དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་རྩ་བའི་ཁ་ཕྱོགས།

ཐུབ་ཀྱིས་བསྒྱུར།        2022-08-04

དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་རྩ་བའི་ཁ་ཕྱོགས།

 སྤྱི་ཟླ7པའི་ཚེས29ནས30ཉིན་བར། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་སྟེ་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་གྱི་རིགས་གཞུང་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པ་རྒྱས་བཤད་གནང་བ་རེད།

(གཅིག)

   ཞི་ཅིན་ཕིང་གིས་གསུང་བཤད་ནང་བསྟན་དོན། ང་ཚོར་ལག་ལེན་ཁྲོད་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བསམ་བློ་གལ་ཆེན་གྲུབ་པ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ཡོད། 

བསམ་བློ་གལ་ཆེན་འདིའི་ནང་དོན་གཙོ་བོ་ནི་དགོས་ངེས་པ་བཅུ་གཉིས་ཀྱི་ནང་དུ་འདུས་ཡོད་དེ། ངེས་པར་དུ་འཐབ་ཕྱོགས་གཅིག་གྱུར་གྱི་ཐབས་མཆོག་གལ་ཆེན་གྱི་ནུས་པ་འདོན་སྤེལ་གང་ལེགས་དང་། ངེས་པར་དུ་མི་སེམས་དང་སྟོབས་ཤུགས་ཀྱི་གནད་དོན་ཐག་གཅོད་ཡག་པོ། ངེས་པར་དུ་གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གྱི་འབྲེལ་བ་ཐག་གཅོད་ཡང་དག་པ། ངེས་པར་དུ་ཀྲུང་གོའི་སྲིད་ཏང་ལམ་ལུགས་གསར་པ་རྒྱུན་འཁྱོངས་ཡག་པོ་བྱེད་པ་དང་འཕེལ་རྒྱས་ཡག་པོ་གཏོང་བ། འཐུས་སྒོ་ཚང་དུ་གཏོང་བ། ངེས་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཆང་རྒྱུ་དེ་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་དུ་འཛིན་པ། ངེས་པར་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས། ངེས་པར་དུ་ཏང་ཕྱིའི་ཤེས་ཡོན་མི་སྣ་དང་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ། ངེས་པར་དུ་སྤྱིར་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བ་དང་སྤྱིར་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བ། ངེས་པར་དུ་ཀང་ཨའོ་ཐའེ་དང་ཕྱི་རྒྱལ་གྱི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་གྱིས་མི་སེམས་འགུགས་ཐབས་བྱེད་པའི་ནུས་པ་འདོན་སྤེལ། ངེས་པར་དུ་ཏང་ཕྱིའི་འཐུས་ཚབ་མི་སྣའི་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་རྒྱག་པ། ངེས་པར་དུ་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཆོས་ཉིད་ཁོང་དུ་ཆུད་པ། ངེས་པར་དུ་ཏང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏང་དགོས་པ་བཅས་སོ།།

   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་སྒྲུབ་པའི་སྐོར་གྱི་དགོངས་པ་གལ་ཆེན་ནི་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་བརྒྱའི་འཕེལ་རྒྱས་ལོ་རྒྱུས་ཀྱི་བློ་རིག་གི་ཉིང་བཅུད་ཡིན་ལ། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་རྩ་བའི་ཕྱོགས་སྟོན་ཡང་ཡིན་པ་རེད།

