དཔལ་ཡུལ་རྫོང་སྒ་རྗེ་གྲོང་རྡལ་ལ་གཡས་པ་ཐང་ཆུ་གློག་ས་ཚུགས་བསྐྲུན་ནས་སྔར་མེད་ཀྱི་འགྱུར་ལྡོག་གསར་པ་བྱུང་།

    ཀུན་དགའ་དང་རྟ་མགྲིན་གྱིས་བསྒྱུར།    2022-07-20

དཔལ་ཡུལ་རྫོང་སྒ་རྗེ་གྲོང་རྡལ་ལ་གཡས་པ་ཐང་ཆུ་གློག་ས་ཚུགས་བསྐྲུན་ནས་སྔར་མེད་ཀྱི་འགྱུར་ལྡོག་གསར་པ་བྱུང་།སྒ་རྗེ་གྲོང་རྡལ་གྱི་གནས་སྤོས་གྲོང་གསར།

འབྲི་ཆུའི་ངོགས་གཉིས་ཀྱི་གྲོང་སྡེར་སྔོ་ལྗང་གི་གཤིན་ས་རབ་ཏུ་རྒྱས་པས་བདེ་སྐྱིད་ཀྱི་དཔལ་ལ་རོལ། ཉེ་ཆར། གསར་འགོད་པ་འབྲི་ཆུའི་ངོགས་ཀྱི་དཔལ་ཡུལ་རྫོང་སྒ་རྗེ་གྲོང་རྡལ་གཡས་པ་ཐང་ཆུ་གློག་ས་ཚུགས་ཀྱི་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དུ་བསྐྱོད་སྐབས། སྟར་ཕྲེང་འགྲིག་པའི་ཁང་པ་ཡོད་པ་དང་གྲོང་མི་ཚོས་ཇ་བཏུང་རྗེས་ཁྱིམ་ནས་ཕྱིར་བུད་དེ་གཙང་འགྲམ་དང་ཡང་ན་ཐང་ཆེན་གྱི་སྤང་དུ་འཛོམས་ནས་སྤྲོ་གསེང་དང་རོལ་རྩེད། གླེང་མོལ་བཅས་བྱས་ཏེ་དགའ་སྐྱིད་ཀྱི་འཚོ་བ་གསར་པར་བསྔགས་བརྗོད་བྱེད་བཞིན་ཡོད་པ་མིག་ལམ་དུ་མངོན།

འབྲི་ཆུའི་རྒྱུད་ནས་ནུབ་ཕྱོགས་སུ་བསྐྱོད་སྐབས། ཆུ་གློག་ས་ཚུགས་ཀྱི་གནས་སྤོ་བཀོད་སྒྲིག་བྱ་ཡུལ་རེ་རེ་བཞིན་གཙང་རྒྱུད་དུ་བསྐྲུན་ཡོད་པ་མཐོང་ཐུབ། གསར་དུ་བསྐྲུན་པའི་བཀོད་སྒྲིག་བྱ་ཡུལ་གྱིས་འབྲི་ཆུའི་ཆུ་བེད་ཐོན་ཁུངས་དང་མཛེས་ལྗོངས་ཆ་རྐྱེན་བེད་སྤྱོད་གང་ལེགས་བྱས་ནས་རི་གཙང་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་སྐྱེ་ཁམས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ། ཡུལ་སྐོར་རིག་གནས་ཐོན་ལས་ཡུན་རིང་འཕེལ་རྒྱས་དང་དུས་ཐུང་ལས་མིའི་ལས་ཞུགས་ཕན་ཚུན་ཟུང་འབྲེལ་བྱས་ནས་ལས་རིགས་གཙོ་བོ་མངོན་གསལ་དོད་པ་དང་དུས་ཐོག་ཏུ་ཆུ་གློག་གནས་སྤོའི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཆར་འགོད་བྱས་ཡོད་པ་རེད།

