དཀར་མཛེས་ཁུལ་གྱི་མི་རིགས་མཐུན་སྒྲིལ་སྐོར་གྱི་བསྲུང་བྱ།

        2022-07-14

དཀར་མཛེས་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁྱིམ་ཚང་གི་བསྲུང་བྱ།


གཅིག། ཏང་གཅེས་རྒྱལ་གཅེས་དང་མཐུན་སྒྲིལ་སྲུང་བ།  ཀྲུང་གོ་གུང་ཁྲན་ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན།  མི་དམངས་ལ་དགའ་ཞེན།  ཕ་ཡུལ་ལ་དགའ་ཞེན་བཅས་ཡོད་པ་དང་། ཏང་དང་སེམས་པ་གཅིག་མཐུན།  རྒྱལ་ཁབ་དང་བྱ་སྤྱོད་གཅིག་མཐུན་ཡིན་དགོས། སེམས་ཐག་གཙང་བཅད་ཀྱིས་མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་། ཁ་བྲལ་ཐབས་མེད་པ་གསུམ་རྒྱུན་འཁྱོངས་བ། མོས་མཐུན་ལྔ་ཆེ་རུ་གཏོང་ཞིང་། འདུ་ཤེས་གསུམ་ཇེ་དྲག་ཏུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་མཐའ་གཅིག་ཏུ་བརྟན་པོར་བཅང་བ།


གཉིས། སྒྲིག་ཁུར་ཁྲིམས་སྲུང་དང་གུས་ལྡན་དྲང་བཞག་ཡིན་པ། ཁྲིམས་བརྩི་བ་དང་། ཁྲིམས་སྦྱོང་བ། ཁྲིམས་ཤེས་པ། ཁྲིམས་སྲུང་བ། ཁྲིམས་སྤྱོད་པ། སྤྱི་ཚོགས་ཀྱི་ཀུན་སྤྱོད་དང་ཁྱིམ་ཚང་ཀྱི་སྤྱོད་བཟང་དམ་དུ་བསྲུང་བ། ལྷག་བསམ་རྣམ་དག་དང་ཁ་དན་ཚིག་གནས། རང་ཉིད་ཀྱི་གཤིས་སྤྱོད་བཟང་དགོས། ཁྱིམ་གྱི་གྲྭ་བཙུན་རྣམས་རྒྱལ་གཅེས་ཆོས་གཅེས་ཡིན་ལ། སྡོམ་ཁྲིམས་སྲུང་བ་དང་། ཆོས་ལུགས་སྐྱོན་བྲལ་ངང་འཕེལ་རྒྱས་དང་བརྒྱུད་འཛིན་པར་སྲུང་སྐྱོང་ཐུབ་པ།


གསུམ། ཁྱིམ་ཚང་འཆམ་མཐུན་ཡིན་ལ་ཕན་ཚུན་བརྩི་ཞིང་བཀུར་བ། ཁྱིམ་སྲོལ་བཟང་ཞིང་། ཁྱིམ་སྲོལ་གཙང་མ་ཡིན་པ། རྒན་བཀུར་ཆུང་གཅེས་དང་། ཕ་མེས་ལ་སྲི་ཞུ་དང་གཉེན་ཉེར་གཅེས་པ། ཕོ་མོ་འདྲ་མཉམ་དང་བརྩེ་དུང་ལྷད་མེད་ཡིན་ལ། མི་རིགས་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་པར་ཕན་ཚུན་བརྩི་འཇོག་ཡོད་པ།


བཞི། ཁྱིམ་མཚེས་མཛའ་མཐུན་དང་ལྟ་རེས་སྐྱོང་རེས་བྱེད་པ། ཁ་ཞེ་གཉིས་མེད་དང་ཁེངས་སྐྱུང་གུས་ཞབས་ལྡན་ཞིང་། མཐུན་སྒྲིལ་འཆམ་མཐུན་དང་མཛའ་མཐུན་མཉམ་གནས། དཀའ་སེལ་རོགས་རེས་དང་ཕན་ཚུན་རོགས་རམ། སྤྱི་སེམས་བློས་འབུལ་ཆེ་ཞིང་འཕེལ་རྒྱས་ཡོང་རེ་བྱེད་པ། ཁྱིམ་མཚེས་བར་འབྲེལ་བ་ཡག་ཅིང་ཁོང་ཡངས་བསམ་ཤེས་ཐུབ་པ།


