རང་ཁུལ་གྱིས་ལོ་སྟོད་དུ་བཟོ་ལས་ཅུང་མགྱོགས་མྱུར་ངང་འཕར་བའི་གནས་བབ་རྒྱུན་བསྐྱངས་ནས་བསྟུད་མར་ཟླ་བ་གཉིས་རིང་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས།

རྟ་མགྲིན་རྡོ་རྗེས་བསྒྱུར།        2022-08-10

ད་ལོ་ནས་བཟུང་། རང་ཁུལ་གྱིས་བཟོ་ལས་དཔལ་འབྱོར་འཕར་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་རབ་དང་རིམ་པ་སྤྱད་ནས་ཁུལ་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། གསར་དུ་བསྣན་པའི་ཆུ་གློག་ལས་རིགས་དང་གཏེར་ཁའི་ཐོན་རྫས་ཀྱི་རིན་གོང་འཕར་བའི་སྐུལ་ཁྲིད་ནུས་ལྡན་འོག། ལོ་སྟོད་དུ་ཁུལ་ཡོངས་སུ་བཟོ་ལས་ཐོན་སྐྱེད་རྒྱུན་མཐུད་དེ་ཅུང་མགྱོགས་མྱུར་དང་འཕར་བའི་གནས་བབ་སྲུང་འཛིན་བྱས་པ་རེད།

བཟོ་ལས་ཀྱི་གཙོ་བོའི་ལས་རིགས་ཆེན་པོ་བརྒྱད་ནང་ལས་རིགས་ཆེ་གྲས་ལྔའི་རིན་ཐང་འཕར་བའི་རྣམ་པ་མངོན་པས་འཕར་ཚད་ཀྱི་བསྡུར་ཚད་བརྒྱ་ཆ62.5ལ་ཟིན། དེའི་ནང་གཞི་ཁྱོན་ཡན་གྱི་བསྡུར་ཚད་བརྒྱ་ཆ82.4ལ་ཟིན་པའི་གློག་ཤུགས་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས་བརྒྱ་ཆ19.8འཕར། གཞི་ཁྱོན་ཡན་གྱི་བསྡུར་ཚད་བརྒྱ་ཆ15.7ལ་ཟིན་པའི་མདོག་ལྡན་ལྕགས་རིགས་གཏེར་ཁ་སྔོག་འདོན་ལས་རིགས་བརྒྱ་ཆ11.1འཕར་ཡོད། ཆང་རག་དང་འཐུང་ཁུའི་བཟོ་སྐྲུན་ལས་རིགས་ལྡབ2.3འཕར་བ་དང་ཞིང་ལས་ཞོར་ཟས་ལས་སྣོན་བརྒྱ་ཆ42.2འཕར། ཟས་རིགས་བཟོ་སྐྲུན་ལས་རིགས་བརྒྱ་ཆ26.5འཕར། ལས་རིགས་གསུམ་གྱི་འཕར་སྣོན་རིན་ཐང་གི་ཚད་གཞི་མི་འདྲ་བའི་སྒོ་ནས་མར་ཆག་པ་དང་། དེའི་ནང་ལྕགས་རིགས་མིན་པའི་གཏེར་རྫས་ལས་རིགས་བརྒྱ་ཆ46.4མར་ཆག་པ་དང་ལྕགས་རིགས་མིན་པའི་གཏེར་འདོན་ལས་རིགས་བརྒྱ་ཆ30.1མར་ཆག་ཡོད། མདོག་ལྡན་ལྕགས་རིགས་བཙོ་སྦྱང་དང་གནོན་སྲིང་ལས་སྣོན་ལས་རིགས་བརྒྱ་ཆ0.9མར་ཆག་ཡོད་པ་རེད།

ཁུལ་ཡོངས་ཀྱི་ཐོན་རྫས་རིན་ཐང་ཨང་བཅུ་པའི་ཡན་གྱི་གྲས་སུ་ཡོད་པའི་ཏ་ཐང་རྒྱལ་སྤྱིའི་དཀར་མཛེས་ཆུ་གློག་ས་ཚུགས་དང་ཉག་ཆུའི་དཀར་མཛེས་ཆུ་གློག་ས་ཚུགས། རྒྱལ་མོ་རྔུལ་ཆུའི་སྤྲེའུ་བྲག་ཆུ་གློག་ས་ཚུགས། ཞིན་ཡོན་གཏེར་ལས་སོགས་གཙོ་གནད་ཁེ་ལས10ཡི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར49.9ལ་ཟིན་པ་དེས་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་གིས་བསྡུར་ཚད་བརྒྱ་ཆ69.5བཟུང་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་རྫས་རིན་ཐང་ལ་བྱས་རྗེས་འཇོག་ཚད་བརྒྱ་ཆ80.6ལ་ཟིན་ནས་ཟླ་བ་དང་པོ་ནས་དྲུག་པའི་བར་གཞི་ཁྱོན་ཡན་གྱི་ཐོན་རྫས་རིན་ཐང་བརྒྱ་ཆའི་གྲངས་ཀ20.7འཕར་ཡོད་པ་རེད།

