ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་མགོ་ཁྲིད་ཚོ་ཆུང་དང་ཆོས་ལུགས་ལས་དོན་མགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་འཚོགས།

ཡེ་མགོན་གྱིས་བསྒྱུར།        2022-07-19

   སྤྱི་ཟླ7པའི་ཚེས18ཉིན། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་མགོ་ཁྲིད་ཚོ་ཆུང་དང་ཆོས་ལུགས་ལས་དོན་མགོ་ཁྲིད་ཚོགས་ཆུང་གི2022ལོའི་ཚང་འཛོམས་ཚོགས་འདུ་ཐེངས་དང་པོ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིན་ཅང་དུ་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་གནང་སྐབས་ཀྱི་མི་རིགས་ཆོས་ལུགས་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། དེ་བཞིན་བློ་མཐུན་ཝང་དབྱང་གི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་མི་རིགས་དང་ཆོས་ལུགས་ལས་དོན་གྱི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་དང་།འཐབ་ཕྱོགས་གཅིག་གྱུར་ལས་དོན་དང་མི་རིགས་ཆོས་ལུགས་ལས་དོན་གྱི་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱེད་པ།“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་འགྲུབ་ཀྱི་འདུ་ཤེས་བརྟན་པོ་བཅངས་ཏེ་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི” ལག་ལེན་བྱ་སྤྱོད་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་འཇོག་བྱས་ཤིང་།ཕྱིན་ཆད་ཀྱི་ལས་དོན་བཀོད་སྒྲིག་བྱས་ཡོད་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བས་མ་ཚད་གསུང་བཤད་གནང་བ་རེད།

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཚོགས་འདུར་ཞུགས་པ་རེད། 

    ཚོགས་འདུའི་ཐོག་བསྟན་དོན། འཐབ་ཕྱོགས་གཅིག་གྱུར་ནི་ཏང་གིས་མི་སེམས་གོང་བུར་གཅིག་དུ་སྒྲིལ་བ་དང་སྟོབས་ཤུགས་གཅིག་སྡུད་བྱེད་པའི་ཆབ་སྲིད་ཀྱི་ལེགས་ཆ་དང་འཐབ་ཇུས་ཀྱི་བྱེད་ཕྱོགས་ཡིན་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་ཆེན་མངོན་འགྱུར་བྱེད་པའི་ཐབས་མཆོག་གལ་ཆེན་ཞིག་ཀྱང་རེད། ཏང་ཀྲུང་དབྱང་གིས་སྔར་ནས་བཟུང་འཐབ་ཕྱོགས་གཅིག་གྱུར་ལས་དོན་དང་མི་རིགས་ཆོས་ལུགས་ལས་དོན་ལ་ཚད་མཐོན་པོས་མཐོང་ཆེན་གནང་བ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས་ང་ཚོས་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་དང་བརྩི་སྲུང་ཞུ་ཡུལ་མཁོ་འདོན་གནང་ཡོད་པ་རེད། རིམ་པ་ཁག་དང་སྡེ་ཁག་ཁག་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་དང་མི་རིགས་ཆོས་ལུགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་ཆེན་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ནས་ད་ལྟའི་དུས་མཚམས་ཀྱི་ཆོས་ཉིད་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཡང་དག་པ་ཆུད་པ་བྱས་ཏེ་མཐུན་སྒྲིལ་བྱེད་ཆོག་པའི་སྟོབས་ཤུགས་མཐའ་དག་ལ་སྔར་བས་མཐུན་སྒྲིལ་དང་སྐུལ་སློང་བྱེད་ཆོག་པའི་རྒྱུ་རྐྱེན་མཐའ་དག་སྐོང་འཐེན་བྱས་ནས་མཐུན་སྒྲིལ་དང་འབྱོར་ཕྱུག། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྱོང་བྱེད་པའི་བརྗིད་ཆེའི་སྟོབས་ཤུགས་ཟམ་མི་ཆད་པར་གོང་བུར་གཅིག་ཏུ་བསྒྲིལ་དགོས།  

