ཞི་ཅིན་ཕིང་གིས་དམངས་ཡོངས་ཀྱི་ལུས་སྦྱོང་ལ་མཐོང་ཆེན་གནང་།

ཨོ་རྒྱན་གྱིས་བསྒྱུར།        2022-08-11

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་དམངས་གཙོ་བོར་འཛིན་པ་དང་མི་དམངས་ཀྱི་བདེ་ཐང་ཐོག་མར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་ནས་དམངས་ཡོངས་ཀྱི་ལུས་སྦྱོང་དང་དམངས་ཡོངས་ཀྱི་བདེ་ཐང་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།

     སྤྱི་ཁྱབ་ཧྲུའུ་ཅི་ཡིས“དམངས་ཡོངས་ཀྱི་ལུས་སྦྱོང་ནི་མི་དམངས་ཡོངས་ཀྱི་གཟུགས་གཞི་ཐང་དུ་གཏོང་བ་དང་བདེ་ཐང་གི་འཚོ་བ་འགན་ལེན་བྱེད་པའི་རྨང་གཞི་དང་འགན་ལེན་ཞིག་དང་། མི་དམངས་ཀྱི་གཟུགས་གཞི་བདེ་ཐང་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་ནང་དོན་གལ་ཆེན་ཞིག། མི་རེ་རེའི་འཚར་ལོངས་དང་བདེ་སྐྱིད་ཀྱི་འཚོ་བ་མངོན་འགྱུར་བྱེད་པའི་རྨང་གཞི་གལ་ཆེན་ཞིག་བཅས་རེད”ཅེས་ནན་གསུང་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་དམངས་ཡོངས་ཀྱི་ལུས་སྦྱོང་དར་སྤེལ་གཏོང་མཁན་དང་ལག་ལེན་བསྟར་མཁན་ཡིན། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ། དམངས་ཡོངས་ཀྱི་ལུས་སྦྱོང་དང་དམངས་ཡོངས་ཀྱི་བདེ་ཐང་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་བ། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་བ་གོ་སྐབས་སུ་བྱེད་པ་བཅས་ཀྱི་ཐོག་ནས་མི་དུང་ཕྱུར་གསུམ་གངས་འཁྱགས་ལུས་རྩལ་ནང་ཞུགས་རྒྱུར་ཁྲིད་སྟོན་བྱ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་བ་རེད།

     “དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོ”ཐེངས14པ་འཆར་ཉེར་ཡོད་པའི་སྐབས་སུ་ང་ཚོས་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་ཡོངས་ཀྱི་ལུས་སྦྱོང་ལ་མཐོང་ཆེན་དང་མི་དམངས་ཀྱི་བདེ་ཐང་ལ་དོ་ཁུར་བྱེད་པའི་དྲོད་སྐྱིད་དང་རྣམ་བཤད་གལ་ཆེན་བསྐྱར་དྲན་བྱས་ཏེ་བདེ་ཐང་ཀྲུང་གོ་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་གཏོང་ཆེད་མུ་མཐུད་འབད་བརྩོན་བྱ་རྒྱུ་ཡིན།


  • ལེ་ཚན་སྔོན་མ།:ཞིང་ཆེན་ལུས་རྩལ་འགྲན་ཚོགས་འཚོག་འགོ་ཚུགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།