གནས་སྤོས་ནས་གནམ་ས་བླ་འོག་ཏུ་བསྒྱུར་འདྲའི་འགྱུར་ལྡོག་ཆེན་པོ་བྱུང་།

སྒོ་འགྲམ་གྱི་ཡངས་ཤིང་རྒྱ་ཆེ་བའི་གཞུང་ལམ་གཡས་གཡོན་སྔོ་ལྗང་སྤང་གིས་ཁེབས་ཤིང་། ཕྱིར་བུད་ནས་སྐར་མ་ཁ་ཤས་སོང་ཚེ་ཁྲོམ་གཞུང་གཙོ་བོར་སླེབས་པ་རེད། ཁྲོམ་དུ་བསྐྱོད་པའམ་ཅ་དངོས་ཉོ་དགོས་ཚེ་ཧ་ཅང་སྟབས་བདེར་ཡོད། སྤྲོ་གསེང་རོལ་རྩེད་ཀྱི་ཐང་ཆེན་དུ་མེ་ཏོག་དང་རྩི་ཤིང་སྣ་ཚོགས་ཀྱིས་བརྒྱན་ནས་ཚོན་མདངས་རྣམ་པར་བཀྲ་ཞིང་། ཐང་ཆེན་ནང་དུ་མི་རྣམས་ངལ་གསོ་དང་རོལ་རྩེད་བྱེད་པའི་རྨང་གཞིའི་སྒྲིག་བཀོད་ཀྱང་ཆ་ཚང་འདུག།

དཔལ་ཡུལ་རྫོང་སྒ་རྗེ་གྲོང་རྡལ་སོག་རི་གྲོང་སྡེའི་གནས་སྤོས་བཀོད་སྒྲིག་བྱ་ཡུལ་གྱི་བློ་དགས་ད་ལྟའི་འཚོ་བའི་ཆ་རྐྱེན་སྔོན་མ་ལས་ཇེ་ཡག་ཏུ་ཕྱིན་པ་དང་འགྲིམ་འགྲུལ་ཡང་སྟབས་བདེ་ཡིན། སྡོད་གནས་ཀྱི་ཁོར་ཡུག་དེ་བས་མཛེས་སྡུག་ལྡན་པ་བཅས་ཡོད། བསམ་ཡུལ་ལས་འདས་པ་ཞིག་ལ་ངས་ད་དུང་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བ་སྐྱེལ་ཐུབ་ཀྱི་འདུག་ཅེས་བཤད་པ་དང་། དེ་སྔོན་གྱི་སྡོད་གནས་རི་སྐེད་དུ་ཆགས་ཡོད་ཅིང་། གྲོང་ནང་གི་ཁྲོམ་ལམ་ཆར་ཆུ་མ་འབབ་ཚེ་ལུས་གང་བོ་ཐལ་རྡུལ་གྱིས་ཁེངས་འགྲོ་ལ། ཆར་འབབ་ཚེ་ལུས་ཡོངས་རྫོགས་འདམ་གྱིས་བརླན་པས་འགྲིམ་འགྲུལ་ཁོར་ཡུག་ཧ་ཅང་ཐབས་སྡུག་ཡིན། སྡོད་ཁང་ནི་ས་ཤིང་ལས་གྲུབ་པ་ཡིན་པས་ཆར་ཆུ་མོད་སྐབས་དེར་ཞོག་གསོ་བྱས་ནས་ཆར་ཆུ་དགག་དགོས། དེ་སྔོན་སྨན་པ་བསྟེན་པར་གྲོང་རྡལ་དང་བར་ཐག་ཅུང་རིང་བས་དུས་ཡུན་ཉིན་ཕྱེད་ཙམ་འགོར་གྱི་ཡོད་མོད། ད་ཆ་ཕྱིར་བུད་ནས་རྐང་ཐང་དུ་སྐར་མ་བཅུ་ཙམ་བསྐྱོད་ཚེ་གྲོང་རྡལ་འཕྲོད་བསྟེན་ཁང་དུ་སླེབས་ཀྱི་ཡོད་པས་ཧ་ཅང་སྟབས་བདེ་པོ་འདུག་ཅེས་བཤད།