    གྲོས་ཚོགས་ཐོག་ནན་གསུང་གནང་དོན། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཁོང་དུ་ནན་པོ་ཆུད་པ་བྱས་ཏེ་ཐོག་མཐའ་བར་གསུམ་དུ“གཏན་འཁེལ་གཉིས”ལ་བློ་དཀར་སེམས་དཀར་གྱིས་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པ་བྱས་ནས་འཐབ་ཕྱོགས་གཅིག་གྱུར་གྱི་མི་རིགས་ཆོས་ལུགས་ལས་དོན་གྱི་ཕྱོགས་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཤིང་། ཐོག་མའི་བསམ་འདུན་མི་བརྗེད་པ་དང་སྲོག་ཤིང་ལ་སྲུང་སྐྱོང་བྱེད་པ་དང་། ལྟེ་གནས་ལ་ཞབས་ཕྱི་སྒྲུབ་པ། མི་སེམས་གོང་བུར་གཅིག་ཏུ་འགྲིལ་བ་བཅས་མཐའ་འཁྱོངས་ཀྱིས་རྒྱུན་ཆད་མེད་པར་གཞི་རྩའི་སྟོབས་ཤུགས་སྲ་བརྟན་དང་སྟོབས་ཤུགས་གསར་པར་མཐུན་སྒྲིལ་བྱེད་པ། སྟོབས་ཤུགས་ངན་པ་མེད་པར་བཟོས་བ་བཅས་བྱས་ནས་ཆེས་རྒྱ་ཁྱབ་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱུན་མཐུད་བརྟན་དུ་སྲ་བརྟན་གཏང་དགོས།  ལོ་འཁོར་གྱི་གཙོ་གནད་ལས་འགན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་སྤྱི་ཡོངས་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས་འཆང་བ་དང་། ལོ་ཧྲིལ་པོའི་དམིགས་ཡུལ་ལས་འགན་ལ་དམ་པོར་དམིགས་ནས་དོན་འཁྱོལ་བྱེད་ཐབས་ཞིབ་ཕྲ་བྱས་ཏེ་ལས་དོན་ཧུར་ཐག་སྤེལ་ནས་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་དང་ཕན་འབྲས་ཐོན་པར་འགན་ལེན་བྱ་དགོས། གཙོ་རྐང་ལ་དམིགས་ཏེ་ལས་ཀའི་གཞི་རྟེན་དངོས་གཉེར་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་གཙིགས་སུ་ཐོན་པར་དངོས་གཉེར་དང་དངོས་ཚོར་ཡོད་ལ་གྲུབ་འབྲས་ཐོབ་པ་བྱས་ཏེ།མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་ལག་ལེན་བྱ་སྤྱོད་ཏན་ཏིག་སྤེལ་ནས་དུས་བཀག་ཧྲིལ་པོར་ཕྱོགས་བསྡོམས་དང་ལྟ་སྐུལ་མཛུབ་ཁྲིད།གྲོས་མོལ་དང་ཞིབ་འཇུག་བརྡར་གཅོད་སོགས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ།མི་རིགས་ཁག་གི་མང་ཚོགས་ཀྱིས་བར་མཐོངས་དང་རིག་གནས།དཔལ་འབྱོར།སྤྱི་ཚོགས།སེམས་ཁམས་སོགས་ཀྱི་ཐད་ཁྱོན་ཡོངས་ནས་རིམ་བཞིན་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་རིགས་སོ་སོའི་མཐུན་སྒྲིལ་སེ་འབྲུ་ལྟར་འབྲེལ་འདྲིས་དམ་པོ་བྱ་དགོས།  ཉེན་ཁ་དང་མངོན་མེད་རྐྱེན་ངན་ཆེན་པོ་འགོག་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བརྟན་པོ་ཡོང་རྒྱུ་གཙོ་བོར་བྱེད་པ་དང་བརྟན་ཐོག་ཡར་འཕེལ་ཡོང་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་དང་ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་བརླིང་སྲུང་སྐྱོང་དང་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཆམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས་རྨང་གཞི་འདིང་བ་དང་།ཕུགས་ལ་ཕན་པ།རྩ་བ་དོ་དམ་བཅས་ཀྱི་ལས་དོན་མང་ཙམ་བསྒྲུབས་ཏེ་བརྒྱུད་རིམ་ལྡན་པའི་ཉེན་ཁ་མི་ཐོན་པའི་མཐའ་ཚད་མཐའ་གཅིག་ཏུ་བསྲུང་དགོས། ཚན་རིག་དང་མཐུན་པའི་བསམ་གཞིགས་བྱེད་ཐབས་སྤྱོད་མཁས་པོ་བྱས་ནས་གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་གཅིག་མཐུན་ཡོང་ཐབས་དང་གཞན་འགྱུར་གནས་ཐབས་བྱས་ཏེ་རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པའི་མི་སེམས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་ཆབ་སྲིད་ཀྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། ཁྲིམས་སྐྱོང་གི་ཕན་འབྲས་བཅས་གཅིག་གྱུར་དམ་ཟབ་ཡོང་བ་བྱས་ཏེ་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློའི་རྨང་གཞི་ཆགས་པ་བྱས་ནས་སེམས་ནུས་གཅིག་སྒྲིལ་གྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ལེའུ་གསར་པ་བརྩམ་དགོས། 

   ཁུལ་གྱི་མགོ་ཁྲིད་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་གྲོང་སྡེ5ཞིང་ཆེན་ཡུལ་སྡེའི་ཡུལ་སྐོར་གྱི་མིང་ཐོར་ཚུད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།