“བརྒྱད་གཅིག”རིང་གི་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2022-07-21

   དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་པུའུ་དང་། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ། རྒྱལ་ཡོངས་གཉིས་བཀུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག“བརྒྱད་གཅིག”རིང་གི་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ།

   དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་པུའུ་དང་། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ། རྒྱལ་ཡོངས་གཉིས་བཀུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་སྟེ་ས་གནས་ཁག་དང་དཔུང་སྡེ་ཁག་ལ“བརྒྱད་གཅིག”རིང་གི་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པ་དང་། ས་གནས་ཁག་དང་སྡེ་ཁག་ཁག་གིས་བཅའ་སྡོད་དམག་དཔུང་གི་དོན་དངོས་གནད་དོན་རང་འགུལ་ངང་ཤེས་རྟོགས་བྱས་ནས་དུས་ཐོག་ཏུ་ཞིབ་འཇུག་དང་གཏན་འབེབས་བྱས་ཏེ་ཐག་གཅོད་བྱེད་རོགས་བྱ་དགོས། རྒྱུན་གཏན་གྱིས“མཐའ་མཚམས་དང་མཚོ་ཐོག་འགོག་སྲུང་དཔོན་དམག་ལ་བརྩེ་སེམས་བཅངས”ཞེས་པའི་དམག་བཀུར་ཁྱིམ་སྐྱོང་བྱེད་སྒོ་དང་ཆེད་དོན་འཚམས་འདྲི་བྱས་ནས་སྤྱི་ཚོགས་ལས་རིགས་ཁག་གིས་དཔོན་དམག་ལ་སེམས་ཁུར་དང་གཅེས་སྐྱོང་བྱ་རྒྱུའི་སྐུལ་སློང་བྱེད་པ། དམག་མིའི་ཁྱིམ་མིའི་ཐེམ་ཐོ་ཐག་གཅོད་དང་། ལས་ཞུགས་བཀོད་སྒྲིག བུ་ཕྲུག་སློབ་གྲྭ་བསྒྱུར་བ་སོགས་གཟིགས་སྐྱོང་ལས་དོན་ཁག་གཅིག་བསྒྲུབ་དགོས། དཔུང་སྡེ་ཁག་གིས་ཐག་ཉེ་ས་དང་སྟབས་བདེ་ས་ནས་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་དང་། མི་ཧྲེང་རྒན་རྒོན། གཞིས་ལུས་བྱིས་པ་སོགས་དཀའ་ངལ་ཡོད་པའི་མི་ཚོགས་ལ་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་ནས་དཔུང་སྡེའི་གནས་གཏན་འཁེལ་གྱི་རོགས་སྐྱོར་གྲོང་ཚོའི་དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་མུ་མཐུད་བརྟན་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

  • ལེ་ཚན་སྔོན་མ།:ཕྱོགས་གཅིག་ལ་ཤུགས་མཉམ་འདོན་དང་སྣ་མང་བྱ་ཐབས་མཉམ་བཟུང་གིས་ལས་ཞུགས་གནས་བབ་ལེགས་སུ་བཏང་བ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་འཛམ་གླིང་གི་གཞོན་ནུ་འཕེལ་རྒྱས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།
  • དོ་སྣང་ཆེ་བའི་རྩོམ།