ཡངས་ཤིང་རྒྱ་ཆེ་བའི་ཨར་ལམ་སྒོ་རྩར་སླེབས་པ་དང་ཐོག་བརྩེགས་གསུམ་ཡོད་པའི་ཁང་པའི་རྒྱབ་མདུན་ཀུན་དུ་སྔོ་ལྗང་གི་སྤང་དང་ལྗོན་པས་བསྐོར་ཡོད་ལ་སྒོ་ར་གཙང་ཞིང་ཁྱིམ་དུ་ཁྱིམ་སྤྱོད་གློག་ཆས་ཆ་ཚང་ཡོད། བུ་མོ་དང་མག་པས་གྲོང་རྡལ་དེའི་ནང་ལས་ཀ་རག་ཡོད། བློ་དགའ་བཟའ་ཟླ་གཉིས་ཀྱི་ལས་འགན་གཙོ་བོ་ནི་ཚ་བོ་འཁྲིད་རྒྱུ་དང་ཚེ་མཇུག་གི་འཚོ་བ་བདེ་སྐྱིད་ལྡན་པའི་ངང་བསྐྱལ་རྒྱུ་དེ་རེད།

དེ་སྔ་གཏན་འཇགས་ཀྱི་ལས་ཀ་མེད་པས་གང་སར་ལས་ཀ་འཚོར་བར་འགྲོ་དགོས་མོད་ད་ཆ་གཏན་འཇགས་ཀྱི་ལས་ཀ་ཡོད། ང་ནི་ཐེངས་དང་པོ་འདི་འདྲའི་ཁེ་ལས་ཆེན་པོའི་ནང་དུ་ལས་ཞུགས་ཐུབ་པ་ཡིན་པས། གྲོང་མི་རྣམས་ཀྱིས་ང་ལ་ཡིད་སྨོན་བྱེད་ཀྱི་འདུག། དཔལ་ཡུལ་རྫོང་སྒ་རྗེ་གྲོང་རྡལ་སུའུ་རི་གྲོང་སྡེའི་གྲོང་མི་ཨ་ཚང་གིས་གསར་འགོད་པར། རང་ཉིད་གཡས་པ་ཐང་ཆུ་གློག་ས་ཚུགས་དུ་རྐོ་འདྲུའི་འཕྲུལ་འཁོར་གྱི་ཁ་ལོ་བ་བྱེད་ཀྱི་ཡོད་པས་ཡོང་འབབ་འབེལ་པོ་ཡོད་ལ་ནང་མི་རྣམས་རྫོང་གྲོང་གི་ཁང་པ་ཡག་པོའི་ནང་སྡོད་ཐུབ་པ་བྱུང་བར་མ་ཟད། འཚོ་བ་སྔར་ལས་སྟབས་བདེ་དང་བདེ་སྐྱིད་ལྡན་པ་བྱུང་ཞེས་བཤད།

ཨ་ཚང་དང་འདྲ་བར་གྲོང་མི་མི་ཉུང་བ་ཞིག་གིས་ཆུ་གློག་ས་ཚུགས་བསྐྲུན་པའི་དབང་གིས་བརྟན་ལྷིང་གི་ལས་ཀ་རྙེད་ཡོད། གཡས་པ་ཐང་ཆུ་གློག་ས་ཚུགས་བསྐྲུན་པས་ས་གནས་དེ་གའི་མི་སེར་ལས་ཞུགས་ཐུབ་པར་སྐུལ་མ་ཐེབས་པར་མ་ཟད། ས་གནས་དེ་གའི་ཐོན་ལས་འཕེལ་རྒྱས་དང་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པའི་སྒུལ་ཤུགས་ཤིག་ཏུ་གྱུར་ཡོད། གཡས་པ་ཐང་ཆུ་གློག་ས་ཚུགས་བསྐྲུན་རྒྱུར་གཞོགས་འདེགས་བྱས་ནས་འབའ་ཐང་རྫོང་དང་དཔལ་ཡུལ་རྫོང་བར་གྱི་འབྲེལ་མཐུད་གཞུང་ལམ་འབའ་དཔལ་གཞུང་ལམ་སྤྱི་ལེ84.5ལ་ཟིན་པ་རྒྱས་སྐྲུན་བྱས་ཤིང་། དེ་སྔ་སྒ་རྗེ་གྲོང་རྡལ་ནས་འབའ་ཐང་རྫོང་བར་མཐོ་ཚད་སྨི4500ཡོད་པའི་རི་བོ་བརྒལ་དགོས་པ་དང་ཆུ་ཚོད5ལྷག་ཙམ་འགོར་གྱི་ཡོད། ད་ཆ་འགྲོ་སྐྱོད་ཆུ་ཚོད2ཐུང་དུ་ཕྱིན་ནས་ས་གནས་དེ་གའི་མང་ཚོགས3000ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།