   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་པོར་བསྟན་དོན། འཐབ་ཕྱོགས་གཅིག་གྱུར་ནི་ཏང་གིས་དགྲ་བཏུལ་གཡུལ་རྒྱལ་དང་སྲིད་སྐྱོང་རྒྱལ་དར་གྱི་ཐབས་མཆོག་གལ་ཆེན་ཞིག་ཡིན་པར་མ་ཟད། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཚང་མར་མཐུན་སྒྲིལ་བྱས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ཐབས་མཆོག་གལ་ཆེན་ཞིག་ཀྱང་ཡིན་པས་ངེས་པར་དུ་ཡུན་རིང་པོར་རྒྱུན་འཁྱོངས་བྱ་དགོས། མི་སེམས་གཏད་ཕྱོགས་དང་སྟོབས་ཤུགས་བསྡུར་རེས་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་རྒྱལ་ཕམ་ཇི་ཡོང་གཏན་འཁེལ་བྱེད་པའི་འགག་རྩ་ཡིན་ལ། ཆབ་སྲིད་ཆེ་ཤོས་ཀྱང་ཡིན། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ངོ་བོའི་བླང་བྱ་ནི་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་བྱ་རྒྱུ་དེ་ཡིན་པ་དང་ཐག་གཅོད་བྱེད་པ་ནི་མི་སེམས་དང་སྟོབས་ཤུགས་ཀྱི་གནད་དོན་ཡིན། འགག་རྩ་ནི་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་རྒྱུན་འཁྱོངས་བྱས་ནས“མཐུན་སྒྲིལ། སྐྱོན་བརྗོད། མཐུན་སྒྲིལ”བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་སྣ་མང་རང་བཞིན་ལ་བརྩི་འཇོག་བྱེད་པའི་ཁྲོད་གཅིག་མཐུན་རང་བཞིན་བཙལ་ནས་མཐུན་ཆ་ཆེ་ཤོས་རྙེད་ཐུབ་པ་བྱ་དགོས།

(གཉིས།)

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་ནང་དུ། དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་རྒྱུས་ཁ་ཕྱོགས་ལ་དབྱེ་ཞིབ་གཏིང་ཟབ་གནང་ཡོད།

   འཐབ་ཕྱོགས་གཅིག་གྱུར་ནི་ཏང་གི་སྤྱི་ཡོངས་ཀྱི་ལམ་ཕྱོགས་དང་སྤྱི་ཡོངས་ཀྱི་སྲིད་ཇུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ད་ལོ་ནི་རང་རེའི་ཏང་གིས་འཐབ་ཕྱོགས་གཅིག་གྱུར་སྲིད་ཇུས་ཁ་གསལ་བཏོན་ནས་ལོ་བརྒྱ་འཁོར་བ་ཡིན། འཐབ་ཕྱོགས་གཅིག་གྱུར་གྱིས་རང་རྒྱལ་གྱི་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་བཅས་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་ནང་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།  

   《ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད》ནང་དུ། འཐབ་ཕྱོགས་གཅིག་གྱུར་རྒྱུན་འཁྱོངས་བྱ་རྒྱུ་དེ་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་བཅུའི་གྲས་སུ་བཞག་ཡོད།    

    ད་ཆ་འཐབ་ཕྱོགས་གཅིག་གྱུར་ལ་འཕྲད་པའི་དུས་བབ་དང་ཕྲག་ཐོག་ཏུ་འཁུར་བའི་འགན་འཁྲི་དང་ལས་འགན་ལ་འགྱུར་ལྡོག་གལ་ཆེན་འགའ་ཞིག་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་བས་གལ་འགངས་ཆེ་བ་གསུམ་བཏོན་གནང་བ་སྟེ།

—འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་གཏིང་ཟབ་འགྲོ་བཞིན་ཡོད་པར་བརྟེན། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ནུས་པ་དེ་བས་གལ་འགངས་ཆེ་བ།

—སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྱོང་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ལྟེ་གནས་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་འཐབ་ཕྱོགས་གཅིག་གྱུར་གྱི་ནུས་པ་དེ་བས་གལ་འགངས་ཆེ་བ། 

—རང་རྒྱལ་སྤྱི་ཚོགས་ཀྱི་གྲུབ་ཆར་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་ཏང་གི་གྲལ་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ། ཏང་གི་མང་ཚོགས་ཀྱི་རྨང་གཞི་རྒྱ་སྐྱེད་གཏོང་བའི་འཐབ་ཕྱོགས་གཅིག་གྱུར་གྱི་ནུས་པ་དེ་བས་གལ་འགངས་ཆེ་བ། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་བའི་ལས་འགན་བཏོན་གནང་བ་སྟེ།

    དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་རྒྱུན་འཁྱོངས། རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ། གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས། དུས་བསྟུན་མདུན་སྐྱོད་དང་དྲང་བདེན་འཛིན་ཞིང་གསར་གཏོད་བྱ་རྒྱུ་རྒྱུན་འཁྱོངས། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་པ། མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་གྱི་ཆབ་སྲིད་ནུས་པ་འདོན་སྤེལ་བཅས་བྱས་ཏེ་སྲིད་ཏང་གི་འབྲེལ་བ་དང་མི་རིགས་ཀྱི་འབྲེལ་བ། ཆོས་ལུགས་ཀྱི་འབྲེལ་བ། རིམ་གྲས་ཀྱི་འབྲེལ་བ། རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླའི་འབྲེལ་བ་བཅས་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་འབད་འཐབ་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྱོང་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་རྒྱུ་དེ་ཡིན།

(གསུམ།)

 འཐབ་ཕྱོགས་གཅིག་གྱུར་ནི་མཐུན་སྒྲིལ་ལས་བྱུང་བ་དང་མཐུན་སྒྲིལ་ལ་བརྟེན་ནས་དར་རྒྱས་བྱུང་བ་ཞིག་ཡིན། 

 ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེན་པོར་སྐུལ་འདེད་གཏོང་བའི་ཆེད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲེལ་བ་ཆ་བཞི་ཁོང་དུ་ཆུད་དགོས་པའི་བླང་བྱ་བཏོན་གནང་བ་སྟེ།

—མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་བསམ་བློ་བརྟན་སྲུང་དང་ཐུན་མོང་གི་ངོས་འཛིན་རྒྱ་སྐྱེད་གཏོང་བའི་འབྲེལ་བར་ཁོང་དུ་ཡག་པོ་ཆུད་པ་བྱ་དགོས་ཤིང་། ཐུན་མོང་གི་ངོས་འཛིན་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས་ཏང་ཤོག་མི་འདྲ་བ་དང་མི་རིགས་མི་འདྲ་བ། རིམ་གྲས་མི་འདྲ་བ། ཚོགས་སྤྱི་མི་འདྲ་བ། དད་སེམས་མི་འདྲ་བ་བཅས་དང་དེ་བཞིན་སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བའི་འོག་འཚོ་བ་རོལ་བཞིན་པའི་ཀྲུང་ཧྭའི་བུ་ཕྲུག་ཚང་མར་མཐུན་སྒྲིལ་བྱ་དགོས། 

—མངོན་མེད་གྲུབ་འབྲས་དང་གྲུབ་འབྲས་མངོན་གསལ་གྱི་འབྲེལ་བར་ཁོང་དུ་ཡག་པོ་ཆུད་པ་དང་། ཡང་དག་པའི་སྲིད་དོན་བྱས་རྗེས་ཀྱི་ལྟ་བ་རྒྱུན་འཁྱོངས་ཏེ་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་གཞག་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏང་དགོས། 

—རྩ་དོན་རང་བཞིན་དང་བབ་བསྟུན་རང་བཞིན་གྱི་འབྲེལ་བར་ཁོང་དུ་ཡག་པོ་ཆུད་པ་དང་། བྱེད་ཕྱོགས་སྲིད་ཇུས་ཀྱི་རྩ་དོན་རང་བཞིན་དང་ཁ་གཏད་གཅོག་ཐབས་ཀྱི་བབ་བསྟུན་རང་བཞིན་ཟུང་འབྲེལ་བྱེད་མཁས་པོ་བྱས་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཆབ་སྲིད་ཀྱི་མཐིལ་ཚད་བརྟན་པོར་བསྲུང་དགོས་ལ། ཞིབ་ཕྲའི་གནད་དོན་ལ་དབྱེ་ཞིབ་ཞིབ་ཕྲ་བྱས་ནས་ལས་ཀའི་བྱེད་ཐབས་ལ་གཙིགས་ཆེན་བྱ་དགོས། 

—མཐུན་སྒྲིལ་དང་འཐབ་རྩོད་ཀྱི་འབྲེལ་བར་ཁོང་དུ་ཡག་པོ་ཆུད་དགོས་ལ། འཐབ་རྩོད་བྱེད་མཁས་པོ་དང་འཐབ་རྩོད་ཀྱི་འཇོན་ཐང་ཇེ་དྲག་ཏུ་བཏང་ནས་སྲ་ཞིང་བརྟན་པའི་མཐུན་སྒྲིལ་ངོ་མ་ཡོང་གང་ཐུབ་བྱ་དགོས།

