ཁྲེང་ཏུའུ་ཏོག་གསར་རིམས་ནད་ཀྱི་གནས་ཚུལ་གསར་ཤོས།

ཐུབ་ཀྱིས་བསྒྱུར།        2022-07-19

    སྤྱི་ཟླ7པའི་ཚེས17ཉིན་གྱི་ཕྱི་དྲོར། ཁྲེང་ཏུའུ་གྲོང་ཁྱེར་གྱིས་རིམས་ཚུལ་འགོག་ཟོན་ལས་དོན་གྱི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་འཚོགས་ཤིང་། ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་དྲུང་ཡིག་ཆེན་པོ་གཞོན་པ། གྲོང་ཁྱེར་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་དབྱང་ཞའོ་ཀོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་ཟླ7པའི་ཚེས17ཉིན་གྱི་ཆུ་ཚོད0ནས་ཆུ་ཚོད16བར། ཁྲེང་ཏུའུ་གྲོང་ཁྱེར་དུ་ས་གནས་དེ་གའི་ཏོག་གསར་ནད་པ5བྱུང་བ་དང་། ནད་རྟགས་མེད་ཀྱང་ནད་དུག་ཕོག་ཡོད་མཁན2བྱུང་ཡོད་པ་རེད།   

   ཚེས17ཉིན་གྱི་ཆུ་ཚོད16བར་ཐེངས་འདིའི་རིམས་ཚུལ་ནང་དུ་རིམ་རྩིས་བྱས་ན་ཏོག་གསར་ནད་པ11བྱུང་ཡོད་ཅིང་། ནད་རྟགས་མེད་ཀྱང་ནད་དུག་ཕོག་ཡོད་མཁན3བྱུང་ཡོད་པ་རེད།

    ཚེས17ཉིན་གྱི་ཆུ་ཚོད12བར། ཉེན་ཁ་ཆེ་བའི་ས་ཆ9ཡོད་པ་དང་། ཉེན་ཁ་འབྲིང་བའི་ས་ཆ10ཡོད། ཏོག་གསར་ནད་པ་དང་ཉེ་སར་བཅར་མཁན1017གྱི་ཁྲོད853ལ་ཉིང་སྐྱུར་དཔེ་བཤེར་བྱས་ནས་ནད་དུག་མེད་པ་ཤེས་ཡོད་ལ་དེ་མིན་གྱི་མཇུག་འབྲས་ཐོན་མེད། ས་གནས་དེ་གའི་ཏོག་གསར་ནད་པ་དང་ཉེ་སར་བཅར་མཁན་དང་ཉེ་སར་བཅར་ཡོད་མཁན2008ཡོད་པའི་ནང1412ལ་ཉིང་སྐྱུར་དཔེ་བཤེར་བྱས་ནས་ནད་དུག་མེད་པ་ཤེས་པ་དང་། དེ་མིན་གྱི་མཇུག་འབྲས་ད་དུང་ཐོན་མེད།

    ཁྲེང་ཏུའུ་ཆིན་དབྱང་ཆུས་དང་ལུང་ཆོན་དབྱི་ཆུས་སུ་མི་ཡོངས་ཉིང་སྐྱུང་དཔེ་བཤེར་ཐེངས་དང་པོ་བྱ་འགོ་ཚུགས་ཡོད་ལ། ཁྲེང་ཧྭ་ཆུས་དང་ཝུའུ་ཧུའེ་ཆུས་སུ་མི་ཡོངས་ཉིང་སྐྱུར་དཔེ་བཤེར་ཐེངས་གཉིས་པ་བྱ་འགོ་ཚུགས་ཡོད། ཀའོ་ཞིན་ཆུས་སུ་ཉིང་སྐྱུར་དཔེ་བཤེར་གྱི་རྒྱ་ཁྱོན་ཆེ་རུ་བཏང་ཡོད།

    སྤྱི་ཟླ7པའི་ཚེས18ཉིན་གྱི་ཆུ་ཚོད18ནས་བཟུང་། ཁྲེང་ཏུའུ་ནས་ཐོན་ཚེ་ཆུ་ཚོད48གྱི་ཉིང་སྐྱུར་དཔེ་བཤེར་ལས་ནད་དུག་མེད་པའི་དཔང་འཛིན་འཁུར་དགོས་པ་རེད།


  • ལེ་ཚན་སྔོན་མ།:རྒྱལ་གཅེས་ཁྱིམ་གཅེས་ཀྱི་བརྩེ་སེམས་སྐྱོང་།། ཐུན་མོང་ཕྱུག་འབྱོར་གྱི་སྒུལ་ཤུགས་སློང་།།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་གྲོང་སྡེ5ཞིང་ཆེན་ཡུལ་སྡེའི་ཡུལ་སྐོར་གྱི་མིང་ཐོར་ཚུད།
  • དོ་སྣང་ཆེ་བའི་རྩོམ།