རང་ཁུལ་དགེ་རྒན་རྐང་འཛིན་པའི་གསོ་སྐྱོང་འཆར་གཞི་འདི་འདྲ་རེད་འདུག།

ཐུབ་ཀྱིས་བསྒྱུར།        2022-08-09

    འདི་ལོའི་སྤྱི་ཟླ7པའི་ཚེས5ཉིན་ལ། ཁུལ་མི་དམངས་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《དཀར་མཛེས་ཁུལ་དགེ་རྒན་རྐང་འཛིན་པའི་གསོ་སྐྱོང་འཆར་གཞི(2022ནས2026)》འགྲེམ་སྤེལ་བྱས།

   གཅིག། ཁུལ་དགེ་རྒན་རྐང་འཛིན་པ་གསོ་སྐྱོང་བྱ་ཡུལ་གདམ་པའི་ཁྱབ་ཁོངས།

    དགེ་རྒན་རྐང་འཛིན་པ་གསོ་སྐྱོང་བྱ་ཡུལ་ཞེས་པ་ནི་ང་ཚོའི་ཁུལ་གྱི་སྒྲིག་ཁོངས་སུ་ཡོད་པའི་ལས་ཐོག་ལས་གནས་སུ་ཡོད་པའི་བྱིས་སྐྱོང་ཁང་དང་། སློབ་གྲྭ་འབྲིང་ཆུང་། འབྲིང་རིམ་ལས་རིགས་སློབ་གྲྭ་བཅས་ཀྱི་ལས་ཡུལ་དང་པོའི་དགེ་རྒན་ཡིན་པ་རེད།

   གཉིས། ཁུལ་དགེ་རྒན་རྐང་འཛིན་པ་གསོ་སྐྱོང་བྱ་ཡུལ་གྱི་འདེམས་སྒྲུག་ཆ་རྐྱེན།

    ཁུལ་རིམ་པའི་དགེ་རྒན་རྐང་འཛིན་པ་གདམ་གསེས་བྱེད་པར་ཆ་རྐྱེན་བཞི་ཡོད་པ་སྟེ།

     གཅིག་ནི་རྨང་གཞིའི་ཆ་རྐྱེན་ཡིན་ཞིང་། གསོ་སྐྱོང་བྱ་ཡུལ་ལ་རྫོང(གྲོང་ཁྱེར)སྒྲིག་ཨུ་དང་། སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་། འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན། དྲ་བ་དང་ཆ་འཕྲིན་བདེ་འཇགས་བཅས་སྡེ་ཚན་གྱིས་གསལ་འབྱེད་བསམ་འཆར་འཁོད་དགོས། དགེ་རྒན་གྱི་ཐོབ་ཐང་ལག་ཁྱེར་དང་སྦྱངས་རབས་དངོས་གཞིའི་ཚན་ཁག་ཡན་དང་ཕྱོགས་བསྡུས་བྱང་ཚད་ཅུང་མཐོ་བ་བཅས་ཡིན་དགོས། 

     གཉིས་ནི་སློབ་ཁྲིད་ཀྱི་གྲུབ་འབྲས་ཡིན་ཞིང་། རང་ངོས་ཀྱི་དགེ་རྒན་གྱི་རིག་ཚན་ཤེས་བྱའི་ཆུ་ཚད་ཚད་ལེན་ཚོད་ལྟ་བརྒྱུད་དེ་ཡག་པོ་ཡོད་པ་དང་།སློབ་ཁྲིད་བྱ་ཡུལ་སློབ་མའི་ལྟ་ཞིབ་ཚད་ལེན་གྱི་གྲུབ་འབྲས་རྫོང(གྲོང་ཁྱེར་དང་སློབ་གྲྭ)དེའི་མདུན་གྲལ་དུ་བསླེབ་དགོས།

     གསུམ་ནི་ཁྱིམ་ཚང་དང་སློབ་གྲྭས་མཉམ་དུ་གསོ་སྐྱོང་བྱེད་ཅིང་། གསོ་སྐྱོང་བྱ་ཡུལ་ལ་སྤྱི་ཚོགས་ཀྱི་ཁས་ལེན་ཐོབ་པ་དང་ཁྱིམ་བདག་གིས་དེར་ཡི་རང་བྱེད་པ།

     བཞི་ནི་ལས་ཀའི་རྣམ་འགྱུར་ཡིན་ཞིང་། རང་མོས་ཀྱིས་སློབ་གསོ་གཉེར་བ་དང་། ལས་ཀའི་ཧུར་སེམས་ཆེ་བ། སློབ་གསོའི་བརྩེ་སེམས་ལྡན་པ་བཅས་རེད།

   གསུམ། ཁུལ་དགེ་རྒན་རྐང་འཛིན་པ་གསོ་སྐྱོང་བྱ་ཡུལ་གདམ་གསེས་བྱེད་པའི་གོ་རིམ།

     ཁུལ་རིམ་པའི་དགེ་རྒན་རྐང་འཛིན་པ་གསོ་སྦྱོང་བྱ་ཡུལ་ལོ་རེར་ཐེངས་རེ་གདམ་རྒྱུ་དང་། ལོ་དང་པོར་ཐད་ཀར་གདམ་གསེས་བྱེད་པ་དང་། ལོ་གཉིས་པ་ནས་བཟུང་ལོ་གོང་མའི་ཁུལ་རིམ་པའི་དགེ་རྒན་རྐང་འཛིན་པའི་གསོ་སྦྱོང་གི་ཁྱབ་ཁོངས་ནང་ནས་གདམ་གསེས་བྱ་རྒྱུ། གནས་སའི་སློབ་གྲྭ་འདེམས་སྒྲུག་འོས་སྦྱོར་དང་། རྫོང(གྲོང་ཁྱེར)སློབ་གསོ་དང་ལུས་རྩལ་ཅུས་ཀྱིས་ཞིབ་བཤེར། ཁུལ་སློབ་གསོ་དང་ལུས་རྩལ་ཅུས་ཀྱིས་ངོས་འཛིན་གཏན་འཁེལ་བཅས་བྱེད་པའི་བྱ་ཐབས་སྤྱད་དེ་ཐོན་པར་བྱ་དགོས། འདེམས་སྒྲུག་གི་གོ་རིམ་ཞིབ་ཕྲ་བ་གཤམ་གསལ།

     གཅིག་ནི་སློབ་གྲྭས་འདེམས་སྒྲུག་ཁྱབ་ཁོངས་དང་ཆ་རྐྱེན་ལ་གཞིགས་ནས་དགེ་རྒན་རྐང་འཛིན་པ་གཏན་འཁེལ་བྱས་ཏེ་གཙོ་སྐྱོང་སྡེ་ཁག་ལ་སྙན་སེང་ཞུ་དགོས་པར་མ་ཟད། སློབ་གྲྭ་ཡོངས་སུ་ཡོངས་བསྒྲགས་ཀྱང་བྱ་དགོས།