ལྔ། རང་སྟོབས་རང་སྤེལ་དང་། དཀའ་སྤྱད་འབད་བརྩོན་བྱེད་པ།  དཀའ་ལས་སྔོན་ལ་བརྒྱབ་པ་དང་བདེ་བར་རྗེས་ལ་རོལ་བ། བརྩོན་བསྲིས་ཁྱིམ་སྐྱོང་དང་ལས་བརྩོན་ཕྱུག་སྒྱུར་ཐུབ་པ། དཀའ་སྤྱད་ལས་སྐྲུན་དང་རང་ཚུགས་རང་སྤེལ།  ཕྱུག་སྒྱུར་ཐབས་ལམ་མང་བ་དང་ཕྱུག་སྒྱུར་བསམ་ཤེས་མཁན་བྱ་གང་ཐུབ་ལ་བརྩོན་པ།


དྲུག། རིག་གནས་བརྒྱུད་འཛིན་དང་། ཤེས་དཔལ་དར་དུ་སྤེལ་བ། སྲོལ་རྒྱུན་རིག་གནས་དང་། གསར་བརྗེའི་རིག་གནས། དུས་རབས་ཀྱི་རིག་གནས། སྔོན་ཐོན་གྱི་རིག་གནས་བཅས་སྤྱད་དེ་ཁྱིམ་སྲོལ་བསྲང་ཞིང་ཁྱིམ་གྱི་བསླབ་ཚིག་བཤད་པ་དང་། མི་རབས་ཕྱི་མར་སློབ་གསོ་བརྒྱག་དགོས། མཉམ་དུ་སྲོལ་རྒྱུན་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་། མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་བཤད་པ།  ཧུར་བརྩོན་གྱིས་སྤྱི་སྐད་སློབ་སྦྱོང་དང་སྤྱི་སྐད་སྨྲ་བ། སྤེལ་རེས་དང་འགྲོ་འོང་། མཉམ་འདྲེས་དམ་ཟབ་ཏུ་གཏོང་བ། རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ལྟ་བ། མི་རིགས་ལྟ་བ། རིག་གནས་ལྟ་བ། ཆོས་ལུགས་ལྟ་བ་བཅས་བརྟན་པོར་འཛིན་པ།


བདུན། སློབ་གསོ་ལ་མཐོང་ཆེན་དང་། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། བུ་ཕྲུག་གི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་དང་། བུ་ཕྲུག་གི་སློབ་གསོ་ལ་མཐོང་ཆེན། བུ་ཕྲུག་གིས་ཚན་རིག་རིག་གནས་ཤེས་བྱ་སློབ་སྦྱོང་བྱེད་པར་རྒྱབ་སྐྱོར་བྱ་དགོས། སྤྱི་ཚོགས་འགན་འཁྲི་དང་འོས་འགན་ཧུར་ཐག་བསྒྲུབ་དགོས། དང་བླངས་ཞབས་ཞུའི་ནང་ཞུགས་པ་དང་། སྤྱི་ཕན་བསྒྲུབ་རྒྱུར་སྤྲོ་སེམས་ཆེ་བ། སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོང་དང་། ནགས་སྲུང་མེ་འགོག། ཉེན་མེད་ཐོན་སྐྱེད། སེམས་པ་གཅིག་མཐུན་གྱིས་རིམས་འགོག་བྱེད་པ་བཅས་ཀྱི་དྲ་བ་ཅན་གྱི་དོ་དམ་མི་སྣ་དང་དྲིལ་བསྒྲགས་མི་སྣ་ཞིག་བྱེད་གང་ཐུབ་བྱ་དགོས།


