བདེ་འཇགས་དང་འཆམ་མཐུན་གྱི་འབྲོག་ཁུལ་གསར་པ།

བདེ་སྐྱིད་ཀྱིས་བསྒྱུར།        2022-08-08

གསེར་རྟ་རྫོང་འབྲོག་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་ལས་ཀའི་སྐོར་གྱི་དངོས་བྲིས།

གསེར་རྟ་རྩྭ་ཐང་ཐོག་མང་ཚོགས་ཀྱི་དྲིན་གཟོའི་འདུ་ཤེས་ཉིན་རེ་ལས་ཉིན་རེར་ཇེ་ཟབ་ཏུ་གྱུར་བ་དང་། བཅོས་སྐྱོང་གི་རྨང་གཞི་ཉིན་རེ་ལས་ཉིན་རེར་ཇེ་བརྟན་དུ་ཕྱིན། སྤྱི་ཚོགས་ཆབ་སྲིད་ཉིན་རེ་ལས་ཉིན་རེར་འཆམ་མཐུན་བརྟན་རླིང་བྱུང་བ། ཁྲིམས་སྐྱོང་ཁོར་ཡུག་ཉིན་རེ་ལས་ཉིན་རེར་ལེགས་སུ་ཕྱིན་པ། བདེ་འཇགས་ཁོར་ཡུག་ཉིན་རེ་ལས་ཉིན་རེར་ཉེན་མེད་བྱུང་བ། སྤྱི་པའི་ཁོར་ཡུག་ཉིན་རེ་ལས་ཉིན་རེར་སྐྱོན་བྲལ་བཅས་བྱུང་བ།གསེར་རྟ་ཤེས་རྨོངས་ནས་དཔལ་ཡོན་གྱི་ཕྱོགས་སུ་བསྐྱོད་པ་དང་བཀག་སྡོམ་ནས་སྒོ་འབྱེད། དབུལ་ཕོངས་རྗེས་ལུས་ནས་ཁྱོན་ཡོངས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ནས་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་བ་དང་སྐྱིད་སྣང་སྔར་བས་འགན་ལེན་ཐུབ་པ། བདེ་སྣང་སྔར་བས་རྒྱུན་མཐུད་ཐུབ་པ་བཅས་བྱུང་ཡོད།

ཀ མཉམ་འགོག་མཉམ་བཅོས་བྱས་ནས་ཉེན་མེད་ཀྱི་འབྲོག་ཁུལ་འཛུགས་སྐྱོང་བྱས།

མཚན་མོའི་གསེར་རྟ་ཐང་ཆེན་དུ་གློག་སྒྲོན་རིམ་གྱིས་གསལ་ཞིང་། གྲོང་མི་ཚོས་རོལ་དབྱངས་དང་བསྟུན་ནས་གླུ་ལེན་གར་འཁྲབ་བྱེད། བྱིས་པ་རྣམས་ཀྱིས་ཕན་ཚུན་རྗེས་སྙེག་དང་ཟློས་གར་རྩེད་མོ་རྩེ་བ་ལ་སོགས་པའི་རྣམ་པས་ཁེངས། རྒྱལ་ཁབ་དར་རྒུད་ལམ་ལུགས་ལ་རག་ལས།མི་དམངས་བདེ་སྐྱིད་འཆམ་མཐུན་བྱས་ནས་ཡོང་། གསེར་རྟར་སྐྱོད་དུས་ཁོར་ཡུག་མཛེས་པ་དང་བདེ་འཇགས་ཡིན་པ། དེ་བས་འཚོ་སྡོད་དང་ལས་ཞུགས་བྱ་རྒྱུར་འཚམ་པ། མང་ཚོགས་ཀྱི་ངོ་གདོང་ནས་བདེ་སྐྱིད་ལྡན་པའི་འཛུམ་མདངས་འཕྱུར་བཞིན་མཆིས། མཛེས་སྡུག་ལྡན་པའི་རི་མོ་འདི་ནི་གསེར་རྟ་རྫོང་གི་ལས་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་ལྷག་བསམ་རྣམ་དག་དང་འགན་འཁྲིའི་རྔུལ་ཆུ། སེམས་ཤུགས་ལ་བརྟེན་ནས་བྲིས་པ་ཞིག་རེད།