     གཉིས་ནི་སློབ་གསོ་གཙོ་གཉེར་སྡེ་ཚན་གྱིས་མི་སྣ་སྒྲིག་འཛུགས་བྱས་ཏེ་འོས་མིར་འདེམས་སྒྲུག་འོས་སྦྱོར་བྱེད་པ་དང་། འོས་སྦྱོར་བྱ་ཡུལ་མི6ལས་བརྒལ་མི་ཆོག་ཅིང་། འབྲེལ་ཡོད་ཡིག་ཆ་ས་གནས་དེ་གའི་སློབ་གསོའི་དྲྭ་ཚུགས་སུ་ལས་ཞག5ཡོངས་བསྒྲགས་བྱ་དགོས།

     གསུམ་ནི་འོས་སྦྱོར་བྱ་ཡུལ་ཡོངས་བསྒྲགས་བྱས་ནས་བསམ་འཆར་མི་འདྲ་བ་མེད་རྗེས་རྫོང(གྲོང་ཁྱེར)དེ་གའི་རྩ་འཛུགས་དང་མི་དོན་སྡེ་ཚན་གྱིས་ཞིབ་འཇུག་བྱས་ནས་མོས་མཐུན་ཐོབ་རྗེས་འོས་སྦྱོར་མི་གྲངས་གཞིར་བཟུང་ནས་ཁུལ་སློབ་གསོ་ལུས་རྩལ་ཅུས་ལ་འོས་སྦྱོར་གོང་ཞུ་བྱ་དགོས།

     བཞི་ནི་ཁུལ་སློབ་གསོ་ལུས་རྩལ་ཅུས་ཀྱིས་འོས་སྦྱོར་བྱས་པའི་འོས་མིའི་ཡིག་ཆར་ཞིབ་དཔྱད་བྱེད་པ་དང་འབྲེལ་ཞིབ་བཤེར་གཏན་འབེབས་བྱས་པའི་འོས་མི་དཀར་མཛེས་ཁུལ་སློབ་གསོ་ལུས་རྩལ་དྲྭ་ཚུགས་སུ་ལས་ཞག5ཡོངས་བསྒྲགས་བྱ་རྒྱུ་བཅས་རེད། ཡོངས་བསྒྲགས་བྱས་ནས་བསམ་འཆར་མི་འདྲ་བ་མེད་རྗེས་དགེ་རྒན་རྐང་འཛིན་པ་གསོ་སྐྱོང་བྱ་ཡུལ་གྱི་མིང་ཐོ་ཁྱབ་བསྒྲགས་བྱ་དགོས།

   བཞི། ཁུལ་རིམ་པའི་དགེ་རྒན་རྐང་འཛིན་པ་གསོ་སྐྱོང་བྱེད་ཐབས།

   དགེ་རྒན་རྐང་འཛིན་པ་གསོ་སྐྱོང་བྱེད་སྟངས་ཐད་སྔོན་ལ་འདེམས་སྒྲུག་དང་། གསོ་སྦྱོང་ལ་ཤུགས་སྣོན། རྗེས་སུ་དཔྱད་ཞིབ། དེ་ནས་བྱ་དགའ་དང་ཆད་གཅོད་བཅས་ཀྱི་གོ་རིམ་སྤྱད་དེ་སྐས་རིམ་ལྟར་རིམ་སྤོར་གྱི་གསོ་སྦྱོང་བྱ་ཐབས་སྤྱད་དེ“1+2+3”དང་།“1+3”“1+2”བཅས་ཀྱི་བྱེད་སྟངས་ལྟར་གསོ་སྦྱོང་བྱ་རྒྱུ་སྟེ།

  གཅིག་ནི2022ལོར་གསོ་སྐྱོང་བྱ་ཡུལ་དགེ་རྒན་རྐང་འཛིན་པ100ཐད་ཀར་གདམ་དགོས།

   གཉིས་ནི2023ལོར1+2+3”གྱི་རྣམ་པ་སྤྱད་པ་སྟེ།“1”ནི2022ལོར་བདམས་པ་དང་འབྲེལ་དཔྱད་ཞིབ་ཚད་ལོན་རྗེས་ཀྱི་ཁུལ་རིམ་པའི་དགེ་རྒན་རྐང་འཛིན་པ100ཡིན།“2”ཞེས་པ་ནི་ཁུལ་རིམ་པའི་དགེ་རྒན་རྐང་འཛིན་པ100ཡིས་བཤད་རོགས་ཁྲིད་གསུམ་གྱི་ནུས་པ་འདོན་སྤེལ་བྱས་ནས་ཁུལ་ དགེ་རྒན་རྐང་འཛིན་པ་རེས་ཁུལ་རིམ་པའི་དགེ་རྒན་རྐང་འཛིན་པ2གསོ་སྦྱོང་བྱེད་འགན་འཁུར་རྒྱུ་ལ་ཟེར་བ་དང་།“3”ནི་ཁུལ་རིམ་པའི་དགེ་རྒན་རྐང་འཛིན་པ100ལ་མི་རེས་རྫོང་རིམ་པའི་དགེ་རྒན་རྐང་འཛིན་པའི་འོས་མི3ཡི་གསོ་སྦྱོང་བྱེད་འགན་འཁུར་རྒྱུ་དེ་རེད།

   གསུམ་ནི2024ལོར1+1+3”གྱི་བྱེད་སྟངས་སྤྱད་པ་སྟེ།“1”ནི2023ལོར་གསོ་སྦྱོང་བྱས་པ་དང་འབྲེལ་དཔྱད་ཞིབ་ཚད་ལོན་རྗེས་ཀྱི་ཁུལ་རིམ་པའི་དགེ་རྒན་རྐང་འཛིན་པ300ཡིན་པ་དང་།“1”གཉིས་པ་ནི་ཁུལ་རིམ་པའི་དགེ་རྒན་རྐང་འཛིན་པ300ཡི་བཤད་ཁྲིད་རོགས་གསུམ་གྱི་ནུས་པ་འདོན་སྤེལ་བྱས་ནས་ཁུལ་རིམ་པའི་དགེ་རྒན་རྐང་འཛིན་པ་རེས་ཁུལ་རིམ་པའི་དགེ་རྒན་རྐང་འཛིན་པའི་འོས་མི1གསོ་སྦྱོང་བྱ་རྒྱུའི་འགན་འཁུར་རྒྱུ་དང་།“3”ནི་ཁུལ་རིམ་པའི་དགེ་རྒན་རྐང་འཛིན་པ300ལས་མི་རེས་རྫོང་རིམ་པའི་དགེ་རྒན་རྐང་འཛིན་པའི་འོས་མི3གསོ་སྦྱོང་བྱ་རྒྱུའི་འགན་འཁུར་དེ་རེད།