གྲོང་མིའི་འཚོ་བ་ལེགས་སུ་གཏོང་བའི་ལམ་ཡོད་པའི་ཁར་ད་དུང་གློག་ཀྱང་ཡོད། དེ་སྔ་ཁྱིམ་གྱི་གློག་ཏོག་ལ་གློག་ཤུགས་མེད་རྐྱེན་དུས་རྒྱུན་ཆད་འགྲོ་ལ་ལྷག་པར་དུ་དགུན་དུས་སུ་གྲོང་སྡེ་རྣམས་ཀྱིས་རེས་མོས་ངང་གློག་སྤྱད་དགོས་ཀྱི་ཡོད།དེ་སྔོན་དཀར་མེ་སྒྲོན་པའི་ལོ་ཟླར་ཕྱིར་དྲན་བྱེད་སྐབས་ཆིང་པེ་ལ་ཚོར་བ་ཟབ་མོ་སྐྱེས་ནས་ད་ཆར་གློག་དྲྭ་བསྐྲུན་པས་ཁྱིམ་ཚང་ཚང་མས་གློག་སྤྱད་རྒྱུར་སེམས་ཁྲལ་བྱ་དགོས་ཀྱི་མེད། གློག་སྒྲོན་གསལ་པོ་ཡོད་ཚེ་གཞི་ནས་ཁྱིམ་གཞིས་ཀྱི་ཚོར་སྣང་འདུག་ཅེས་བཤད།

དཔལ་ཡུལ་རྫོང་སྒ་རྗེ་གྲོང་རྡལ་ལ་གཡས་པ་ཐང་ཆུ་གློག་ས་ཚུགས་བསྐྲུན་ནས་སྔར་མེད་ཀྱི་འགྱུར་ལྡོག་གསར་པ་བྱུང་།ཆོས་དཔལ་གྱིས(གཡས)གནས་སྤོས་ཡུལ་མིའི་བོགས་གཏོང་ཟ་ཁང་དུ་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པའི་ཚུལ།

བསམ་ཕྱོགས་གསར་པ་བཏོད་ནས་ཕྱུག་འབྱོར་གྱི་རྨང་གཞི་བཏིང་།

རི་ཆུའི་བཀོད་པའི་མཛེས་ལྗོངས་ཀྱི་བར་གསེང་ན་བཞེངས་པའི་ཁང་པ་དག་གཅིག་ལས་གཅིག་མཛེས་ཤིང་། ཐག་མི་རིང་བའི་ཐང་ཆེན་དུ་རྒན་རྒོན་དང་ཕྲུ་གུ་ཚོའི་དགོད་སྒྲས་ཁེངས་ཡོད། སོག་རི་གྲོང་སྡེའི་ཡུལ་མི་ལྷ་འབུམ་གྱིས་རང་ཁྱིམ་གྱི་ཉི་ཁྱམས་ཐོག་ནས་བཀོད་སྒྲིག་བྱ་ཡུལ་གྱི་མཛེས་ལྗོངས་ལ་ལྟ་བཞིན་ཡོད་པས། གསར་དུ་བསྐྲུན་པའི་འཚོ་བའི་ཁོར་ཡུག་དེ་ལས་མི་ཚོའི་མིག་དབང་འཕྲོག་ལ་ཡིད་དབང་སྒུལ་ཐུབ་པས་ལྟ་བས་ཆོག་མི་ཤེས་པར་གྱུར།

དེ་སྔ་ལྷ་འབུམ་གྱི་ཁྱིམ་ནི་སྒ་རྗེ་གྲོང་རྡལ་དང་བར་ཐག་སྤྱི་ལེ20ལྷག་ཙམ་ཡོད་པའི་རི་སྟེང་དུ་གནས་ཡོད་ཅིང་། སྐབས་དེར། གྲོག་རོང་དུ་ཆགས་པའི་རྙིང་རལ་ཁང་བ་དུ་རྒན་རྒོན་ནད་ཅན་གཉིས་དང་བུ་ཕྲུག་གཉིས་བསྐྱང་དགོས་ཤིང་། འདི་ལྟར་ཁོང་བཟའ་ཟླ་གཉིས་པོར་འཚོ་བ་དང་གང་ཅིའི་ཐད་ནས་དཀའ་ལས་ཆེན་པོ་འཕྲད་ཡོད།

