རང་རེའི་ཞིང་ཆེན་གྱིས་མ་མཐའི་འཚོ་རྟེན་འགན་ལེན་བྱ་ཡུལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་སྤྲད་རྒྱུ།

བདེ་སྐྱིད་ཀྱིས་བསྒྱུར།        2022-07-18

●མ་མཐའི་འཚོ་རྟེན་སྤྲད་ཡུལ། ཞིང་ཆེན་ཡོངས་ཀྱི་མ་མཐའི་འཚོ་རྟེན་འགན་ལེན་བྱ་ཡུལ་དང་ཆེས་དབུལ་ཕོངས་མི་སྣ།

●མ་མཐའི་འཚོ་རྟེན་གཏོང་སྤྲོད་ཀྱི་ཚད་གཞི། 2022ལོའི་ཟླ་བ6པར་ས་གནས་ཁག་གི་གྲོང་ཁྱེར་དང་ཡུལ་སྡེའི་མ་མཐའི་འཚོ་རྟེན་འགན་སྲུང་ཚད་གཞིའི་བརྒྱ་ཆ20ལས་མི་དམའ་བ་བྱས་ནས་སྤྲད་རྒྱུ།

●མ་མཐའི་འཚོ་རྟེན་གཏོང་སྤྲོད་དུས་ཚོད། སྤྱི་ཟླ7པའི་ཟླ་མཇུག་གོང་སྤྲད་ཐུབ་པ་བྱ་རྒྱུ།

གསར་འགོད་པས་སྤྱི་ཟླ7པའི་ཚེས11ཉིན་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་ཤས་གོང་དམངས་སྲིད་ཐིང་དང་ནོར་སྲིད་ཐིང་གིས་མཉམ་འབྲེལ་བྱས་ནས《དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་རྟེན་འགན་ལེན་ཡག་པོ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》འགྲེམས་སྤེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མ་མཐའི་འཚོ་རྟེན་འགན་ལེན་བྱ་ཡུལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་སྤྲད་རྒྱུ་ཡིན་པ་རེད། 2022ལོའི་ཟླ་བ6པར་ས་གནས་ཁག་གི་གྲོང་ཁྱེར་དང་ཡུལ་སྡེའི་མ་མཐའི་འཚོ་རྟེན་འགན་སྲུང་ཚད་གཞིའི་བརྒྱ་ཆ20ལས་མི་དམའ་བ་བྱས་ནས་ཟླ་བ7པའི་ཟླ་མཇུག་གོང་སྤྲད་ཐུབ་པ་བྱ་རྒྱུ་རེད།

《བརྡ་ཐོ》ནང་མཐའ་སྐྱོང་བྱ་ཐབས་རབ་དང་རིམ་པ་དང་གནས་སྐབས་རོགས་སྐྱོབ་ཁྱབ་རྒྱ་ཆེ་རུ་འོས་འཚམ་གཏང་དགོས་པ་ཁ་གསལ་བཏོན་པ་རེད།

ཞིང་ཆེན་ཡོངས་ཀྱི་དམངས་སྲིད་དང་ནོར་སྲིད་སྡེ་ཚན་གྱིས་ད་དུང་ཡོང་འབབ་དམའ་བའི་མི་འབོར་གྱི་ཉེན་ཟོན་སྔོན་བརྡ་གཏོང་ནུས་བརྟན་དུ་གཏོང་བ་དང་། རོགས་སྐྱོབ་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དཀའ་ངལ་ཡོད་པའི་མང་ཚོགས་ཡོད་ཚེ་དུས་ཐོག་ཏུ་ཐེ་ཇུས་དང་རོགས་སྐྱོར་གནད་སྨིན། ཕྱོགས་བསྡུས་རོགས་སྐྱོར་བཅས་བྱ་རྒྱུ་ཡིན་པ་དང་། རང་འགུལ་ངང་ཤེས་རྟོགས་ཐུབ་པའི་ལམ་སྲོལ་འཛུགས་སྐྱོང་ལ་མུ་མཐུད་དེ་ཤུགས་བསྣན་ནས་ལས་ཤོར་མི་སྣ་དང་སྟབས་བསྟུན་ལས་ཞུགས་མི་སྣ། མ་མཐའི་འཚོ་རྟེན་འགན་ལེན་བྱ་ཡུལ་གྱི་མི་འབོར། དབུལ་པོ་བསྐྱར་ལོག་སྔོན་འགོག་ལྟ་ཞིབ་ཚད་ལེན་བྱ་ཡུལ། གནས་སྐབས་མ་མཐའི་འཚོ་བ་འགན་ལེན་གྱི་ཆ་རྐྱེན་དང་མི་མཐུན་ཡང་དཀའ་ངལ་ངེས་ཅན་ཡོད་པའི་མང་ཚོགས། དེ་བཞིན་རོགས་སྐྱོར་བྱས་རྗེས་རང་ངོས་འཕེལ་རྒྱས་གཏོང་ནུས་སྔར་བཞིན་མི་འདང་བའི་དཀའ་ངལ་ཡོད་པའི་མང་ཚོགས་བཅས་ལ་གཙོ་གནད་ཐོག་དོ་ཁུར་བྱས་ནས། དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་རམ་ཞུ་ཡུལ་ཡོད་པ་དང་དུས་ཐོག་ཏུ་རོགས་རམ་ཐོབ་པའི་འགན་ལེན་བྱ་རྒྱུ་རེད། སྤྱི་ཚོགས་རོགས་སྐྱོར་སྲིད་ཇུས་ཀྱི་གོ་རིམ་ལེགས་སུ་དང་སྟབས་བདེར་བཏང་སྟེ་མ་མཐའི་འཚོ་རྟེན་འགན་ལེན་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོར་འཚོ་སྐྱོང་། གནས་སྐབས་རོགས་སྐྱོར་སོགས་བྱ་ཐབས་སྤྱི་འདོམས་ངང་སྤྱད་དེ་འགན་ལེན་བྱ་དགོས། སྤྱི་ཚོགས་ཀྱི་རོགས་སྐྱོར་ཞབས་ཞུ་བྱེད་སྟངས་འཚོལ་ཞིབ་དང་འཐུས་ཚང་དུ་གཏོང་བ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དགོས་མཁོ་དངོས་ལ་དམིགས་ཏེ་དངོས་པོ་དང་དངུལ། ཞབས་ཞུ་མཁོ་འདོན་སོགས་གཅིག་གྱུར་གྱིས་འཆར་འགོད་བྱས་ནས་སྤྲོད་པ་དང་། རིགས་དབྱེ་ཅན་དང་ཁྱད་པར་ཅན་གྱི་རོགས་སྐྱོར་སོགས་ལག་བསྟར་བྱ་རྒྱུ་ཡིན་པ་རེད།།



  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་གྱི་མི་རིགས་མཐུན་སྒྲིལ་སྐོར་གྱི་བསྲུང་བྱ།
  • ལེ་ཚན་རྗེས་མ།:ཝང་ཞའོ་ཧུའེ་ཡིས་དཀར་མཛེས་ཁུལ་དུ་རྟོག་ཞིབ་གནང་།
  • དོ་སྣང་ཆེ་བའི་རྩོམ།