   བཞི་ནི2025ལོར1+1+2”ཡི་བྱེད་སྟངས་སྤྱད་པ་སྟེ།“1”ནི2024ལོར་གསོ་སྦྱོང་བྱས་པ་དང་འབྲེལ་དཔྱད་ཞིབ་ཚད་ལོན་རྗེས་ཀྱི་ཁུལ་རིམ་པའི་དགེ་རྒན་རྐང་འཛིན་པ600ཡིན་པ་དང་། “1”གཉིས་པ་ནི་ ཁུལ་རིམ་པའི་དགེ་རྒན་རྐང་འཛིན་པ600ཡི་བཤད་རོགས་ཁྲིད་གསུམ་གྱི་ནུས་པ་འདོན་སྤེལ་བྱས་ནས་ཁུལ་རིམ་པའི་དགེ་རྒན་རྐང་འཛིན་པ་རེར་ཁུལ་རིམ་པའི་དགེ་རྒན་རྐང་འཛིན་པའི་འོས་མི་རེ་གསོ་སྐྱོང་བྱ་རྒྱུའི་འགན་འཁུར་རྒྱུ་དང་།“2”ནི་ཁུལ་རིམ་པའི་དགེ་རྒན་རྐང་འཛིན་པ600ལས་མི་རེས་རྫོང་རིམ་པའི་དགེ་རྒན་རྐང་འཛིན་པའི་འོས་མི2ཀྱི་གསོ་སྦྱོང་བྱེད་འགན་འཁུར་རྒྱུ་དེ་རེད།

   ལྔ་ནི2026ལོར་ཁུལ་རིམ་པའི་དགེ་རྒན་རྐང་འཛིན་པ1200དང་རྫོང་རིམ་པའི་དགེ་རྒན་རྐང་འཛིན་པ2400བརྟན་ཐོག་ཡར་སྤར་བྱ་དགོས།

    ལྔ། ཁུལ་རིམ་པའི་དགེ་རྒན་རྐང་འཛིན་པ་གསོ་སྐྱོང་བྱ་རྒྱུའི་ནང་དོན་དང་བྱེད་ཐབས།

    དགེ་རྒན་རྐང་འཛིན་པ་གསོ་སྐྱོང་བྱེད་པའི་ནང་དོན་ལ“རིགས་པའི་གཞུང་ལུགས་དང་།ལག་ལེན།ནུས་པ།ལག་རྩལ”བཅས་ཕྱོགས་ཆེན་པོ་བཞི་ཡོད་དེ།

    གཅིག་ནི་རིགས་པའི་གཞུང་ལུགས་གསོ་སྐྱོང་བྱ་རྒྱུ་སྟེ། སློབ་གསོ་རིག་པ་དང་སེམས་ཁམས་རིག་པ་སོགས་རྨང་གཞིའི་རིགས་པའི་གཞུང་ལུགས་དང་རིག་གཞུང་ཚན་ཁག་གི་ཤེས་བྱའི་སྐོར་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏང་རྒྱུ་དང་།སློབ་ཚན་གསར་པ་དང་སློབ་ཚན་གསར་པའི་ཚད་གཞིར་དམིགས་ཏེ་ཤེས་བྱ་དང་རིག་ཚན་གྱི་ཆེད་ལས་གསོ་སྦྱོང་རྣམ་པ་སྣ་ཚོགས་བྱས་ནས་དགེ་རྒན་གྱིས་རང་རྟོགས་ངང་སློབ་ཚན་གསར་པ་དང་སློབ་ཚན་གསར་པའི་ཚད་གཞིའི་འདུ་ཤེས་དེ་སློབ་གསོ་དང་སློབ་ཁྲིད་ཀྱི་བྱ་སྤྱོད་བྱེ་བྲག་པར་བསྒྱུར་ཏེ་སློབ་ཚན་གསར་པ་ལག་ལེན་བསྟར་བའི་ནུས་པ་རྒྱུན་མི་ཆད་པར་ཆེ་རུ་གཏང་དགོས།

     གཉིས་ནི་ལག་ལེན་གསོ་སྐྱོང་བྱ་རྒྱུ་སྟེ། སློབ་ཚན་གྱི་ཚད་གཞི་གསོ་སྦྱོང་དང་། རིག་ཚན་གྱི་བརྗོད་གཞི་འགྲེལ་བའི་འགྲན་བསྡུར། སློབ་ཚན་གྱི་ཚད་གཞིའི་ཤེས་བྱའི་འགྲན་བསྡུར་སོགས་སྒྲིག་འཛུགས་བྱ་དགོས།

     གསུམ་ནི་ནུས་པ་གསོ་སྐྱོང་བྱ་རྒྱུ་སྟེ། སློབ་གྲྭ་དོ་དམ་དང་། སློབ་མ་དོ་དམ། སློབ་གསོ་དོ་དམ་བཅས་ཀྱི་ནུས་པ་གསོ་སྦྱོང་དང་།འཛིན་གྲྭའི་ཀྲུའུ་རེན་གླེང་སྟེགས་དང་ན་གཞོན་དགེ་རྒན་གྱི་གླེང་སྟེགས། དགེ་རྒན་གྱི་སེམས་ཁམས་བདེ་ཐང་འཆད་ཁྲིད་སོགས་གཉེར་དགོས།

     བཞི་ནི་ལག་རྩལ་གསོ་སྦྱོང་ཡིན་ཞིང་།དགེ་རྒན་གྱི་སློབ་ཁྲིད་རྩལ་ནུས་འགྲན་བསྡུར་ཆེན་མོ་བྱས་ནས་མང་འཕྲིན(རིག་ལྡན་དྲྭ་སྟེགས)བཀོལ་སྤྱོད་དང་། སློབ་ཁྲིད་མཁོ་ཆས་བཟོ་བ།དྲ་བའི་སློབ་གསོ་སློབ་ཁྲིད་ཐོན་ཁུངས་ཐོབ་པ་དང་བཀོལ་སྤྱོད་ནུས་པའི་གསོ་སྦྱོང་། “སློབ་ཚན་ཆུང་ངུ”སྒྲིག་བཟོ་གསོ་སྦྱོང་དང་ཞིབ་བསྡུར་སོགས་བྱ་རྒྱུ།

     དགེ་རྒན་རྐང་འཛིན་པ་གསོ་སྐྱོང་བྱེད་སྟངས་རིགས་བཞི་ཡོད་དེ།“རང་ཉིད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ”དང་།“གཅིག་སྡུད་གསོ་སྦྱོང”“དྲ་བའི་གསོ་སྦྱོང”“ཡུན་རིང་གསོ་སྐྱོང”བཅས་ཡིན།