ཇུས་འགོད་བཀོད་པ་བྱས་ཏེ“ཁ་སྒྱུར་འཁོར་ལོ”ཡག་པོ་རྒྱག་རྒྱུ་ནི་འགག་རྩ་ཡིན་ཞིང་། རྨང་གཞི་ལེགས་སུ་གཏོང་བ་དང་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏང་ཆེད། གསེར་རྟ་རྫོང་གིས་རིམ་པ་གཉིས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་གཙོ་བོ་ནི“ཙུའུ་ཀྲང་གཉིས”དང་། ལས་བགོས་གཞོན་པ་ནི་ཙུའུ་ཀྲང་གཞོན་པ། འབྲེལ་ཡོད་སྡེ་ཚན་གྱི་མགོ་ཁྲིད་གཙོ་བོས་ཁོངས་མིའི་འགན་འཁུར་ནས། གྲོང་ཁྱེར་ཁྱབ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་མགོ་ཁྲིད་ལམ་སྲོལ་འཛུགས་པ་དང་། ལས་ཀའི་ནང་དོན་དང་ལས་གཞི་ཁག་བགོས་ནས་ཆེད་དོན་ཚོ་ཆུང13དང་ཆེད་དོན་འཛིན་གྲྭ་གཞུང་ལས་ཁང1བཙུགས་པ་རེད། གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལས་དོན་དེ་སྲིད་གཞུང་གི་རྒྱུན་ལས་གྲོས་གཞིར་ཞིབ་འཇུག་དང་སྐུལ་འདེད་བཏང་སྟེ། ཉེན་མེད་འཛུགས་སྐྱོང་དང་སྤྱི་ཚོགས་བཅོས་སྐྱོང་དང་འབྲེལ་བ་ཡོད་པའི་ལས་གཞི16ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་འགོད་ནང་བཞག་ནས། ཆ་འཕྲིན་ཅན་དང་དངོས་ཚན་ཅན་འཛུགས་སྐྱོང་ལ་བརྟན་ཞིང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏང་རྒྱུར་འགན་ལེན་བྱས་པ་རེད།

སྤྱི་ཚོགས་བཅོས་སྐྱོང་དང་ཉེན་མེད་ནི་ཏང་ཨུ་དང་སྲིད་གཞུང་གི་བྱ་བ་ཁོ་ན་ཙམ་མ་ཡིན་པར་མང་ཚོགས་རང་ཉིད་ཀྱི་བྱ་བ་དེ་བས་ཀྱང་ཡིན། མིག་སྔར་མིང་ཐོ་འགོད་པའི་དང་བླངས་པ་ཁྱོན་བསྡོམས12660དང་དྲྭ་རྒྱའི་དཔྱད་གཏམ་སྤེལ་མཁན117ཡོད་པ་དང་། སྤྱི་ཚོགས་རྩ་འཛུགས་དང་བཅོས་སྐྱོང་དཔུང་སྡེ་སྣ་ཚོགས་ལའང“གཅིག་ཀྱང་མེད་པ”ཚད་བརྒལ་བྱུང་ཡོད་པ་རེད།

ཁ། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ་འཆམ་མཐུན་གྱི་འབྲོག་ཁུལ་བཏོད།

གསེར་རྟ་རྫོང་ཡང་འགོ་ཡུལ་ཤོག་ཇག་གཏོང་གྲོང་སྡེར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱེད་སྒོ་སྔར་བས་གཏིང་ཟབ་ཏུ་གཏོང་ཆེད། ཞིང་ཆེན་མི་རིགས་དོན་གཅོད་ཨུ་ལྷན་གྱི་རོགས་སྐྱོར་འོག་ཡུལ་བབ་དང་བསྟུན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི་དང་། མི་རིགས་མཐུན་སྒྲིལ་རིག་གནས་ཀྱི་གྱང་། མི་རིགས་མཐུན་སྒྲིལ་རིག་གནས་ཀྱི་ཐང་ཆེན་བཅས་བསྐྲུན་རྒྱུ་དང་། རྒྱུན་རྣམ་ཅན་གྱི་མཉམ་འགུལ་གྱིས་མི་རིགས་མཐུན་སྒྲིལ་སྐོར་གྱི་བྱེད་སྒོ་ཐེངས་དྲུག་སྤེལ་བ་རེད། 