ཉག་ཆུའི་ཆུ་གཉིས་མདོ། ཕྱག་ཕྲེང་གི་བསྐོར་བ། ལྕགས་ཟམ་ཁའི་ཁྲང་ཡོན། ལིའང་ཧྲན་དབྱང་ཧྥང་ལུང་བཅས་སུ་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱིས་གློག་འདོན་ཚད་བསྡོམས་འབོར་སྟོང་ཝ་ཁྲི389གསར་སྣོན་བྱུང་ཞིང་། དཀར་མཛེས་དང་སི་ཁྲོན་བཅད་ངོས་ཀྱི་སྟོང་ཝ་ཁྲི230ཡི་གློག་འདྲེན་ལས་གྲྭ་བདེ་བླག་ངང་བསྐྲུན་པ་དང་བསགས་འབོར་གློག་ཤུགས་ཁེ་ལས་ཀྱི་ཐོན་ནུས་ཕྱིར་གཏོང་ཐུབ་ཅིང་། གློག་གཏོང་ཚད་རིམ་རྩིས་བྱས་ན་ན་ལོའི་དུས་མཉམ་ལས་བརྒྱ་ཆ26.8འཕར་བ་དང་། ནུས་རྒྱུ་གཙང་མའི་གློག་ཤུགས་ལས་རིགས་ཀྱི་འཕར་སྣོན་རིན་ཐང་མགྱོགས་སུ་འཕར་རྒྱུར་སྐུལ་འདེད་ནུས་ལྡན་བཏང་། གཞི་ཁྱོན་ཡན་གྱི་གློག་ཤུགས་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས་ཀྱི་འཕར་སྣོན་རིན་ཐང་ན་ལོའི་དུས་མཉམ་ལས་བརྒྱ་ཆ19.8འཕར་བ་དང་། འཕར་ཚད་དེ་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་གྲངས་ཀ7.6འཕར་ཡོད། ཁུལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་གི་བསྡུར་གྲངས་བརྒྱ་ཆ82.4ལ་ཟིན་པ་དང་ཁུལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་སྣོན་ལ་བྱས་རྗེས་འཇོག་ཚད་བརྒྱ་ཆ100.4ལ་ཟིན། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཚད་བརྒྱ་ཆའི་གྲངས་ཀ15.9ལ་སྐུལ་ཁྲིད་བྱས་པ་རེད།

གསར་དུ་འཕར་བའི་ཆུ་གློག་ལས་རིགས་དང་གཏེར་ཁའི་ཐོན་རྫས་ཀྱི་རིན་གོང་འཕར་བའི་སྐུལ་ཁྲིད་ནུས་ལྡན་འོག། རང་ཁུལ་གྱི་བཟོ་ལས་ཐོན་སྐྱེད་རྒྱུན་མཐུད་དེ་ཅུང་མགྱོགས་པ་འཕར་བའི་རྣམ་པ་སྲུང་འཛིན་བྱས་ནས་བཟོ་ལས་ཡོངས་རྫོགས་ན་ལོའི་དུས་མཉམ་ལས་བརྒྱ་ཆ14.9འཕར་བ་དང་། ཁུལ་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་གྲངས་ཀྱི་བརྒྱ་ཆ23.8ལ་ཟིན། ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་སྣོན་ཡོང་བར་བྱས་རྗེས་འཇོག་ཚད་བརྒྱ་ཆ67.7ལ་ཟིན། ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྐུལ་ཁྲིད་བྱེད་ཚད་བརྒྱ་ཆའི་གྲངས་ཀ3.1འཕར་བའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ན་ལོའི་དུས་མཉམ་ལས་བརྒྱ་ཆ15.8འཕར་བ་དང་། འཕར་ཚད་དེ་ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་གྲངས་ཀ12.2ལས་མཐོ་བ་དང་། བསྟུད་མར་ཟླ་བ་གཉིས་རིང་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། འཕར་ཚད་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་ཀ6.1འཕར་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:ཡུལ་མིའི་ཡུལ་སྐོར་སྣེ་ལེན་ཁང་ཆུང་ངུ་ཡིས་དཔལ་འབྱོར་ཆེན་མོར་སྐུལ་ཁྲིད་བྱས།
  • ལེ་ཚན་རྗེས་མ།:ཀུ་ཤུ་དམར་པོས་ཡུལ་སྡེ་དར་རྒྱས་ཀྱི་ལམ་བུར་འོད་སྣང་བསྩལ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10