     གཅིག་ནི་རང་ངོས་ཀྱི་ཆུ་ཚད་མཐོ་རུ་གཏང་རྒྱུ་སྟེ། དགེ་རྒན་རྐང་འཛིན་པས་རང་ངོས་འཕེལ་རྒྱས་ཀྱི་ཇུས་འགོད་བྱ་རྒྱུར་མཛུབ་ཁྲིད་བྱེད་པ་དང་། དགེ་རྒན་གྱིས་རང་ཉིད་ཀྱི་དོན་དངོས་གནས་ཚུལ་ལ་གཞིགས་ནས“མི་སྒེར་གྱི་རང་ངོས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད”དང་དེ་བཞིན་སློབ་ལོ་དེའི“རང་ངོས་འཕེལ་རྒྱས་འཆར་གཞི”བཟོས་ཏེ་དགེ་རྒན་གྱི་སེམས་ཁམས་མཐོང་ཕྱོགས་ལ་འགྱུར་ལྡོག་བཏང་ནས་འཕེལ་རྒྱས་ཁྲོད་དགེ་རྒན་གྱི་ནུས་པ་གཙོ་བོ་འདོན་སྤེལ་བྱས་ཏེ་དགེ་རྒན་གྱིས་ལས་རིགས་ཀྱི་རིན་ཐང་དང་མི་ཚེའི་རིན་ཐང་མྱོང་རོལ་གང་ལེགས་ཐུབ་པ་བྱ་དགོས།

     གཉིས་ནི་གཅིག་སྡུད་གསོ་སྦྱོང་ཡིན་ཞིང་། ཁུལ་རིམ་པས་གཅིག་སྡུད་གསོ་སྦྱོང་བྱ་རྒྱུ་གཙོ་བོར་བྱེད་པ་དང་ཞིང་ཆེན་ཕྱི་ནང་གིས་ལས་ཚབ་གསོ་སྦྱོང་དང་ཚབ་གསོ་རོགས་སྐྱོར་བྱ་རྒྱུ་ཕལ་པར་བྱས་ནས་ཞིང་ཆེན་ཕྱི་ནང་གི་ཁ་གཏད་རོགས་སྐྱོར་སྟོབས་ཤུགས་གང་ལེགས་སྤྱད་དེ། ལོ་ལྔ་རེ་ལ་ཁུལ་རིམ་པའི་དགེ་རྒན་རྐང་འཛིན་པ་གསོ་སྐྱོང་བྱ་རྒྱུ། ཁུལ་རིམ་པའི་གཅིག་སྡུད་གསོ་སྦྱོང་དང་ཀྲེ་ཅང་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་གྱི་གསོ་སྦྱོང་ཚབ་གསོ་ ལ་བརྟེན་ཅིང་། དགེ་རྒན་ནང་དུ་གདན་དྲངས་པ་དང་གསོ་སྐྱོང་བྱ་ཡུལ་ཕྱིར་བསྐྱོད་པ་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་སློབ་མཚམས་ལྟར་ཚན་འབོར་བགོ་བ་དང་། ཚན་འབོར་རེ་ལ་སློབ་ཚན་ལྟར་འཛིན་གྲྭ་བགོ་བ་དང་། ལོ་རེར་སློབ་སྔོན་སློབ་གསོ་དང་། སློབ་ཆུང་། དམའ་རིམ་སློབ་འབྲིང་།མཐོ་རིམ་སློབ་འབྲིང་བཅས་ཁག་ཐེངས་བཞི་ལ་རེས་སྐོར་གསོ་སྦྱོང་བྱེད་པ་དང་། ཁག་ཐེངས་རེར་གཅིག་སྡུད་གསོ་སྦྱོང་ཉིན10ནས30བར་བྱ་རྒྱུ་དང་། རྫོང(གྲོང་ཁྱེར)ཁག་གིས་ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་བྱ་ཡུལ་དང་འབྲེལ་མཐུད་བྱས་ནས་བྱེད་སྟངས་སྣ་ཚོགས་ཀྱི་སྒོ་ནས་གསོ་སྐྱོང་དང་གསོ་སྦྱོང་བྱས་ཏེ་དཔྱད་ཞིབ་ལ་ཤུགས་བརྒྱབ་ནས་ཕན་འབྲས་དངོས་ལ་སྣང་ཆེན་བྱ་དགོས།

     གསུམ་ནི་དྲ་བའི་གསོ་སྦྱོང་སྟེ། ཁུལ་གློག་སློབ་ཁང(ཁམས་པའི་དྲ་བའི་སློབ་གྲྭ)དང་། ཞིང་ཆེན་ནང་ཁུལ་གྱི་མཐོ་སློབ་དང་ཀྲེ་ཅང་གི་ཁ་གཏད་རོགས་སྐྱོར་གྱི་རྒྱང་བསྟེན་སློབ་གསོའི་ཐོན་ཁུངས་ལ་སོགས་ལ་བརྟེན་ནས་དགེ་རྒན་རྐང་འཛིན་པ་ལ་དྲྭ་ཐོག་གསོ་སྦྱོང་བྱེད་པ་དང་། རྒྱལ་ཁབ་དང་། ཞིང་ཆེན། ཁུལ་བཅས་ཀྱི་སློབ་གསོའི་སྲིད་ཇུས་དང་རྐང་འཛིན་དགེ་རྒན་གྱི་འགན་ནུས་འགན་འཁྲི། རིག་ཚན་ཤེས་བྱ། སློབ་གྲྭའི་དོ་དམ་ཤེས་བྱ་སོགས་རྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་བྱ་དགོས། ཁུལ་སློབ་གསོ་ཚན་རིག་ཁང་དང་། ཁམས་པའི་དྲ་བ་སློབ་གྲྭས་དགེ་རྒན་སྒྲིག་འཛུགས་ཀྱི་འགན་འཁུར་ཞིང་།གསོ་སྦྱོང་བྱ་ཡུལ་མི་རེས་ངེས་པར་དུ་ལོ་ལྟར་གཏན་འབེབས་བྱས་པའི་སྦྱངས་འབྲས་ཆ་བསགས་ལོན་ཐུབ་པ་བྱ་དགོས།

     བཞི་ནི་ཡུན་རིང་གསོ་སྐྱོང་བྱ་རྒྱུ་སྟེ། བརྩོན་སྐུལ་ལམ་སྲོལ་བཙུགས་ནས་ཁུལ་རིམ་པའི་དགེ་རྒན་རྐང་འཛིན་པས་ལས་གནས་སུ་གཞི་ཚུགས་ནས་རང་ངོས་སློབ་སྦྱོང་དང་།ཡུན་རིང་སློབ་སྦྱོང་།ཚེ་གང་སློབ་སྦྱོང་བཅས་ལ་ཤུགས་བརྒྱག་རྒྱུའི་ལྕག་སྐུལ་བྱ་དགོས། ཁུལ་རིམ་པའི་དགེ་རྒན་རྐང་འཛིན་པར་འགན་འཁྲི་སྒྲུབ་རིང་རིག་ཚན་རིགས་དང་།རིག་གཞུང་རིགས།སློབ་གསོ་དོ་དམ་རིགས་བཅས་ཀྱི་རྒྱལ་ཁབ་དང་། ཞིང་ཆེན། ཁུལ་བཅས་ཀྱི་གསོ་སྦྱོང་དང་སྦྱངས་རབས་སྤར་བ་སོགས་ཀྱི་འབྲེལ་ཡོད་ལས་འགན་བསྒྲུབ་པ་དང་། ཆ་བསགས་ལམ་ལུགས་ལག་བསྟར་བྱ་དགོས་པའི་བླང་བྱ་འདོན་པ།

