བོད་ལྗོངས་ཀྱི་འགོ་ཚུགས་མཛད་སྒོ་འདི་ཕྱིར་འགྱངས་བྱས་འདུག

        2022-08-12

མི་དམངས་དྲ་བའི་འཕྲིན། གསར་འགོད་པས《བོད་རང་སྐྱོང་ལྗོངས་ཀྱི་སྐབས་བཅུ་གསུམ་པའི་ལུས་རྩལ་འགྲན་ཚོགས་དང་སྐབས་ལྔ་པའི་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་ཕྱིར་འགྱངས་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས》ལས་ཤེས་རྟོགས་བྱུང་དོན། བོད་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་གྱི་བླང་བྱ་གཞིར་བཟུང་། ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་མོས་མཐུན་ཐོབ་པ་བརྒྱུད། སྔོན་གཏན་འཁེལ་བའི་2022ལོའི་ཟླ་8ཚེས་8ཉིན་གྱི་སྔ་དྲོ་ཉིང་ཁྲི་གྲོང་ཁྱེར་ལུས་རྩལ་ཐང་དུ་གཉེར་བའི་བོད་རང་སྐྱོང་ལྗོངས་ཀྱི་སྐབས་བཅུ་གསུམ་པའི་ལུས་རྩལ་འགྲན་ཚོགས་དང་སྐབས་ལྔ་པའི་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་ཕྱིར་འགྱངས་བཏང་བ་དང་། འགྲན་བསྡུར་ཁག་རྒྱུན་གཏན་ལྟར་སྤེལ་བཞིན་ཡོད་པ་རེད། མི་སྣ་འདུ་འཛོམས་ཉུང་དུ་གཏོང་ཆེད། འགྲན་རའི་ལྟད་མོ་བའི་འགྲོ་ལམ་སྒོ་རྒྱག་རྒྱུ་རེད།

  • ལེ་ཚན་སྔོན་མ།:སྣུམ་གོང་བསྟུད་མར་ཐེངས་བཞི་པར་ཆག་རྒྱུའི་རེ་བ་ཡོད།
  • ལེ་ཚན་རྗེས་མ།:ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའི་གསལ་བསྒྲགས།
  • དོ་སྣང་ཆེ་བའི་རྩོམ།