བརྒྱད། ཚན་རིག་ལ་བརྩི་མཐོང་དང་། དར་སྲོལ་གསར་དུ་འཛུགས་པ། བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་ལ་ངོ་རྒོལ་དང་། རང་རྟོགས་ཀྱིས་ལུགས་རྙིང་སྲོལ་ངན་མེད་པ་གཏོང་ཞིང་། ཕན་ཚུན་བསྡུར་རེས་མི་བྱེད་པ་དང་། རྒྱས་སྤྲོས་ཆུད་ཟོས་མི་གཏོང་བ། གཉེན་སྟོན་དང་འདས་མཆོད་རྒྱས་གཤོམ་མི་བྱེད་པ། ཆོས་ལུགས་ཐད་ཀྱི་འཛད་སྤྱོད་ཚད་ལས་བརྒལ་བར་ངོ་རྒོལ་དང་། རང་རྟོགས་ཀྱིས་ཆགས་སྲེད་དང་། རྒྱན་འཇོག་པ། དུག་རྫས་བཅས་གཏན་དུ་འགོག་ཅིང་རྒྱང་དུ་སྤང་ཞིང་། དགའ་ཕྱོགས་ངན་པ་མེད་པ། ཁྱིམ་སྡོད་ཁོར་ཡུག་གཙང་ལ་འཚོ་བའི་གོམས་གཤིས་སྐྱོན་བྲལ་ཡ་རབས་ཡིན་པ།


དཀར་མཛེས་ཁུལ་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་ལག་བསྟར་བྱ་སྤྱོད་ཀྱི་གཙོ་དོན་དྲིལ་བསྒྲགས་སྦྱར་ཚིག།


གཅིག། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་ནི་རྒྱལ་ཁབ་གཅིག་གྱུར་གྱི་རྨང་གཞི་དང་། མི་རིགས་མཐུན་སྒྲིལ་གྱི་རྩ་བ།  བསམ་པའི་སྟོབས་ཤུགས་ཀྱི་བླ་སྲོག་བཅས་ཡིན།


གཉིས། རང་རྒྱལ་གྱི་ཡངས་ཤིང་རྒྱ་ཆེ་བའི་མངའ་ཁོངས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་གསར་སྤེལ་བྱས་པ་ཡིན། ལོ་རྒྱུས་ཡུན་རིང་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་བྲིས་པ་ཡིན། འོད་སྟོང་འབར་བའི་རིག་གནས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་གསར་གཏོད་བྱས་པ་ཡིན། སྙིང་སྟོབས་རླབས་ཆེན་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་སྐྱེད་སྲིང་བྱས་པ་ཡིན།

གསུམ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅང་རྒྱུ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་ཀའི་གཙོ་གནད་ཡིན།


བཞི། མེས་རྒྱལ་རླབས་པོ་ཆེ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོ་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་ངོས་འཛིན་གཅིག་མཐུན་མཐའ་གཅིག་ཏུ་བྱ་དགོས།


ལྔ། བདེ་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་ཁུར། འཆི་གསོན་མཉམ་གནས། ལས་དབང་གཅིག་མཐུན་བཅས་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་བཅང་དགོས།


དྲུག། མི་དམངས་ལ་དད་པ་ཡོད་པ་དང་། རྒྱལ་ཁབ་ལ་སྟོབས་ཤུགས་ཡོད་པ། མི་རིགས་ལ་རེ་བ་ཡོད་པ།


བདུན། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ།། སེམས་པ་གཅིག་མཐུན་ཀྲུང་གོའི་ཕུགས་འདུན་སྐྲུན།།


བརྒྱད། རང་གི་མིག་ལ་གཅེས་སྐྱོང་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྐྱོང་བྱ་དགོས། རང་གི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱ་དགོས།


དགུ། མི་རིགས་ཁག་སེ་འབྲུ་རྡོག་པོ་བཞིན་མཐུན་སྒྲིལ་དམ་པོར་བྱ་དགོས།


བཅུ། ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེན་མོའི་དར་ཆ་མཐོན་པོར་བསྒྲེངས་ནས་མི་རིགས་ཁག་བར་སྤེལ་རེས་དང་འགྲོ་འོང་། མཉམ་འདྲེས་ཡོང་བར་སྐུལ་འདེད་གཏང་དགོས།

བཅུ་གཅིག། འདྲ་མཉམ་དང་མཐུན་སྒྲིལ། ཕན་རོགས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏང་དགོས།


བཅུ་གཉིས། འདྲ་མཉམ་ནི་མི་རིགས་མཐུན་སྒྲིལ་གྱི་རྩ་བ་དང་། འཆམ་མཐུན་ནི་མི་རིགས་འཕེལ་རྒྱས་ཀྱི་བླ་སྲོག་ལྟ་བུ་ཡིན།