   དྲུག། ཁུལ་རིམ་པའི་དགེ་རྒན་རྐང་འཛིན་པ་གསོ་སྐྱོང་བྱེད་པའི་གྲོན་དངུལ་འགན་ལེན།

   གཅིག་ནི་གཅིག་སྡུད་གསོ་སྦྱོང་གྲོན་དངུལ་དེ་ཁུལ་ནོར་སྲིད་ཀྱིས་ཀྲེ་ཅང་གི་ཁ་གཏད་རོགས་སྐྲུན་གྲོན་དངུལ་ནས་ཐག་གཅོད་བྱ་རྒྱུ་མཐུན་སྦྱོར་བྱ་རྒྱུ།

   གཉིས་ནི་ཁུལ་རིམ་པའི་དགེ་རྒན་རྐང་འཛིན་པའི་ལས་གནས་བརྩོན་སྐུལ་མ་དངུལ་མི་རེར་ལོ་རེར་སྒོར5000ཡོད་པ་ཁུལ་ནོར་སྲིད་ཀྱིས་འགན་ལེན་བྱེད་པ་དང་། རྫོང་རིམ་པའི་དགེ་རྒན་རྐང་འཛིན་པའི་ལས་གནས་བརྩོན་སྐུལ་གྲོན་དངུལ་ཁུལ་རིམ་པའི་དགེ་རྒན་རྐང་འཛིན་པ་ལ་དཔེ་བལྟས་ནས་ལག་བསྟར་བྱེད་ཆོག།

  གསུམ་ནི་སྦྱངས་རབས་སྤར་བའི་གྲོན་དངུལ་མང་དུ་གཏང་དགོས།《ཀྲུང་གོ་དཀར་མཛེས་ཁུལ་ཨུ་དང་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གི་དྲང་ཕྱོགས་ནས་བརྩོན་ལྕག་ལམ་སྲོལ་བཙུགས་ནས་ལས་བྱེད་ལས་བཟོའི་ཧུར་སེམས་སྐུལ་སློང་གང་ལེགས་བྱ་རྒྱུའི་སྐོར་གྱི་བསམ་འཆར(ཚོད་ལྟའི་ལག་བསྟར)》(དཀར་མཛེས་ཁུལ་ཨུས་བཀྲམས་པའི(2017)ཨང12པ)དང《ཤེས་ལྡན་པ་དར་རྒྱས་གཏོང་བའི་འདུ་འགོད་ལག་བསྟར་བྱས་ནས་ཤེས་ལྡན་པའི་དཔུང་ཁག་སྐྱོང་ཤུགས་ཆེ་རུ་གཏོང་བའི་སྐོར་གྱི་ཀྲུང་གུང་དཀར་མཛེས་ཁུལ་ཨུ་དང་དཀར་མཛེས་ཁུལ་ཁུལ་མི་དམངས་སྲིད་གཞུང་གི་བསམ་འཆར》(དཀར་མཛེས་ཁུལ་ཨུས་བཀྲམས་པའི(2018)ཡིག་ཨང14པའི་སྙིང་དོན་ལྟར། ཞིབ་འཇུག་སློབ་མའི་སྦྱངས་རབས་དང་རབ་འབྱམས་པའི་སློབ་གནས་ཐོབ་མཁན་ལ་ཐེངས་གཅིག་རང་བཞིན་གྱི་བརྩོན་སྐུལ་མ་དངུལ་སྒོར་ཁྲི2སྤྲད་པ་དང་། ཞིབ་འཇུག་སློབ་མའི་སྦྱངས་རབས་དང་འབུམ་རམས་པའི་སློབ་གནས་ཐོབ་མཁན་ལ་ཐེངས་གཅིག་རང་བཞིན་གྱི་བརྩོན་སྐུལ་མ་དངུལ་སྒོར་ཁྲི5སྤྲད་རྒྱུ་ཡིན་ལ། ཐེངས་གཅིག་རང་བཞིན་གྱི་བརྩོན་སྐུལ་མ་དངུལ་ཁུལ་དང་རྫོང(གྲོང་ཁྱེར)ནོར་སྲིད་ཀྱིས་རིམ་པ་ལྟར་སྤྲད་འགན་འཁུར་རྒྱུ།  དུས་མཉམ་དུ་ལས་ཐོག་དགེ་རྒན་ལ2022ལོ་ནས2026ལོའི་སློབ་དུས་བར་དངོས་གཞིའི་ཚན་ཁག་གི་སྦྱངས་རབས་དང་སློབ་རམས་པའི་སློབ་གནས་ཐོབ་མཁན་ལ་ཐེངས་གཅིག་རང་བཞིན་གྱི་བརྩོན་སྐུལ་མ་དངུལ་སྒོར5000སྤྲད་རྒྱུ་ཡིན་ལ་བྱ་དགའི་མ་དངུལ་མི་སྤྱོད་ཚན་པས་ཐག་གཅོད་བྱ་རྒྱུ་རེད།

  བཞི་ནི་དགེ་རྒན་རྐང་འཛིན་པ་དང་གངས་དཀར་དགེ་རྒན་མིང་བཏགས་ཅན་གཉིས་ཀ་ཡིན་ན། གངས་དཀར་དགེ་རྒན་མིང་བཏགས་ཅན་གྱི་ལས་གནས་བརྩོན་སྐུལ་སྲིད་ཇུས་ལྟར་བྱ་དགོས།

   བདུན། ཁུལ་རིམ་པའི་དགེ་རྒན་རྐང་འཛིན་པའི་དཔྱད་ཞིབ་བྱེད་ཐབས།

     དགེ་རྒན་རྐང་འཛིན་པ་གསོ་སྐྱོང་བྱ་ཡུལ་ལ“རིགས་བཞིའི”དཔྱད་ཞིབ་བྱ་ཐབས་སྤྱད་པ་སྟེ། རྨང་གཞིའི་དཔྱད་ཞིབ་དང་། དྲ་བའི་སློབ་སྦྱོང་དཔྱད་ཞིབ། ཡུན་རིང་སློབ་སྦྱོང་དཔྱད་ཞིབ། ནུས་པ་འདོན་སྤེལ་དཔྱད་ཞིབ་བཅས་རེད།

     གཅིག་ནི“རྨང་གཞིའི་དཔྱད་ཞིབ”ཡིན་ཞིང་། གཙོ་བོ་དགེ་རྒན་རྐང་འཛིན་པས་དུས་རྒྱུན་སློབ་ཁྲིད་བྱེད་རིང་གི་བྱ་བ་སྤྱོད་ཚུལ་དང་། གཅིག་སྡུད་གསོ་སྦྱོང་རིང་གི་ལས་ཀར་ཞུགས་ཚུལ། ཟིན་བྲིས་རྒྱག་སྟངས། མྱོང་ཚོར་བྲིས་པ། རང་ངོས་ཀྱི་རིག་ཚན་ཤེས་བྱའི་ཆུ་ཚད་ཚོད་རྒྱུགས་གྲུབ་འབྲས་དང་འཁྲིད་བྱའི་སློབ་མའི་རྒྱུགས་འབྲས་སོགས་ལ་དཔྱད་ཞིབ་བྱ་རྒྱུ།

