ཀུང་སི་དེས་ལོ་དེ་གའི་སློབ་ཐོན་སློབ་མ་220བསྡུས་པ་དང་། མི་ལྔ་བཅུ་ལས་བརྒལ་བས་ཁ་གསབ་ཚད་གཞི་ཀྱང་དེ་ལྟར་མི་རེར་སྒོར་3000བར་མཐོ་རུ་སོང་ཡོད་ཅེས་གསུངས་ཡོད།

   ས་གནས་ཁག་གིས་དྲ་ཐོག་དྲ་གཤམ་གྱི་ལས་ཞུགས་མི་བསྡུའི་བྱེད་སྒོ་སྤེལ་ཏེ་མཁོ་སྤྲོད་ཕྱོགས་གཉིས་སྦྲེལ་མཐུད་ཐུབ་པ་བྱས་ཡོད། ཀྲེ་ཅང་ཞིང་ཆེན་ཆུས་ཀྲའུ་གྲོང་ཁྱེར་ཆུས་ཅང་ཁུལ་ལས་ཞུགས་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཅང་ཧྲུའེ་ཤན་གྱིས། གྲོང་མིའི་ལས་ཞུགས་ཀྱི་མདུན་པར་དམིགས་ཏེ་གློག་རྡུལ་གནོན་དྲ་ཐོག་ཐད་གཏོང་དང་། གྲོང་གསེབ་ཏུ་ཕྱིར་ལོག་གིས་མཉམ་ལས་ཁང་ནང་ཞུགས་པ་དང་བྱ་གཞག་གཏོད་པ་སོགས་རྣམ་པ་འདྲ་མིན་གྱི་ལས་གཏོད་དང་ལས་རིགས་གསོ་སྦྱོང་བྱས་ཡོད། དུས་མཚུངས་སུ་ས་གནས་དེས་ད་དུང་དྲ་ཐོག་དང་དྲ་གཤམ་གྱི་བྱ་ཐབས་བརྒྱུད་མི་བསྡུའི་ཐབས་ལམ་རྒྱ་བསྐྱེད་དང་ལས་ཞུགས་ཀྱི་དགོས་མཁོ་སྔོག་འདོན་གང་ལེགས་བྱས་ཡོད་ཅེས་གསུངས་ཡོད་པ་རེད།

  • ལེ་ཚན་སྔོན་མ།:མ་བཟང་བུ་མོ་བདེ་ཆེན་དབྱངས་མཚོར་མངོན་པར་བསྟོད།
  • ལེ་ཚན་རྗེས་མ།:“བརྒྱད་གཅིག”རིང་གི་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ།
  • དོ་སྣང་ཆེ་བའི་རྩོམ།