བཅུ་གསུམ། རྒྱ་རིགས་གྲངས་ཉུང་མི་རིགས་དང་ཁ་བྲལ་ཐབས་མེད་པ་དང་གྲངས་ཉུང་མི་རིགས་རྒྱ་རིགས་དང་ཁ་བྲལ་ཐབས་མེད་ལ། གྲངས་ཉུང་མི་རིགས་ཁག་ཀྱང་ཕན་ཚུན་བྲལ་ཐབས་མེད།


བཅུ་བཞི། གུང་ཁྲན་ཏང་ཡག་པོ་རེད། སྤྱི་ཚོགས་རིང་ལུགས་ཡག་པོ་རེད། མེས་རྒྱལ་རླབས་པོ་ཆེ་ཡག་པོ་རེད། བཅོས་བསྒྱུར་སྒོ་འབྱེད་ཡག་པོ་རེད། མི་རིགས་མཐུན་སྒྲིལ་ཡག་པོ་རེད།


བཅོ་ལྔ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་དེ་ནི་མི་རིགས་ཁག་ཚང་མའི་ཕུགས་འདུན་ཡིན་པས་མ་ཚད། མི་རིགས་ཁག་རང་ཉིད་ཀྱི་ཕུགས་འདུན་ཡང་ཡིན།


བཅུ་དྲུག། མི་རིགས་ཁག་གི་མི་དམངས་ཚོས་ལག་གདང་མཉམ་སྦྲེལ་དང་སེམས་པ་གཅིག་མཐུན་བྱས་ནས་མཉམ་དུ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འཆམ་མཐུན་ཁྱིམ་གཞིས་བསྐྲུན་དགོས།


བཅུ་བདུན། ཐུན་མོང་ཐོག་མཐུན་སྒྲིལ་ཡར་ཐོན་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏང་དགོས།


བཅོ་བརྒྱད། རི་མཐོའི་གསོམ་སྡོང་རྩ་བ་གཅིག་ཏུ་འབྲེལ།། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ།།


བཅུ་དགུ། མི་རིགས་ང་དྲུག་མེ་ཏོག་ང་དྲུག་ལྟར། མི་རིགས་ང་དྲུག་ཁྱིམ་ཚང་གཅིག་པ་ཡིན།


ཉི་ཤུ། ཁྱིམ་ཚང་གི་སློབ་གསོ་བཟང་པོ་དང་ཁྱིམ་སྲོལ་བཟང་པོ་ནི་ཁྱིམ་ཚང་གི་རྒྱུ་ནོར་རྩ་ཆེན་ཡིན།  དེ་ནི་བུ་རབས་ཚ་རྒྱུད་ལ་བཞག་པའི་ཤུལ་བཞག་ཡག་ཤོས་ཡིན།


ཉེར་གཅིག། ཁྱིམ་ཚང་ཁྲི་སྟོང་མང་པོ་ཡག་པོ་ཡོད་ན་རྒྱལ་ཁབ་ད་གཟོད་ཡག་པོ་ཡོང་བ་དང་། མི་རིགས་ད་གཟོད་ཡག་པོ་ཡོང་ཐུབ།


ཉེར་གཉིས། ཁྱིམ་ཚང་ཡ་རབས་འཛུགས་སྐྱོང་ལ་ཤུགས་བརྒྱབ་སྟེ། ཁྱིམ་ཚང་ཁྲི་སྟོང་མང་པོ་རྒྱལ་ཁབ་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན་གྱི་གཞི་ཚུགས་ས་གལ་ཆེན་དུ་ཆགས་སུ་གཞུག་དགོས་པ་དང་། མི་རྣམས་ཀྱི་ཕུགས་འདུན་གཉེར་འགོ་ཚུགས་ཡུལ་དུ་ཆགས་པར་བྱ་དགོས།


ཉེར་གསུམ། མི་རིགས་མཐུན་སྒྲིལ་ཚང་མས་སྲུང་།། ཁྱིམ་སྲོལ་བཟང་པོ་མི་རབས་བརྒྱུད།།


ཉེར་བཞི། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས། ལས་བརྩོན་ཕྱུག་སྒྱུར་དང་བརྩོན་བསྲིས་ཁྱིམ་སྐྱོང་བྱ་དགོས།