ག། ཁྲིམས་སྐྱོང་གིས་སྲུང་སྐྱེལ་བྱས་ནས་བདེ་འཇགས་ཀྱི་འབྲོག་ཁུལ་བསྐྱངས།

ཞིང་འབྲོག་མང་ཚོགས་རྣམས་གྲོང་སྡེ་དང་གྲོང་རྡལ། གཞིས་ཆགས་ས་བཅས་དང་ཐག་རིང་ལུང་ཁུག་ཏུ་འཚོ་སྡོད་བྱེད་པ་དང་། རི་མཐོ་གྲོག་རོང་དང་ཐག་རིང་འབྲོག་སའི་འགྲིམ་འགྲུལ་སྟབས་མི་བདེ་བ། ས་དབྱིབས་རྙོག་འཛིང་ཆེ་བ།གནམ་གཤིས་འགྱུར་ལྡོག་ཆེ་བ། སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བར་དཀའ་གནད་མང་པོ་བཟོས་ཡོད་པ་རེད། གསེར་རྟ་རྫོང་གི་མི་དམངས་ཉེན་རྟོག་པ་དང་ཉེན་རྟོག་རམ་འདེགས་པས་རྟ་བཞོན་པ་དང་ཡང་ན་འཕྲུལ་རྟ་བཞོན་པའི་བྱེད་ཐབས་བརྒྱུད་རི་མཐོ་དང་གྲོག་རོང་། རྩྭ་ཐང་བཅས་སུ་བསྐྱོད་དེ་གྲོང་སྡེ་དང་དུད་ཚང་དུ་ཁྲིམས་སྐྱོང་དྲིལ་བསྒྲགས་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་འཚོལ་བསྡུ། དཀའ་ངལ་ཐག་གཅོད། འགལ་ཟླ་དང་རྩོད་གཞི་འདུམ་སྒྲིག། མཐའ་མཚམས་སྐོར་ཞིབ་དང་དོ་དམ་ཚོད་འཛིན་སོགས་ཀྱི་ལས་ཀ་སྤེལ་ནས། ཉེན་དོན་ལས་ཀའི་ཁྱོན་ཡོངས་དང་ཁུག་ཀྱོག་མེད་པར་ཁོངས་གཏོགས་ཧྲིལ་པོར་ཁྱབ་པ་བྱས་ཏེ་དྲོད་སྐྱིད་ལྡན་པའི་ཞབས་ཞུ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་ཐུབ་པ་བྱས་པ་རེད།

ང་། སྤྱོད་བཟང་སློབ་གསོར་བརྟེན་ནས་དཔལ་ཡོན་གྱི་འབྲོག་ཁུལ་བསྐྱངས།

ཏང་གི་དྲིན་གཟོ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ། ཞིང་ཆེན་རིམ་པའི་དཔལ་ཡོན་གྲོང་ཁྱེར་གཏོད་པ། ཡུལ་ཤོག་གི་ཡ་རབས་དཔལ་ཡོན་འཛུགས་སྐྱོང་། གསར་བརྗེའི་གཞི་རྒྱུ་འཛུགས་སྐྱོང་། མི་བཟང་དཔྱད་འདེམས་སོགས་བྱས་པ་རེད། ཉེ་བའི་ལོ་ཤས་རིང་གསེར་རྟ་རྫོང་གིས་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་བཏང་བ་རེད། རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་བྱེད་སྒོ་སྤེལ་བར་བརྒྱུད་གྲོང་ཁྱེར་གྱི་སྤྱི་ཚོགས་བཅོས་སྐྱོང“མི་དམངས་བདེ་སྡོད་ལས་བརྩོན་དང་། སྤྱི་ཚོགས་བརྟན་རླིང་དང་གོ་རིམ་ལྡན་པ། རྒྱལ་ཁབ་ཡུན་རིང་བདེ་འགོད་དང་འབྲེལ་བ་ཡོད་པ”བཅས་ཀྱི་སྐོར་མང་ཚོགས་ལ་གཟིགས་སྐྱོང་སྲིད་ཇུས་གསལ་བཤད་དང་གསེད་འགྲེལ་ཡག་པོ་བྱས་པ་རེད། མིག་སྔའི་བར་ཡ་རབས་གྲོང་སྡེ46དང་སྐར་མ་རིམ་པ་ལྔའི་ཡ་རབས་དུད་ཚང3900བསྐྱངས་པ་དང་། ཞིང་ཆེན་གྱི་ཏོག་གསར་རིམས་ཚུལ་འགོག་ཟོན་གྱི་སྔོན་ཐོན་མི་སྒེར་གསུམ་དང་ཞིང་ཆེན་རིམ་པའི་ཆེས་ཡག་པོའི་ཁྱིམ་ཚང་གསུམ། དཀར་མཛེས་ཁུལ་གྱི་མི་བཟང་གཅིག།ཁུལ་གྱི་ལྔ་གཅིག་ངལ་རྩོལ་གྱི་གཟེངས་རྟགས་གཉིས་བཅས་མཚམས་སྦྱོར་བྱས་པ་རེད།