སྐབས་དེ་དུས་ནང་མི་བདེ་ཐང་དང་ལྟོ་བ་འགྲངས་ན་བློ་ཡིད་ཚིམས་ནས་སྡོད་ཀྱི་ཡོད། ཐོག་སོ་ཅན་གྱི་ཁང་བའི་ནང་བསྡད་རྒྱུ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། ཁྱིམ་གྱི་འཁོས་སྟོབས་ཆུང་བའི་དབང་གིས་ལྷ་འབུམ་རྒྱུན་དུ་ཕ་ཡུལ་ནས་ཐོན་ཏེ་བོད་ལྗོངས་དང་མཚོ་སྔོན་སོགས་ཐག་རིང་ས་ཆར་གླ་པར་བསྐྱོད་པ་དང་།བཟའ་ཟླས་ཁྱིམ་དུ་ས་ཞིང་བདག་གཉེར་དང་རྒན་རྒོན་བུ་ཕྲུ་ཚོར་ལྟ་རྟོག་བྱས་ནས་བསྡད་ཡོད།

2019ལོར་གཡས་པ་ཐང་ཆུ་གློག་ས་ཚུགས་སྐྲུན་སྐབས།ལྷ་འབུམ་གྱིས་དཔལ་ཡུལ་རྫོང་སྒ་རྗེ་གྲོང་རྡལ་འགྲམ་རྒྱུད་དུ་ཡུལ་མི་གནས་སྤོས་ཀྱི་གནས་ཚུལ་ལ་གཞིགས་ནས། ཁོང་དང་གྲོང་སྡེའི་གནས་སྤོས་ཡུལ་མི་ཚོས་མཉམ་དུ་ཁང་པ་བོགས་གཏོང་དང་ཟ་ཁང་མགྲོན་ཁང་སོགས་གཉེར་ནས་ཚོང་ལས་བྱེད་བཞིན་ཡོད།

ལྷ་འབུམ་གྱིས་ངས་ཐོག་མར་ཟ་ཁང་འཛུགས་དུས། གང་ཅིའི་ཐད་ནས་བསམ་བློ་གང་མང་བཏང་མྱོང་། མཐར་འདིར་ཆུ་གློག་ས་ཚུགས་བསྐྲུན་རྒྱུ་ཡིན་པས་བཟོ་པ་མང་བ་དང་། དེའི་ཐོག་རང་ལ་ལག་རྩལ་ཅུང་ཡོད་ལ་ཁྱིམ་མི་ཀྱང་རོགས་རམ་ལ་ཡོང་ཆོག་རྒྱུ་རེད་བསམས་ནས་ཟ་ཁང་དེ་སྒོ་ཕྱེ་བ་ཡིན། གལ་སྲིད་གཡས་པ་ཐང་ཆུ་གློག་ས་ཚུགས་ཀྱི་གནས་སྤོས་ཡུལ་མིའི་ལས་གཞི་འདི་མེད་ན་ང་ལའང་ཚོང་ཁང་འཛུགས་རྒྱུའི་གོ་སྐབས་ཡོང་མི་སྲིད། དེང་སང་གླ་པ་བྱེད་པ་ལས་ཡག་འདུག། ཉིན་ལྟར་ཉུང་མཐར་ཡང་ཡོང་འབབ་སྒོར་ཉིས་བརྒྱ་སུམ་བརྒྱ་ཙམ་ཡོང་གི་འདུག་ཅེས་བཤད།

རི་ཁྲོད་དུ་ལོ40ཙམ་འཚོ་བ་བསྐྱལ་བའི་སོག་རི་གྲོང་སྡེའི་ཡུལ་མི་བཀྲ་ཤིས་ཉི་མའི་ངོས་ནས་བརྗོད་ན།གཅིག་ནས་ལག་རྩལ་མེད་པ་དང་གཉིས་ནས་ལག་ཁྱེར་མེད་པར་གནས་སྤོ་བྱས་རྗེས་ཇི་ལྟར་བྱས་ནས་ཁང་གསར་དེ་ཁྱིམ་ཚང་གསར་པར་འགྱུར་རྒྱུའི་ཐད་ནས་དཀའ་གནད་འཕྲད་ཡོད།