ཉེར་ལྔ། ཁྱིམ་ཚང་ནི་བྱིས་པའི་སྤྱོད་པ་ཡ་རབས་ཆགས་སའི་སློབ་ཁང་ཡིན། ཕ་མ་ནི་བྱིས་པའི་སྤྱོད་པ་ཡ་རབས་ཆགས་པའི་དགེ་རྒན་ཡིན།


ཉེར་དྲུག། ཁྱིམ་ཚང་འཆམ་མཐུན་ཡོང་ན་སྤྱི་ཚོགས་བདེ་འཇགས་ཡོང་།། ཁྱིམ་ཚང་བདེ་སྐྱིད་ཡོང་ན་སྤྱི་ཚོགས་འགྲིག་མཐུན་ཡོང་།། ཁྱིམ་ཚང་ཡ་རབས་ཡོང་ན་སྤྱི་ཚོགས་ཡ་རབས་ཡོང་།།


ཉེར་བདུན། བརྩེ་བ་ཟབ་མོ་བཅངས་ནས་མཐུན་སྒྲིལ་སྤྲོ་གླུ་མཉམ་དུ་ལེན། ལྟ་རེས་སྐྱོང་རེས་བྱས་ཏེ་འཆམ་མཐུན་ཁྱིམ་གཞིས་མཉམ་དུ་བསྐྲུན།


ཉེར་བརྒྱད། མི་རིགས་མཐུན་སྒྲིལ་ལག་གདང་སྦྲེལ། འཆམ་མཐུན་འཕེལ་རྒྱས་སེམས་པ་སྦྲེལ།


ཉེར་དགུ། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོའི་ནང་ང་ཚོ་ནི་ཕན་ཚུན་མཛའ་ཞིང་བརྩེ་བའི་ཁྱིམ་མི་གཅིག་པ་ཡིན།


སུམ་ཅུ། མཐུན་སྒྲིལ་ལ་ཕན་པའི་སྐད་ཆ་མང་ཙམ་བཤད། མཐུན་སྒྲིལ་ལ་ཕན་པའི་བྱ་བ་མང་ཙམ་བསྒྲུབ།


སོ་གཅིག། དཀར་མཛེས་ཁུལ་གྱི་མི་རིགས་མཐུན་སྒྲིལ་མེ་ཏོག་མཉམ་དུ་འདེབས། དཀར་མཛེས་ཁུལ་གྱི་དར་རྒྱས་གོང་འཕེལ་འབྲས་བཟང་ཀུན་གྱིས་རོལ།


སོ་གཉིས། ཕན་ཚུན་མཛའ་བརྩེ་ཇ་དང་ཚྭ་འདྲ་ཡིན།།  མི་རིགས་མཐུན་སྒྲིལ་མར་དང་རྩམ་པ་འདྲ།།


སོ་གསུམ། མི་རིགས་སོ་སོ་ནི་ཆུ་དང་འོ་མ་འདྲེས་པ་བཞིན།


སོ་བཞི། རྒྱལ་གཅེས་ཁྱིམ་གཅེས་དཀར་མཛེས་ཁུལ་ལ་དེ་བས་གཅེས། བསམ་སྦྱོར་གཅིག་མཐུན་བྱས་ནས་ཞི་མཐུན་ཡོང་རྒྱུར་བསྐུལ།


སོ་ལྔ། ལག་གདང་སྦྲེལ་ནས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་འཛུགས། སེམས་པ་གཅིག་མཐུན་གྱིས་འཆམ་མཐུན་མཛེས་སྡུག་ལྡན་པའི་དཀར་མཇེས་ཁུལ་གསར་པ་མཉམ་དུ་བསྐྲུན།


དཀར་མཛེས་ཁུལ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བ་ལས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་ལག་བསྟར་མགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་ནས།




སྙན་སྒྲོན་པ། རྟ་མགྲིན་རྡོ་རྗེ།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཧྲེན་དབྱང་ཐེངས་དང་པོར་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་འབྲེལ་གཏུག་དུད་ཚང་དུ་ལྟ་སར་ཕེབས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།