ཅ། རིག་པས་བཅོས་སྐྱོང་གིས་འདེགས་སྐྱོར་བྱས་ནས་དེང་རབས་ཅན་གྱི་འབྲོག་ཁུལ་བསྐྱངས།

གསེར་རྟ་རྫོང་གིས་ཡུལ་བབ་དང་བསྟུན་པ་དང་ཐོན་ཁུངས་བསྡུ་སྒྲིལ། ཁྱོན་ཡོངས་ལ་ཁྱབ་པ། སྤྱོད་གོ་ཆོད་པའི་ལག་ཤེས་གསོ་སྐྱོང་བྱས་པ་བཅས་ཀྱི་བྱེད་ཐབས་ལ་གཞིགས་ནས།“ཁ་བ་འབབ་དུས་ཀྱི་འདུ་འགོད”གནས་ཐིག316བསྐྲུན་ནས་རྫོང་ཡོངས་ཀྱི་གྲོང་སྡེ་དང་མཉམ་ལས་ཁང130ལ་ཁྱབ་པ་བྱས་མཐར་ཁྱབ་ཚད་བརྒྱ་ཆ་བརྒྱ་ལ་ཟིན་པ་རེད།“མཁའ་ལམ་དྲྭ་སྦྲེལ”གྱི་གནས་ཐིག405བཙུགས་ནས་རྫོང་ཡོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ13 སྡེ་ཁུལ5དང་དགོན་པ17བཅས་ལ་ཁྱབ་སྟེ་གཙོ་གནད་ས་ཁོངས་ཡོངས་སུ་ཁྱབ་པ་རེད། མིའི་གདོང་དབྱེ་འབྱེད་མ་ལག39དང་རིག་ལྡན་འགྲིམ་འགྲུལ་མ་ལག87ཕྱོགས་བསྡུས་རང་བཞིན་གྱི་བདེ་སྐྱོང་དོ་དམ་མ་ལག8བཅས་སྒྲིག་སྦྱོར་བྱས་པ་རེད། སྡེ་ཁུལ་གྱི་མི་སྡོད་གནད་ཁེལ་ཅན་གྱི་དོ་དམ་མ་ལག་ལ་གཞིགས་ནས་ཆ་འཕྲིན་ཅན་གྱི་དོ་དམ་བྱེད་སྟངས་ཐོག་ནས་དུད་ཚང་རེ་རེར་ཁྱིམ་ཚང་གི་གྲངས་གཞི34དང་མི་རེ་རེར་རྨང་གཞིའི་གྲངས་གཞི61ལ་དོ་དམ་བྱས་པ་རེད། རྩིས་ཁྲ་ཅན་གྱི་བྱེད་སྟངས་ཐོག་མིའི་སྡོད་ཁང་དང་དམངས་འཚོ། བརྟན་རླིང་། ཏང་དང་མང་ཚོགས་བཅས་ཀྱི་ལས་ཀ་ཆེན་པོ་བཞིར་དོ་དམ་ཡག་པོ་བྱས་པ་རེད། རིག་ནུས་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་གཞི་རིམ་གྱི་རྒྱུན་སྤྱོད་གཞི་གྲངས་བསྡོམས་རྩིས་དང་། འདྲི་རྩད། དབྱེ་ཞིབ་བཅས་མངོན་འགྱུར་བྱུང་སྟེ། གཞི་རིམ་གྱི་གཞི་གྲངས་འཚོལ་བསྡུ་གནད་འཁེལ་མི་ཐུབ་པ་དང་། བསྡོམས་རྩིས་མི་གསལ་བ། དབྱེ་ཞིབ་བྱེད་མི་ཐུབ་པ་བཅས་ཀྱི་གནད་དོན་ཕན་ནུས་ལྡན་པའི་ངང་སེལ་བ་དང་། གཞི་རིམ་གྱི “ཆ་འཕྲིན་ཁེར་ཆགས་གླིང་ཕྲན”མེད་པར་བཟོས་ནས་སྡེ་ཁུལ་དོ་དམ་གྱི་ལས་ཕྱོད་ཆེ་རུ་བཏང་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:མི་རབས་གསུམ་གྱི་རྒྱང་སྐྱོད་ལམ་བུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།