དེ་རྗེས་སྲིད་གཞུང་གིས་ཇུས་འདོན་གནད་སྨིན་བྱས་པར་བརྒྱུད།བཀྲ་ཤིས་ཉི་མ་དང་གྲོང་མི་ཚོས་དཔལ་ཡུལ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་གཉེར་བའི་ལས་ཞུགས་རྩལ་ནུས་གསོ་སྦྱོང་ནང་ཞུགས་མཐར་བདེ་བླག་ངང་གྲོང་རྡལ་དེའི་མགྲོན་ཁང་ཞིག་ཏུ་ལས་ཀ་རག་ནས་ཟླ་རེར་ཡོང་འབབ་སྒོར3000ཙམ་རག་བཞིན་ཡོད།

གནས་སྤོའི་མང་ཚོགས་ཡོང་ཀྱི་འཚོ་བ་ཡག་པོ་སྐྱེལ་ཐུབ་ཆེད།དཔལ་ཡུལ་རྫོང་གིས་དུས་བཀག་ལྟར་གནས་སྤོའི་མང་ཚོགས་ལ་ལས་ཞུགས་རྩལ་ནུས་གསོ་སྦྱོང་བྱས་ནས་གནས་སྤོས་མང་ཚོགས་ལ་རོགས་སྐྱོར་གནད་འཁེལ་བྱས་པ་རེད།།

ལས་ཞུགས་ལ་བསྐུལ་ནས་ཕུགས་འདུན་གསར་པ་གཉེར།

ལས་ལ་བརྩོན་ན་གཞི་ནས་བདེ་བར་གནས་ཐུབ། བཀྲ་ཤིས་ཚེ་རིང་གིས་རང་ཁྱིམ་གྱི་གསར་དུ་བརྒྱབ་པའི་མགྲོན་ཁང་དུ་ཇ་འཐུང་ཞོར་མཚམས་རེར་འགྲུལ་བ་དང་ཁ་བརྡ་ལབ་བཞིན་ཡོད། ཁོང་གིས་ཆུ་གློག་ས་ཚུགས་བསྐྲུན་རྗེས་ངའི་འཚོ་བར་འགྱུར་ལྡོག་ཆེན་པོ་ཐེབས་བྱུང་།ཉེ་འགྲམ་གྱི་སྒོ་རྩིས་ཚོང་ཁང་དེའང་ངས་བཙུགས་པ་ཡིན། ལས་གྲྭ་གྲུབ་པའི་ཉིན་དེར་མི་ཚོས་འཚང་ཁ་ཤིག་ཤིག་ངང་བོགས་མར་ལེན་གྱི་འདུག། ད་ཆ་ངས་གཙོ་བོར་རང་ཁྱིམ་གྱི་མགྲོན་ཁང་གཉེར་བཞིན་ཡོད། 2019ལོར་གནས་སྤོས་ཡུལ་མིའི་བཀོད་སྒྲིག་བྱ་ཡུལ་དུ་སྤོས་ནས་གྲོང་ཁྱེར་དང་གྲོང་རྡལ་ལྟ་བུའི་འཚོ་བ་སྐྱེལ་གྱི་ཡོད།དེ་སྔ་ངའི་ནང་མི་ཚོས་རི་སྟེང་དུ་དབྱར་རྩྭ་དགུན་འབུ་དང་ཤ་མོ་འཐུ་བར་བརྟེན་ནས་ཡོང་འབབ་གསོག་གི་ཡོད་པས་ལོ་ལྟར་ཡོང་འབབ་སྒོར་ཁྲི་གཅིག་གཉིས་ཙམ་ལས་རག་གི་མེད། ད་ཆ་གནས་སྤོས་བྱ་ཡུལ་དུ་སྤོས་རྗེས་ཉུང་མཐར་ཡང་སྔར་ལས་ཡོང་འབབ་ལྡབ་བཅུ་ཕྲག་ཁ་ཤས་འཕར་འདུག་ཅེས་བཤད།

