ཧི་མ་ལའི་བྱུང་རབས།

        2021-10-29

ཧི་མ་ལའི་བྱུང་རབས།

རི་བོ་ཧི་མ་ལ་ཡ་ནི་ཆེས་ཐོག་མའི་དུས་སུ་ཕ་མཐའ་མི་མངོན་པའི་རྒྱ་མཚོ་ཆེན་པོ་ཞིག་ཡིན། ས་གཤིས་རིགས་པ་སྨྲ་བས་ཧི་མ་ལ་ཡའི་བྲག་རི་ནས་རྒྱ་མཚོའི་སྐྱེས་དངོས་འགྱུར་རྡོ་གྲངས་ལས་འདས་པ་རྙེད། འོ་ན་རྒྱ་མཚོ་ནི་ཇི་ལྟར་མཐོ་སྒང་དུ་གྱུར་པ་ཡིན་ཞེ་ན།

ལོ་ངོ་ཁྲི༥༠༠༠ལྷག་ཙམ་འདས་པའི་སྔོན་ལ། ལྷོ་ཧིན་རྡུའི་གླིང་ཕྲན་དང་ཨོ་གླིང་སྐམ་ས་ཆེན་མོ། སྣེ་གླིང་བཅས་གཅིག་ཏུ་འབྲེལ་བས་སྐམ་ས་གསུམ་དུ་གྱེས་ཤིང་། དེའི་ནང་ནས་ཧིན་རྡུའི་སྐམ་ས་གྱེས་ཤིང་།དེའི་ནང་ནས་ཧིན་རྡུའི་སྐམ་ས་ཆེན་པོ་ནི་འཕྱོ་སྐྱོད་བྱས་པ་ཆེས་མགྱོགས། ཕལ་ཆེར་ལོ་ངོ༢༠༠༠ཙམ་གྱི་ཚེ་ཧིན་རྡུའི་སྐམ་ས་ཆེན་པོ་དེ་ཡོ་རོབ་དང་ཡ་གླིང་སྐམ་ས་ཆེན་པོར་གདོང་ཐུག་བྱུང་ནས་སྐམ་ས་ཆེན་པོ་གཉིས་ཀྱི་བར་དུ་རི་བོ་ཧི་མ་ལ་ཡ་ནི་མཚོ་གཏིང་ནས་རིམ་གྱིས་བུད་པར་མངོན། སྐབས་དེའི་གདོང་ཐུག་གིས་ད་དུང་ཟབ་ཅིང་རིང་བའི་རྨ་ཤུལ་(ས་གཤིས་གཞུང་ལས་སྲུབས་སྐུད་ཟེར།)ཞིག་བཟོས་པ་དེ་ནི་དེང་སང་གི་ཡར་ཀླུང་གཙང་པོ་ཡིན་པ་རེད།

ཧི་མ་ལ་ཡ་ནི་རིན་པོ་ཆེའི་ཕུང་པོ་ཞིག་ཡིན།

རི་བོ་ཧི་མ་ལ་ཡ་ནི་འཛམ་གླིང་སྟེང་གི་ན་ཚོད་ཆེས་ཆུང་བའི་རི་དབང་གྲས་ཀྱི་ཡ་གྱལ་ཞིག་ཡིན་ཞིང་། རི་བོ་ཧི་མ་ལ་ཡ་བུད་པའི་ཉིན་མོ་ནི། དེ་ཉིད་ལ་བཞུར་ཆུས་བསླད་སྐྱོན་བཟོ་མགོ་ཚུགས་པའི་དུས་སྐབས་ཀྱང་ཡིན་པས།