     གཉིས་ནི“དྲ་བའི་སློབ་སྦྱོང་དཔྱད་ཞིབ”ཡིན་ཞིང་། ཁུལ་སློབ་གསོ་ཚན་རིག་ཁང་དང་ཁུལ་གློག་སློབ་ཁང་གིས་དགེ་རྒན་སྒྲིག་འཛུགས་བྱ་རྒྱུའི་འགན་འཁུར་བ་དང་། ཁམས་པའི་དྲ་བའི་སློབ་གྲྭ་དང་། ཞིང་ཆེན་ནང་ཁུལ་གྱི་མཐོ་སློབ། ཀྲེ་ཅང་གི་ཁ་གཏད་རོགས་སྐྱོར། སློབ་གསོ་པུའུ་ཡི་དྲྭ་ཐོག་ཐོན་ཁུངས་སོགས་ལ་བརྟེན་ནས་དྲྭ་ཐོག་གསོ་སྦྱོང་བྱས་ཏེ། སློབ་སྦྱོང་གི་འཆར་གཞི་དང་སློབ་ཡུན་གཏན་འབེབས། དཔྱད་ཞིབ་བྱ་ཐབས་བཟོས་ནས་སློབ་སྦྱོང་གི་ལས་འགན་བསྒྲུབ་དགོས།

     གསུམ་ནི“ཡུན་རིང་སློབ་སྦྱོང་དཔྱད་ཞིབ”ཡིན་ཞིང་། རྒྱལ་ཁབ་དང་། ཞིང་ཆེན་དང་ཁུལ་རིམ་པའི་གཙོ་རྒྱུན་འཕྲིན་སྦྱོར་ཐོག་སློབ་གསོའི་དཔྱད་རྩོམ་སྤེལ་བ་དང་། རྒྱལ་ཁབ་དང་ཞིང་ཆེན། ཁུལ་གྱི་ཞིབ་འཇུག་བྱ་གཞི་སྒྲུབ་པ། རྒྱལ་ཁབ་ཀྱི་ཞིང་ཆེན། ཁུལ་གྱི་ཡོངས་བསྒྲགས་སློབ་ཚན་ནང་ཞུགས་ནས་བྱ་དགའ་ཐོབ་པ། རྒྱལ་ཁབ་དང་ཞིང་ཆེན་གྱི་ཡུལ་དངོས་ཚོགས་འདུའི་འགྲེལ་བཤད་ནང་ཞུགས་པ། ཞིང་ཆེན་ཡོངས་ཀྱི་སློབ་གསོ་སློབ་ཁྲིད་མཛུབ་ཁྲིད་ཨུ་ལྷན་གྱི་ལས་དོན་འགན་འཁུར་བ་སོགས་ལ་དཔྱད་ཞིབ་བྱ་རྒྱུ།

     བཞི་ནི“ནུས་པ་འདོན་སྤེལ་དཔྱད་ཞིབ”ཡིན་ཞིང་། དགེ་རྒན་རྐང་འཛིན་པ་མི་རེས་ལོ་ལྟར་ངེས་པར་དུ་བསྒྲུབ་དགོས་པའི་གསོ་སྦྱོང་ལས་འགན་ལ་དཔྱད་ཞིབ་བྱ་དགོས།

   བརྒྱད། རྫོང་རིམ་པའི་དགེ་རྒན་རྐང་འཛིན་པའི་དཔུང་ཁག་འཛུགས་སྐྱོང་གི་འགག་རྩའི་ནང་དོན་གཙོ་བོ།

     ཁུལ་རིམ་པའི་དགེ་རྒན་རྐང་འཛིན་པ་རེས་རྫོང་རིམ་པའི་རྫོང་་རིམ་པའི་དགེ་རྒན་རྐང་འཛིན་པ2ནས3བར་ཆ་སྒྲིག་པའི་བྱེད་ཐབས་སྤྱད་དེ་ལོ5ཡི་ནང་ཁྱོན་རྫོང་རིམ་པའི་དགེ་རྒན་རྐང་འཛིན་པ2400ཡས་མས་གསོ་སྐྱོང་བྱ་དགོས། རྫོང(གྲོང་ཁྱེར་དང་སློབ་གྲྭ)ཁག་གིས་ཁུལ་རིམ་པའི་དགེ་རྒན་རྐང་འཛིན་པ་གསོ་སྦྱོང་འཆར་གཞིར་གཞིགས་ནས་རྫོང(གྲོང་ཁྱེར་དང་སློབ་གྲྭ)དེ་གའི་དགེ་རྒན་རྐང་འཛིན་པ་གསོ་སྐྱོང་འཆར་གཞི་བཟོ་བ་དང་།རྫོང་རིམ་པའི་རྐང་འཛིན་དགེ་རྒན་གྱི་འཕྲིན་མཛོད་ཡག་པོ་འཛུགས་པ། ཁུལ་རིམ་པའི་དགེ་རྒན་རྐང་འཛིན་པས་རྫོང་རིམ་པའི་དགེ་རྒན་རྐང་འཛིན་པའི་འཕྲིན་མཛོད་ནང་ནས་ཆ་སྒྲིག་ཡུལ་བདམས་ཏེ་རོགས་ཁྲིད་བྱ་དགོས། རྫོང་རིམ་པའི་དགེ་རྒན་རྐང་འཛིན་པ་སྐྱོང་བའི་གཙོ་གནད་གཤམ་གསལ་ཕྱོགས་གསུམ་ལ་དམིགས་པ་སྟེ།