གནས་སྤོས་ཡུལ་མིའི་སྡོད་ཁང་བཀོད་སྒྲིག་བྱས་རྗེས་གྲོང་མི་མང་པོ་ཞིག་གིས་གཡས་པ་ཐང་ཆུ་གློག་ས་ཚུགས་སྐྲུན་པའི་མི་ཚོགས་ཁྲོད་ནས་མགྲོན་ཁང་དང་།སྒོ་རྩིས་ཚོང་ཁང་།དྲྭ་ཁང་སོགས་བཙུགས་ཏེ་ལོ་གཅིག་རིང་ཉུང་མཐར་ཡང་ཡོང་འབབ་སྒོར་ཁྲི་ཡན་ལ་ཟིན་པ་དང་མང་ཆེ་བར་སྒོར་ཁྲི་བཅུ་ཕྲག་ཁ་ཤས་ལ་ཟིན་གྱི་ཡོད།

ཚེ་གཡང་གིས་ཁང་པ་བོགས་མར་གཏོང་བར་མ་ཟད།སྣེ་ལེན་གཉེར་སྐྱོང་ཡང་བྱེད་ཀྱི་ཡོད།ལོའི་ཡོང་འབབ་སྒོར་ཁྲི20ཡན་ལ་ཟིན་གྱི་ཡོད།ཁོ་ཚང་གྲོང་རྡལ་དུ་གཞིས་ཆགས་རྗེས་སྨན་པར་བསྟེན་པ་དང་སློབ་གྲྭར་སྐྱོད་པ་སོགས་གང་ཅིའི་ཐད་སྟབས་བདེ་བ་དང་ཚོང་རྒྱག་པར་ཡང་ལེགས་ཆ་ལྡན་ཡོད།དེ་ནི་མ་སྤོས་གོང་བསམ་ཡུལ་ལས་འདས་པའི་བྱ་བ་ཞིག་རེད་ཅེས་བཤད།

སོག་རི་གྲོང་སྡེའི་ཡུལ་མི་གཡང་དགས་ངས་རང་ཁྱིམ་གྱི་ཞིང་ས་མུའུ6སྤྱད་དེ་དྲོད་ཁང་ཆེ་མོར་སྔོ་ཚལ་འདེབས་ཀྱི་ཡོད།སྔོ་ཚལ་སྣ་ཁ་མང་པོ་ཡོད་ལ་ཐོན་འབབ་ཀྱང་ཡག་པོ་ཡོད།ཉིན་ལྟར་ཞོགས་པ་ཞིང་ཞོར་ཉོ་ཚོང་ཁྲོམ་རར་སྡེབ་ཚོང་བྱས་རྗེས་ཕྱི་དྲོར་ངལ་གསོ་རྒྱག་གི་ཡོད། ལོ་ལྟར་སྔོ་ཚལ་ཕྱིར་ཚོང་བྱས་ནས་ཡོང་འབབ་སྒོར་ཁྲི8ཙམ་རག་བྱུང་ཞེས་བཤད།

ཆོས་དཔལ་གྱིས་ཆུ་གློག་ས་ཚུགས་བསྐྲུན་རྗེས་ང་ཚོས་སོག་རི་གྲོང་སྡེའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་གྲོང་སྡེའི་ཡུལ་སྐོར་རྣམ་གྲངས་གསར་སྤེལ་བྱས་ཏེ་གཡས་པ་ཐང་ཆུ་གློག་ས་ཚུགས་ཀྱི་གནས་སྤོས་ཡུལ་མིའི་ལས་ཞུགས་གནད་དོན་སྔར་བས་ཐག་གཅོད་བྱས་ནས། གཡས་པ་ཐང་ཆུ་གློག་ས་ཚུགས་ཀྱི་གནས་སྤོས་ཡུལ་མི་སྤོ་ཐུབ་པ་དང་།གཞིས་ཆགས་ཐུབ་པ།ཕྱུག་པོར་ཆགས་ཐུབ་པ་བཅས་ཀྱི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།།



  • ལེ་ཚན་སྔོན་མ།:ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་མགོ་ཁྲིད་ཚོ་ཆུང་དང་ཆོས་ལུགས་ལས་དོན་མགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།