གཞི་རྩའི་རིགས་པ་འདིར་བརྟེན་ནས་འཛམ་གླིང་སྟེང་ནས་མིང་གྲགས་ཆེ་བའི་ཚན་རིག་པས་རི་བོ་ཧི་མ་ལ་ཡའི་ངོས་ལས་ཧིན་རྡུའི་རྒྱ་མཚོའི་ཞབས་སུ་ལྷུང་བའི་དངོས་པོར་ཞིབ་འཇུག་བྱས་པར་བརྒྱུད་རི་བོ་དེའི་ན་ཚོད་ནི་ལོ་ཁྲི༢༠༠༠ཡིན་པའི་ཁ་ཚོན་བཅད་པ་དང་། དེ་ཉིད་སའི་གོ་ལའི་སྟེང་གི་རི་དབང་ཡོད་དོ་ཅོག་གི་ནུ་བོ་ཡིན་པའང་ར་སྤྲོད་བྱས་ཡོད་པ་རེད། རི་བོ་ཧི་མ་ལ་ཡ་ནི་ན་ཚོད་དེ་འདྲ་གཞོན་པའི་རྐྱེན་གྱིས་རིན་པོ་ཆེ་མང་པོ་ཞིག་སྦས་ཉར་བྱས་ཡོད་ལ། མི་རྣམས་ཀྱིས་རི་བོ་ཧི་མ་ལ་ཡའི་སྟེང་དུ་སྔ་ན་མེད་པའི་གཏེར་རྫས་ཆགས་གཞི་མང་པོ་དང་ཆུ་ཤེལ་གྱི་ཤེལ་གཟུགས་ཆེན་པོ།ཕུན་སུམ་ཚོགས་པའི་ས་འོག་ཚ་ནུས། རྡོ་སྣུམ་སོགས་བརྙེད་པར་གྱུར། རི་བོ་ཧི་མ་ལ་ཡའི་ལུང་གཞོང་ནི་ཚ་ཁུལ་གྱི་མཛེས་ལྗོངས་ཡིན་ལ། ལུང་ཁོག་བརྒྱུད་ནས་གྱེན་དུ་སྐྱོད་ཚེ་ཐོག་མར་དྲོད་ཁུལ་གྱི་ལོ་མ་ཆེ་བའི་ནགས་ཚལ་དང་། དེ་ནས་གྲང་ཁུལ་གྱི་ལོ་མ་ཕྲ་རིགས་ཀྱི་ལྗོན་ཤིང་། རིམ་གྱིས་རྩྭ་ཐང་དང་སྔོ་དྲེག་ས་ཁུལ་ལ་འཕྲད་ཅིང་། མཐའ་མཇུག་ནི་ཁ་བའི་གོས་དཀར་བཀླུབས་པའི་གངས་རི་ཡིན། དེར་བརྟེན། རི་འདབས་ནས་རི་རྩེ་བར་ནི་ཐིག་དམར་ནས་བྱང་སྣེ་བར་གྱི་ཁྱད་པར་དང་གཉིས་སུ་མ་མཆིས། རི་བོ་ཧི་མ་ལ་ཡ་ནི་སའི་གོ་ལའི་ཕྱེད་ཀ་རུབ་བསྡུས་བྱས་པ་དང་འདྲ་བས། སའི་གོ་ལའི་ཁུལ་ལྔའི་ནང་གི་སྲོག་ཆགས་དང་རྩི་ཤིང་མོད་པོའི་མཛོད་ཁང་ཞིག་ཏུ་གྲུབ། འདིར་ད་དུང་གླེང་འོས་པ་ཞིག་ལ་རི་བོ་ཧི་མ་ལ་ཡས་ལོ་ངོ་ཁྲི༢༠༠༠ལྷག་གི་རིང་ལ་རང་བྱུང་ཁམས་ཆེན་པོའི་འགྱུར་ལྡོག་གིས་རང་སྟེང་ལ་ཕབ་པའི་རྟགས་ཐམ་སྲུང་འཛིན་བྱས། རིན་ཐང་ཆེ་བའི་བརྡ་རྟགས་དེ་དག་ད་ལྟའི་བར་དུ་གཟུང་འཛིན་བྱས་ཡོད་པས། སའི་གོ་ལ་བརྟག་དཔྱད་བྱེད་མཁན་གྱི་ཚན་རིག་པ་རྣམས་ཀྱིས་ཁོའི་གཅེས་མིང་ལ་སའི་གོ་ལའི་གསང་བར་འགྲེལ་རྒྱག་པའི་བརྡ་རྟགས་མཛོད་ཁང་ཞེས་བཏགས་ཡོད།

རི་བོ་ཧི་མ་ལ་ཡ་སྨི་ཁྲི་ལས་བརྒལ་ཐུབ་བམ།

ས་གཤིས་དང་སྐར་རྩིས་རིག་པ་སྨྲ་བའི་དབང་པོ་ཡོངས་ཀྱིས་ཞིབ་རྩིས་བྱས་པ་ལྟར་ན། ལོ་ངོ་ཁྲི༣༠༠འདས་སྐབས་ཀྱི་དུས་རབས་བཞི་པ་ས་གཤིས་དུས་རབས་ནས་ད་ལྟའི་བར་དུ། རི་བོ་ཧི་མ་ལ་ཡ་ནི་སྤྱི་ཁྲི༣༠༠༠ཙམ་འཕགས་ཤིང་། ཆ་སྙོམས་བྱས་ན་ལོ་ངོ་ཁྲི་གཅིག་གི་ནང་དུ་སྨི༡༠ལྷག་ཇེ་མཐོར་སོང་ཡོད། ཉེ་བའི་ལོ་ཁྲི་གཅིག་གི་ནང་དུ་ཡར་འཕགས་པའི་ཚད་རིམ་ཇེ་མགྱོགས་སུ་སོང་ནས་སྨི༥༠༠ཙམ་མཐོར་སོང་ཡོད། ལོ་རེར་ལི་སྨི༥འཕར་འདུག དེ་ནི་ཧིན་རྡུའི་སྐམས་ས་ཆེན་པོ་མུ་མཐུད་ནས་བྱར་ཕྱོགས་སུ་འཚངས་བཞིན་ཡོད་པའི་རྐྱེན་གྱིས་ཡིན་ཞིང་། བོད་ལྗོངས་དང་ཞིང་ཅང་ཕྱོགས་སུ་ས་འགུལ་མང་བའང་འདི་ལྟ་བུའི་ས་ཤུན་འགྱུར་ལྡོག་ལ་རག་ལས་སོ། །

འོ་ན། རི་བོ་ཧི་མ་ལ་ཡ་ནི་ཚད་མེད་པར་ཡར་འཕགས་པའམ། མཐོ་ཚད་སྨི་ཁྲི་གཅིག་ལས་བརྒལ་ཐུབ་བམ་ཞེ་ན། ཚན་རིག་པ་ཕལ་ཆེ་བས་མི་ངེས་པའི་ལན་འདེབས་པར་གྱུར། །

  • ལེ་ཚན་སྔོན་མ།:རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།