རང་ཁུལ་གྱིས་ལས་གཞི་གཙོ་བོར་སྒོར་དུང་ཕྱུར204.4བཏང་ཡོད།

ཐུབ་ཀྱིས་བསྒྱུར།        2022-08-26

   2022ལོར་རང་ཁུལ་གྱི་ལས་གཞི་གཙོ་བོ220ཡོད་ཅིང་། ལོ་འཁོར་གྱི་མ་དངུལ་སྒོར་དུང་ཕྱུར336.23གཏང་རྒྱུའི་འཆར་གཞི་ཡོད། ཟླ་བ་དང་པོ་ནས་བདུན་པའི་བར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར204.4བཏང་ཞིང་ལོ་འཁོར་འཆར་གཞིའི་བརྒྱ་ཆ60.79ལེགས་སྒྲུབ་ཐུབ་ཡོད། འཕྲོར་འཛུགས་ལས་གཞིར་མ་དངུལ་སྒོར་དུང་ཕྱུར190.85བཏང་ཞིང་། ལོ་འཁོར་འཆར་གཞིའི་བརྒྱ་ཆ69.81ལེགས་སྒྲུབ་ཐུབ་ཡོད། གསར་དུ་ལས་འགོ་བཙུགས་པའི་ལས་གཞིར་མ་དངུལ་སྒོར་དུང་ཕྱུར13.55བཏང་ཞིང་ལོ་འཁོར་འཆར་གཞིའི་བརྒྱ་ཆ21.56ལེགས་སྒྲུབ་ཐུབ་ཡོད། བསྐྲུན་ནས་བེད་སྤྱོད་བྱས་པའི་ལས་གཞིར་མ་དངུལ་སྒོར་དུང་ཕྱུར48.86བཏང་ཞིང་ལོ་འཁོར་འཆར་གཞིའི་བརྒྱ་ཆ63.63ལེགས་སྒྲུབ་ཐུབ་ཡོད།



     རྨང་གཞིའི་སྒྲིག་ཆས་གལ་ཆེན་ལས་གཞིར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར118.91བཏང་ཞིང་ལོ་འཁོར་འཆར་གཞིའི་བརྒྱ་ཆ64.3ལེགས་སྒྲུབ་ཐུབ་ཡོད།དེའི་ཁྲོད་དུ་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་ལས་གཞིར་རིམ་རྩིས་བྱས་ན་སྒོར་དུང་ཕྱུར107.98བཏང་ཞིང་ལོ་འཁོར་འཆར་གཞིའི་བརྒྱ་ཆ64.09ལེགས་སྒྲུབ་ཐུབ་ཡོད།ཆུ་བེད་རྨང་གཞིའི་སྒྲིག་ཆས་ལས་གཞིར་རིམ་རྩིས་བྱས་ན་སྒོར་དུང་ཕྱུར2.64བཏང་ཞིང་ལོ་འཁོར་འཆར་གཞིའི་བརྒྱ་ཆ67.6ལེགས་སྒྲུབ་ཐུབ་ཡོད། གྲོང་ཁྱེར་རྨང་གཞིའི་སྒྲིག་ཆས་ལས་གཞིར་རིམ་རྩིས་བྱས་ན་སྒོར་དུང་ཕྱུར8.29བཏང་ཞིང་ལོ་འཁོར་འཆར་གཞིའི་བརྒྱ་ཆ66.05ལེགས་སྒྲུབ་ཐུབ་ཡོད་པ་རེད།

    ཐོན་ལས་གལ་ཆེན་གྱི་ལས་གཞིར་རིམ་རྩིས་བྱས་ན་སྒོར་དུང་ཕྱུར76.12བཏང་ཞིང་ལོ་འཁོར་འཆར་གཞིའི་བརྒྱ་ཆ56.46ལེགས་སྒྲུབ་ཐུབ་ཡོད།དེའི་ཁྲོད་དུ་སྐྱེ་ཁམས་ནུས་ཁུངས་ཐོན་ལས་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར69.42བཏང་ཞིང་ལོ་འཁོར་འཆར་གཞིའི་བརྒྱ་ཆ55.62ལེགས་སྒྲུབ་ཐུབ་ཡོད། སྐྱེ་ཁམས་ཡུལ་སྐོར་ཐོན་ལས་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར4.1བཏང་ཞིང་ལོ་འཁོར་འཆར་གཞིའི་བརྒྱ་ཆ66.47ལེགས་སྒྲུབ་ཐུབ་ཡོད། མཐུན་རྐྱེན་གཏེར་རྫས་ཐོན་ལས་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར0.73བཏང་ཞིང་ལོ་འཁོར་འཆར་གཞིའི་བརྒྱ་ཆ42.31ལེགས་སྒྲུབ་ཐུབ་ཡོད། ཁྱད་ཆོས་ཞིང་འབྲོག་ཐོན་ལས་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར1.38བཏང་ཞིང་ལོ་འཁོར་འཆར་གཞིའི་བརྒྱ་ཆ85.04ལེགས་སྒྲུབ་ཐུབ་ཡོད།  འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར0.09བཏང་ཞིང་ལོ་འཁོར་འཆར་གཞིའི་བརྒྱ་ཆ86.9ལེགས་སྒྲུབ་ཐུབ་ཡོད། གླིང་ཁུལ་ལས་གཞིར་ རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར0.4བཏང་ཞིང་ལོ་འཁོར་འཆར་གཞིའི་བརྒྱ་ཆ105.16ལེགས་སྒྲུབ་ཐུབ་ཡོད།

   དམངས་འཚོ་དང་སྤྱི་ཚོགས་བྱ་གཞག་ལས་གཞིར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར6.41བཏང་ཞིང་ལོ་འཁོར་འཆར་གཞིའི་བརྒྱ་ཆ57.02ལེགས་སྒྲུབ་ཐུབ་ཡོད།

   སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་གཞིར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར2.96བཏང་ཞིང་ལོ་འཁོར་འཆར་གཞིའི་བརྒྱ་ཆ56.57ལེགས་སྒྲུབ་ཐུབ་ཡོད།།


  • ལེ་ཚན་སྔོན་མ།:“ཁྱེད་ཚོ་ཚང་མ་ནི་ངའི་སེམས་ནང་གི་ཆེས་གཅེས་པའི་མི་དེ་ཡིན།”
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།