     གཅིག་ནི་འཛུགས་སྐྱོང་གཙོ་ཆེན་གསུམ་ཏེ། སླར་གསོ་རིམ་སྤོར་དང་། དགེ་སློབ་ཆ་སྒྲིགཆེད་ལས་ཁྲིད་སྟོན་བཅས་ཀྱི་ཐོག་ནས་སློབ་ཁྲིད་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་བྱ་རྒྱུ་དེ་རེད། བསྐྱར་བསྡོམས་རིམ་སྤོར་བྱ་ཐབས། སློབ་ཁྲིད་མྱོང་ཚོར་ཐོལ་བྱུང་དང་། སློབ་སྦྱོང་ཟིན་བྲིས། སློབ་ཁྲིད་ཕྱོགས་བསྡོམས་དང་སློབ་ཁྲིད་དཔྱད་རྩོམ་འབྲི་བ་སོགས་ཀྱི་བྱེད་ཐབས་བརྒྱུད། ཆ་སྒྲིག“དགེ་སློབ་”ཀྱིས་སློབ་ཁྲིད་མ་བྱེད་གོང་དང་།སློབ་ཁྲིད་བྱེད་རིམ།སློབ་ཁྲིད་རྗེས་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་སློབ་ཁྲིད་ལས་དོན་ལ་བསྐྱར་བསྡོམས་བྱས་ནས“ཚོགས་སྒྲིག་རྣམ་པའི”མཐོར་འདེགས་དམིགས་འབེན་འགྲུབ་རྒྱུ་དེ་རེད། དགེ་སློབ་ཆ་སྒྲིག་བྱ་ཐབས། “དགེ་ཕྲུག”དང་མཉམ་དུ་སློབ་ཁྲིད་གྲ་སྒྲིག་བྱེད་པ་དང་། ཁྲིད་ཟིན་ཚད་ལྡན་དུ་གཏོང་བར་མཛུབ་ཁྲིད། ལག་བྲིས་ཟིན་བྲིས་ལ་ཟླ་རེར་ཞིབ་བཤེར་བྱེད་པའི་ལམ་ལུགས་ལག་བསྟར་བྱ་རྒྱུ་གཏན་འབེབས་བྱ་དགོས། སློབ་དུས་རེར་ཉུང་མཐར་ཡང་དཔེ་སྟོན་སློབ་ཚན10ཁྲིད་དེ“དགེ་ཕྲུག”གིས་སློབ་ཚན་ལ་ཉན་པའི་བསམ་གཞིག་དང་ཚོར་སྣང་བྲི་བར་མཛུབ་ཁྲིད་བྱེད་ཅིང་། སློབ་དུས་རེར་ཞིབ་བཤེར་ཐེངས3ལས་མི་ཉུང་བ་བྱ་དགོས། ལོ་ལྟར་རྫོང(གྲོང་ཁྱེར)ཁག་གིས“དགེ་ཕྲུག”ཚང་མ་སྒྲིག་འཛུགས་བྱས་ནས་ཡོངས་བསྒྲགས་སློབ་ཚན་འགྲན་བསྡུར་ བྱས་ནས་ཨང་རིམ་དཔྱད་འདེམས་བྱ་དགོས།  ཆེད་ལས་ཀྱི་སྣེ་ཁྲིད་བྱ་ཐབས། དགེ་རྒན་གྱིས་ཆེད་ལས་དུས་དེབ་གྲགས་ཅན་དང་ཡང་ན་འབྲེལ་དྲྭ་ཐོག་ནས་དགེ་རྒན་གྲགས་ཅན་གྱི་སློབ་དཔྱོད་བསམ་བློ་སློབ་སྦྱོང་དང་ནང་འདྲེན་བྱ་དགོས། སློབ་ཕྱིའི་སློབ་གསོ་སློབ་ཁྲིད་ཞིབ་འཇུག་མི་སྣའམ་ཡང་ན་རིགས་གཅིག་མཁས་ཅན་སློབ་གྲྭར་གདན་དྲངས་ནས་ཆེད་ལས་ལ་མཛུབ་ཁྲིད་བྱས་ཏེ་སློབ་གསོ་ཞིབ་འཇུག་རིགས་གཅིག་མཁས་ཅན་གྱི་འདུ་ཤེས་གསར་པ་དང་སློབ་གསོའི་བསམ་བློ་སློབ་གྲྭར་ནང་འདྲེན་བྱས་ནས་སློབ་གྲྭའི“མཐུན་རྐྱེན་འཛོམས་པའི་རིགས་གཅིག་མཁས་ཅན་གྱི་ཚོགས་སྤྱི”ཆགས་པར་བྱ་དགོས།

  གཉིས་ནི་རིམ་གསུམ་མཉམ་འགུལ་དོ་དམ་ཏེ།  རྫོང(གྲོང་ཁྱེར)རིམ་པ་དང་། སློབ་གྲྭའི་རིམ་པ། སློབ་སྟོན་དགེ་རྒན་བཅས་རིམ་པ་གསུམ་གྱི་དོ་དམ་དང་རིམ་གསུམ་མཉམ་འགུལ་ལག་ལེན་བསྟར་བ་སྟེ། རྫོང(གྲོང་ཁྱེར)རིམ་པ། རྫོང(གྲོང་ཁྱེར)གི་དགེ་རྒན་རྐང་འཛིན་པའི་དཔུང་ཁག་གསོ་སྐྱོང་དམིགས་འབེན་བཟོས་ནས་རྫོང་རིམ་པའི་དགེ་རྒན་རྐང་འཛིན་པའི་འཕྲིན་མཛོད་བཙུགས་ཏེ་ཁུལ་རིམ་པའི་དགེ་རྒན་རྐང་འཛིན་པའི་ཆ་སྒྲིག་རོགས་རམ་བྱ་ཡུལ་དུ་བྱས་ནས། ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་སྟོབས་ཤུགས་དང་སྦྲེལ་མཐུད་གང་ལེགས་བྱས་ཏེ་ལས་གནས་དང་སྦྲགས་སྦྱོང་ དང་། གཅིག་སྡུད་གསོ་སྦྱོང་། རྒྱང་བསྟེན་གསོ་སྦྱོང་སོགས་བྱེད་ཐབས་སྣ་ཚོགས་སྤྱད་དེ་རྫོང་རིམ་པའི་དགེ་རྒན་རྐང་འཛིན་པ་གསོ་སྐྱོང་ལས་དོན་སྤེལ་དགོས། སློབ་གྲྭའི་རིམ་པ་ཡིན་ན། སློབ་གྲྭ་དེ་གའི་ཚན་ཁག་གི་ཞིབ་འཇུག་ཟབ་སྦྱོང་འཆར་གཞི་བཟོས་ནས་རྫོང་རིམ་པའི་དགེ་རྒན་རྐང་འཛིན་པའི་དཔེ་སྟོན་ནུས་པ་འདོན་སྤེལ་བྱས་ཏེ་སློབ་གྲྭ་ཡོངས་ཀྱི་དགེ་རྒན་སྒྲིག་འཛུགས་བྱས་ནས་ཐུན་མོང་ཐོག་སློབ་ཚན་གྲ་སྒྲིག་དང་། མཉམ་འབྲེལ་ཐོག་སློབ་ཁྲིད་ཞིབ་འཇུག། ཆ་འཕྲིན་བརྗེ་རེས། སློབ་ཁང་དུ་སློབ་ཁྲིད་གྲོས་མོལ། སློབ་ཁྲིད་ཉམས་མྱོང་སྤེལ་རེས་བཅས་བྱས་ནས་སློབ་གྲྭའི་ནང་གི་དགེ་རྒན་ཚང་མར་རེས་སྐོར་གསོ་སྦྱོང་བྱས་ཏེ་སློབ་དུས་རེར་ཉིན་དྲུག་ལས་མི་ཉུང་བ་གཅིག་སྡུད་གསོ་སྦྱོང་བྱ་དགོས། ཁྲིད་སྟོན་དགེ་རྒན་ཡིན་ན། ཁྲིད་སྟོན་དགེ་རྒན་ནི་ལོ་ལྟར་དཔྱད་ཞིབ་བྱས་ནས་ཚད་ལོན་རྗེས་ཀྱི་ཁུལ་རིམ་པའི་དགེ་རྒན་རྐང་འཛིན་པ་ཡིན། ཁྲིད་སྟོན་དགེ་རྒན་རེས་རྫོང་རིམ་པའི་དགེ་རྒན་ རྐང་འཛིན་པ2ནས3བར་ལ་ཆ་སྒྲིག་བྱས་ནས་གསོ་སྐྱོང་གི་ལས་འགན་ལེགས་སྒྲུབ་བྱ་རྒྱུའི་འགན་འཁུར་དགོས།

