ལས་ཞུགས་རྣམ་པ་གསར་བའི་ངལ་རྩོལ་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་སྲིད་ཇུས་གསར་པ་བསྒྲགས།

    མི་དམངས་དྲ་བ་ནས་དྲངས།    2022-08-04

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ།

ཕྱི་ནས་ཟ་མ་སྐྱེལ་མཁན་སོགས་གླ་ཕོགས་ཆེས་དམའ་ཤོས་ཀྱི་ལམ་ལུགས་འགན་ལེན་ནང་གཞུག་པ།ཕྱིར་སྐྱོད་དང་། ཕྱི་ནས་ཟ་མ་སྐྱེལ་བ། དུས་ཐོག་ཏུ་སྡེབ་སྐྱེལ། གྲོང་ཁྱེར་གཅིག་པའི་ཟོག་འདྲེན་བཅས་ཀྱི་ལས་རིགས་སོགས་ཞིང་ཆེན་དང་གྲོང་ཁྱེར་ཁག་ཅིག་གིས་ལས་རིགས་ཀྱི་གནོད་འཚེ་འགན་སྲུང་བྱེད་པའི་ཚོད་ལྟ་སྤེལ་མགོ་ཚུགས་དགོས།

ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས།

དྲྭ་རྒྱའི་བཟའ་བཏུང་ལས་སྟེགས་ཀྱིས་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ནན་པོ་བྱ་རྒྱུར་སྐུལ་འདེད་གཏང་དགོས་པ།སྡེབ་སྐྱེལ་དུས་བཀག་འོས་འཚམ་གྱིས་ལྷོད་དུ་གཏོང་དགོས་པ་ལས་རྩི་ཐབས་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ངལ་རྩོལ་པའི་ལུགས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་མི་ཆོག

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ།

དྲྭ་ཐོག་རླངས་འཁོར་གྱི་ལས་སྟེགས་ཁེ་ལས་ཀྱིས་འཐེན་ཚད་མཐོ་དྲགས་པའི་བསྡུར་ཚད་དམའ་རུ་གཏང་དགོས་པའི་བླང་བྱ་བཏོན།ལས་སྟེགས་ཀྱིས་ཟོག་བདག་ལ་ལུགས་མཐུན་མིན་པའི་རིན་གོང་ཁྱབ་བསྒྲགས་དང་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བར་འཇམ་ཁྲིད་བྱས་ནས་རིན་གོང་དམའ་མོས་འགྲན་རྩོད་བྱེད་པར་སྐུལ་ལྕག་བྱེད་མི་ཆོག

རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས།

ལོ་ལྔའི་ནང་སྒོར་ཁྲི5000བཏང་ནས་ཕྱི་རོལ་གྱི་ངལ་རྩོལ་པར་ཆུ་དང་གསང་སྤྱོད། གློག་གསོག་པའི་ཞབས་ཞུའི་ས་ཚུགས་འཛུགས་རྒྱུ་རེད།

ཉེ་ཆར་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་རྒྱུན་ལྡན་ཚོགས་འདུའི་ཐོག་སྡེ་ཚན་མང་པོའི་འགན་འཁུར་བས་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་སྲིད་ཇུས་གསར་པ་ཆ་ཚང་ཁྱབ་བསྒྲགས་བྱས་ཏེ་དྲྭ་རྒྱའི་བཟའ་བཏུང་ལས་སྟེགས་ལ་སྡེབ་སྐྱེལ་དུས་བཀག་འོས་འཚམ་ངང་ལྷོད་དུ་གཏོང་བ་དང་རྩི་ཐབས་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ངལ་རྩོལ་པའི་ལུགས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་མི་ཆོག་པའི་བླང་བྱ་བཏོན་པ་དང་། དྲ་རྒྱའི་རླངས་འཁོར་སྟེགས་བུའི་ཁེ་ལས་ཀྱིས་འཐེན་པའི་བསྡུར་ཚད་ཇེ་དམའ་རུ་བཏང་། སྲིད་ཇུས་གསར་པ་གཞིར་བཟུང་ཕྱི་ནས་ཟ་མ་སྐྱེལ་མཁན་སོགས་གླ་ཕོགས་ཆེས་དམའ་ཤོས་ཀྱི་ལམ་ལུགས་འགན་ལེན་ནང་གཞུག་པ་དང་འབྲེལ་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པའི་ལས་རིགས་ཀྱི་གནོད་འཚེའི་འགན་ལེན་ཡང་ཐོབ་རྒྱུ་རེད།།



  • ལེ་ཚན་སྔོན་མ།:ཉེ་བའི་ལོ་ལྔའི་རིང་གཙང་གསུམ་འབྱུང་ཡུལ་ནས་ཆུ་རྒྱུག་ཚད་ཆ་སྙོམས་ལོ་རེར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར92ལྷག་མང་དུ་ཕྱིན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།