(བཞི།)

   ཏང་གིས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་ནི་དགོས་ངེས་པ་བཅུ་གཉིས་ཀྱི་ནང་དོན་གལ་ཆེན་ཡིན།

   2022ལོའི་ཟླ་བ11པའི་ཚེས30ཉིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་གཙོ་སྐྱོང་གནང་སྟེ། 《ཀྲུང་གོ་གུང་ཁྲན་ཏང་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྲོལ་ཡིག》ལ་གྲོས་ཞིབ་དང་དག་བཅོས་བྱས་ཤིང་། དེ་ལོའི་ཟླ་བ12པའི་ཚེས21ཉིན་ལ། སྲོལ་ཡིག་བཀྲམ་པ་རེད། དག་བཅོས་བྱས་རྗེས་ཀྱི་སྲོལ་ཡིག་གི་ཁྱད་ཆོས་མངོན་གསལ་ནི་ཏང་གིས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་ལ་ཁྱབ་ཡོད་པ་དེ་རེད།

     ཐེངས་འདིའི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་ཤུགས་རྒྱག་པའི་རྩ་བ་ནི་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་ནས་ཏང་ཡོངས་ཀྱི་གོང་འོག་ཚང་མས་མཉམ་དུ་ལག་པ་འགུལ་བ་དང་འབྲེལ་ཡོད་ཕྱོགས་ཀྱིས་མཐུན་སྦྱོར་མཉམ་འགུལ་བྱེད་པའི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱེད་པ་དེ་རེད། 

   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། འཐབ་ཕྱོགས་གཅིག་གྱུར་ནི་ཏང་གིས་འགོ་ཁྲིད་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་ཞིག་ཡིན་པར་བརྟེན། ཏང་གིས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་ཐུབ་པར་འགན་ལེན་བྱ་དགོས། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ནི་ཏང་ཡོངས་ཀྱི་ལས་དོན་ཞིག་ཡིན་པས། ངེས་པར་དུ་ཏང་ཡོངས་ཀྱིས་མཐོང་ཆེན་དང་ཚང་མས་ཐུན་མོང་དུ་བསྒྲུབས་ཏེ་ཏང་ཨུས་གཅིག་གྱུར་འགོ་ཁྲིད་དང་འཐབ་ཕྱོགས་གཅིག་གྱུར་སྡེ་ཚན་གྱིས་སྣེ་ཁྲིད་མཐུན་སྦྱོར། འབྲེལ་ཡོད་ཕྱོགས་ཀྱིས་རང་འགན་གཙང་སྒྲུབ་བཅས་བྱས་པའི་འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་ལས་དོན་གྱི་རྣམ་པ་ཞིག་བསྐྲུན་དགོས།

    རྒྱང་སྐྱོད་ལམ་བུ་གསར་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྐོར་གྱི་དགོངས་པ་གལ་ཆེན་ཆ་ཚང་ཞིང་ཡང་དག་པ་དང་། ཕྱོགས་ཡོངས་ནས་གོ་བ་བླང་པ་དང་། དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་རྒྱུས་ཁ་ཕྱོགས་དང་འགན་འཁྲི་གལ་ཆེན་ཁོང་དུ་བརྟན་པོར་ཆུད་ཅིང་། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཏང་གི་ལས་འགན་གཙོ་བོར་དམིགས་ནས་སེམས་ཤུགས་གཅིག་ཏུ་བསྒྲིལ་ཏེ། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་འཁྱོལ་བ་བྱས་ན། འཐབ་ཕྱོགས་གཅིག་གྱུར་བྱ་གཞག་ཐད་ལེའུ་གསར་པ་བརྩམ་ཐུབ་ངེས་རེད།། 



  • ལེ་ཚན་སྔོན་མ།:ཀྲེང་ཀྲོའུ་ཧྲང་ཏུའུ་གནའ་ཤུལ་དངོས་མང་བཤམས་སྟོན་ཁང་དུ་བསྐྱོད་པ།
  • ལེ་ཚན་རྗེས་མ།:མང་ཚོགས་ལ་ཐོན་ལས་འཕེལ་རྒྱས་ཀྱི་ཕན་འབྲས་བཟང་པོ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།