   གསུམ་ནི་དམིགས་འབེན་གསུམ་གྱི་དཔྱད་ཞིབ་ཡིན་ཞིང་། རྫོང(གྲོང་ཁྱེར)ཁག་གིས་རྫོང(གྲོང་ཁྱེར)རིམ་པའི་དགེ་རྒན་རྐང་འཛིན་པ་སོ་སོ་ལ་དཔྱད་ཞིབ་བྱ་རྒྱུ་དང་། དཔྱད་ཞིབ་ཞིབ་སྲོལ་ཞིབ་ཕྲ་བཟོས་ཏེ་གཙོ་བོ་ཕྱོགས་གསུམ་ལ་དམིགས་པ་སྟེ། དགེ་རྒན་གྱི་རང་ངོས་ཀྱི་ཡིག་རྒྱུགས་གྲུབ་འབྲས་དང་རྫོང་རིམ་པའི་དགེ་རྒན་རྐང་འཛིན་པ་ཁུལ་ཡོངས་ཀྱི་དགེ་རྒན་གྱི་རིག་ཚན་ཆུ་ཚད་ཀྱི་ཡིག་རྒྱུགས་ནང་ཞུགས་པའི་གྲུབ་འབྲས་ངེས་པར་དུ་ཡག་པོ་ཡོད་དགོས། སློབ་མའི་རྒྱུགས་འབྲས་རྫོང(གྲོང་ཁྱེར)དེ་རང་གི་མདུན་གྲལ་དུ་བསླེབ་དགོས། རྫོང་རིམ་པའི་དགེ་རྒན་རྐང་འཛིན་པས་སློབ་གྲྭ་དེ་ག་དང་། རྫོང(གྲོང་ཁྱེར)དེ་རང་གི་དགེ་རྒན་གཞན་དག་གི་སློབ་ཁྲིད་ཆུ་ཚད་དང་། སློབ་དཔྱོད་ནུས་པ། ཚོགས་པ་འཛུགས་སྐྱོང་བཅས་ལ་སྐུལ་ཁྲིད་བྱེད་པའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་དགོས།

    དགུ། དགེ་རྒན་རྐང་འཛིན་པ་གསོ་སྐྱོང་བྱ་ཡུལ་གྱི་ལས་གནས་འཕོ་འགྱུར་བྱུང་རྗེས་ཀྱི་ཐག་གཅོད་བྱེད་སྟངས།

     དགེ་རྒན་རྐང་འཛིན་པ་གསོ་སྐྱོང་བྱ་ཡུལ་གྱི་གསོ་སྐྱོང་དུས་ཡུན་ནང་རྩ་དོན་ཐོག་རིག་གཞུང་ཚན་ཁག་དེའི་ཆེད་ལས་ལས་གནས་ནས་སྤོ་སྒྱུར་བྱེད་མི་ཆོག།

གལ་ཏེ་ལས་གནས་ལ་འགྱུར་བ་བྱུང་ན་གཤམ་གྱི་ཐག་གཅོད་བྱེད་ཐབས་གསུམ་ཡོད་དེ།

     གཅིག་ནི་སློབ་གྲྭའི་ནང་ལས་གནས་ལེགས་སྒྲིག་བྱ་དགོས་ངེས་ཡིན་ན་དགེ་རྒན་དེའི་མོས་མཐུན་ཐོབ་རྗེས་སློབ་གྲྭས་རིམ་པ་བཞིན་ཁུལ་སློབ་གསོ་ལུས་རྩལ་ཅུས་ལ་སྙན་ཐོ་འབུལ་དགོས།

     གཉིས་ནི་ཁུལ་ནང་ཁུལ་གྱི་སློབ་གྲྭའི་བར་སྤོ་སྒྱུར་ཡིན་ཕྱིན།དེའི་གསོ་སྦྱོང་བྱ་ཡུལ་གྱི་འོས་ཐོབ་སློབ་གྲྭ་ཕྱོགས་གཉིས་ཀྱི་མོས་མཐུན་ཐོབ་དགོས་པར་མ་ཟད། འགྲོ་སའི་སློབ་གྲྭ་དེས་ལོ་རྗེས་མའི་ནང་འོས་སྦྱོར་ལས་དོན་སྤེལ་སྐབས་ཁུལ་སློབ་གསོ་ལུས་རྩལ་ཅུས་ལ་ཞུས་ནས་གཏན་འཁེལ་བྱ་དགོས།

     གསུམ་ནི་སློབ་གསོ་ལུས་རྩལ་སྒྲིག་གཞིའི་ཁོངས་གཏོགས་སམ་ཡང་ན་ཁུལ་ཕྱི་ལ་ལས་གནས་སྤོས་ཕྱིན་དེ་སྔའི་སྡེ་ཚན་གྱི་སློབ་གསོ་ལུས་རྩལ་ཅུས་ལ་ཐོ་འགོད་སྙན་སེང་ཞུས་རྗེས་གསོ་སྐྱོང་བྱ་ཡུལ་གྱི་འོས་ཐོབ་རང་འགུལ་ངང་མེད་པ་ཆགས་ཀྱི་ཡོད།

     བཅུ། དགེ་རྒན་རྐང་འཛིན་པའི་བཀོལ་སྤྱོད་ཕྱོགས་སྟོན།

     ཁུལ་རིམ་པའི་དགེ་རྒན་རྐང་འཛིན་པ་ཡིན་ནའང་འདྲ། ཡང་ན་རྫོང་རིམ་པའི་དགེ་རྒན་རྐང་འཛིན་པ་ཡིན་ནའང་འདྲ།ཁུལ་ཡོངས་ནས་སློབ་གསོའི་དོ་དམ་གྱི་ཤེས་ལྡན་པ་འདེམས་སྒྲུག་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྔོན་ཐོན་དང་ཕུལ་བྱུང་ལ་གཟེངས་བསྟོད། ཁུལ་རིམ་པ་དང་དེ་ཡན་གྱི་དགེ་རྒན་གྲགས་ཅན་ལ་གསོ་སྐྱོང་བཅས་རྩ་དོན་ཐོག་དགེ་རྒན་རྐང་འཛིན་པའི་ནང་ནས་ཐོན་དགོས་ཀྱི་ཡོད།།


  • ལེ་ཚན་སྔོན་མ།:དུང་དཀར་ལུང་པས་ཡུལ་སྐོར་ལ་ཞིབ་འཇུག་དང་སློབ་སྦྱོང་བྱས་ནས་ཡུལ་སྡེ་དར་རྒྱས་ལ་སྐུལ་འདེད་བཏང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།