ཏང་གི་བཀའ་དྲིན་གངས་ལྗོངས་ས་མཐོར་བཞད།

        2022-07-15

ཀ་བ་གདུང་ལྕམ་མེད་པའི་ཁང་བཟང་སྐྱ་སང་སང་། །

ཁ་བ་གངས་ཅན་ལྗོངས་ལ་ཏང་གི་འོད་འཚེར་འཚེར། །

ག་ས་གང་དུ་ཡོད་པའི་སྤུན་ཟླའི་མི་རིགས་རྣམས། །

ང་ཚོ་མཉམ་དུ་མཐུན་སྒྲིལ་ལག་གདངས་སྦྲེལ་ཤིག་ཤིག །

ཅ་ག་གཅེས་སྐྱོང་མཁས་པའི་ཀྲུའུ་ཞི་ཞི་ཅིན་ཕིང་། །

ཆ་ལག་ཆད་ལུས་མེད་པར་རོགས་རམ་གནང་ཤག་ཤག །

ཇ་རྩམ་ཟས་ཀྱི་ལོངས་སྤྱོད་མཚོ་མོ་རུ་འཁྱིལ་འཁྱིལ། །

ཉ་མོ་རྩལ་ལག་ངོམ་བཞིན་དགའ་བདེའི་དཔལ་ལ་རོལ། །

ཏ་ཏོར་གཡེང་བ་མེད་པའི་གུང་ཁྲན་ཏང་གི་དྲིན། །

ཐ་དད་མེད་པའི་སྒོ་ནས་གྲངས་ཉུང་མི་རིགས་ཀུན། །

ད་ལམ་ཏང་གི་དྲིན་གྱི་མེ་ཏོག་བཞད་པའི་དུས། །

ན་སོ་རྒན་པོས་ལོ་རྒྱུས་གླེང་བཞིན་དགའ་ལྷང་ལྷང་། །

པ་ཏྲའི་རི་མོའི་སྣུམ་ནག་གཞུང་ལམ་ནག་ཐིང་ཐིང་། །

ཕམ་ཁའི་བློ་འགྱོད་མེད་པའི་དམག་འཐབ་རིམ་པ་ལས། །

བ་བེར་སྣང་བ་སྐྱིད་པའི་གླུ་དབྱངས་སྙན་ལྷང་ལྷང་། །

མ་ཡུམ་མེས་རྒྱལ་མཆོག་ལ་བསྟོད་གླུ་ལེན་ཤག་ཤག །

རྩྭ་ཐང་མུ་མཐའ་མེད་པའི་ཐང་གཤོང་ཡངས་མོའི་སྟེང་། །

ཚ་གྲང་སྙོམས་པའི་སྟར་སྒྲིག་ཁང་བཟང་སྐྱ་སང་སང་། །

ཛ་ཛོར་ཉོག་གཏམ་སྤངས་ནས་ཡ་རབས་འབྲོག་པས་ཀྱང་། །

ཝ་ལེར་ཏང་གི་བཀའ་དྲིན་དྲན་ཤིང་བསྟོད་དབྱངས་ལེན། །

ཞྭ་གོས་འདྲ་མིན་གྱོན་རྒྱུ་ཡོད་པ་ཏང་གི་དྲིན། །

ཟ་མ་གང་ཡག་བཟའ་རྒྱུ་ཡོད་པའང་ཏང་གི་དྲིན། །

འ་འུར་གཟིགས་མོ་ཆེ་བའི་དུས་རབས་ཉེར་གཅིག་འདི། །

ཡ་མ་གཟུགས་ཀྱིས་རྒྱན་ཡང་དུས་ཀྱི་གོམས་བགྲོད་རེད། །

རང་དཔེ་གཞན་སྟོན་ལམ་གྱི་སྣེ་འཁྲིད་བཟང་པོའི་འོག །

ལ་ལུང་ཀུན་ལ་ལག་རྩལ་མི་བུས་ཡོངས་སུ་བསྐངས། །

ཤ་ཞེན་མི་རིགས་ལྔ་དྲུག་འདབ་མ་མཉམ་བཞད་དང་། །

ས་མཐའ་ཡོངས་ལ་ཏང་གི་བཀའ་དྲིན་སྙན་སང་སང་། །

ཧ་ཅང་གཞི་རྒྱ་ཆེ་བའི་ཀྲུང་གོའི་ས་གཞི་ཡངས་མོ་རུ། །

ཨ་མ་མེས་རྒྱལ་ཀྲུང་གོ་མཆོག་ལ་བསྟོད་དབྱངས་ལེན་དང་ལེན། །

ཧ་ཅང་སྙན་པའི་ཚིག་རྒྱན་དབུལ་བའི་རྩོམ་ཡིག་འདི། །

ཨ་མཚར་གཏམ་གྱི་སྙིང་པོའི་བསྡུས་དོན་རྟོགས་པར་ཤོག །

ཞུམ་མེད་ར་མདའ།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཞི་བར་གཤེགས་པའི་བགྲེས་པོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།