ཡུལ་སྡེ་སྨན་པ་ཧྲེན་ཧྥུ་ཆུང་གི་སེམས་སུ་མང་ཚོགས་ཀྱི་བདེ་ཐང་ནམ་ཡང་ངེས་བཟུང་བྱས་ནས་ཡོད།

བདེ་སྐྱིད་ཀྱིས་བྲིས།        2022-08-26

ཡུལ་སྡེ་སྨན་པ་ཧྲེན་ཧྥུ་ཆུང་གི་སེམས་སུ་མང་ཚོགས་ཀྱི་བདེ་ཐང་ནམ་ཡང་ངེས་བཟུང་བྱས་ནས་ཡོད།

ཧྲེན་ཧྥུ་ཆུང་གིས་འཕྲུལ་རྟ་བཞོན་ཏེ་ཡུལ་ཤོག་ཏུ་སྨན་བཅོས་བྱེད་སར་འགྲོ་བཞིན་པ།

ནམ་མ་གསལ་གོང་ནས་ཧྲེན་ཧྥུ་ཆུང་གིས་སྨན་རྫས་དང་ལམ་རྒྱགས་འཁྱེར་ནས་འཕྲུལ་རྟ་བཞོན་ཏེ་རི་ཆུ་བརྒལ་ནས་འབྲོག་སྡེའི་ཕྱོགས་སུ་བསྐྱོད་པ་རེད། ཐག་ཆེས་རིང་ཤོས་ཀྱི་འབྲོག་པའི་དུད་ཚང་ཞིག་མཚོ་འཕགས་སྨི5000ཡོད་པའི་རི་ཁུལ་དུ་ཆགས་ཡོད་པས་ཁོ་མོ་ཉིན་གང་བོར་འགྲོ་དགོས་པ་རེད།

ཧྲེན་ཧྥུ་ཆུང་དཔལ་ཡུལ་རྫོང་འབར་ཆུང་ཡུལ་ཤོག་གི་འཕྲོད་བསྟེན་ཁང་དུ་ཡོང་ནས་ལོ13རིང་ལ་མོ་ཡིས་སྨན་བཅོས་འགྲོ་བའི་རྐང་རྗེས་འབྲོག་ཁུལ་གྱི་ཡུལ་གྲུ་ཀུན་ཏུ་བཞག་ཡོད། འཕྲོད་བསྟེན་ཁང་གི“བདེ་ཐང་ཡིག་ཚགས”ཁ་ཕྱེ་དུས། རྒྱུན་མཐོང་གི་གཅོང་ནད་ཕོག་མཁན་རེ་རེ་བཞིན་ཐོ་འགོད་བྱས་ཡོད་པ་དང་། བྱིས་པའི་རིམས་འགོག་སྨན་ཁབ་རྒྱག་པའི་གནས་ཚུལ་བརྒྱུད་རིམ་ཧྲིལ་པོར་ཞིབ་བཤེར་བྱེད་ཆོག་ཅིང་། རྒན་རྒོན་རང་མགོ་ཐོན་ཐབས་དང་ནད་ཕོག་པའི་གནས་ཚུལ་གསལ་པོ་དང་ཞིབ་ཕྲ་ཡིན་ལ…མཚོ་འཕགས་སྨི4000ལྷག་ཙམ་ཡོད་པའི་མཐོ་སྒང་སྟེང་།མོ་ཡིས་སེམས་ཤུགས་བསྒྲིམས་ནས་མང་ཚོགས3000ལྷག་ཙམ་གྱི་བདེ་ཐང་ལ་སྲུང་སྐྱོང་བྱས་དང་བྱེད་བཞིན་ཡོད་པ་རེད།

ཡུལ་སྡེ་སྨན་པ་ཧྲེན་ཧྥུ་ཆུང་གི་སེམས་སུ་མང་ཚོགས་ཀྱི་བདེ་ཐང་ནམ་ཡང་ངེས་བཟུང་བྱས་ནས་ཡོད།

ཧྲེན་ཧྥུ་ཆུང་གིས་ནད་པར་སྨན་འཐུང་སྟངས་འགྲེལ་བཤད་རྒྱག་བཞིན་པ།

ཀ། དཀའ་ཚེགས་ཆེ་བའི་ས་གནས་མང་ཚོགས་ལ་སྨན་པའི་དགོས་མཁོ་དེ་བས་ཆེ།

2009ལོའི་སྤྱི་ཟླ9པར་ལོ20ཡིན་པའི་ཧྲེན་ཧྥུ་ཆུང་སྨན་པ་གཉིས་དང་ཁང་པ་གོག་ཧྲུལ་སྟར་པ་གཅིག་ལས་མེད་པའི་འབར་ཆུང་ཡུལ་ཤོག་གི་འཕྲོད་བསྟེན་ཁང་དུ་སླེབས་ཡོད། སྐབས་དེར་འབར་ཆུང་ཡུལ་ཤོག་ལ་གློག་མེད་ལ་རང་འབབ་ཆུ་ཡང་མེད་ཁྲིད་ཅིང་།འཕྲིན་གཏོང་ལག་ཆ་ནི་དེ་བས་ཀྱང་མེད་པ་རེད། ཕྱུགས་ཟོག་སྨན་པ་མེ་ཏོག་ལྷ་མོ་ནི་སེམས་རྩ་འཁོལ་པོའི་མི་ཞིག་ཡིན་ཞིང་། མོས་འཚོ་བའི་ཐད་ཧྲེན་ཧྥུ་ཆུང་ལ་རོགས་རམ་ཆེན་པོ་བྱས་མྱོང་ཞིང་། མེ་ཏོག་ལྷ་མོས་ཁྱེད་ནི་ལོ་ན་ཆུང་ལ་རིག་གནས་ཡོད་པ། ཐག་རིང་ལུང་ཁུག་གི་ས་ཆར་ཡོང་ནས་ཁྱོད་ཀྱིས་ཅི་འདྲ་བསམ་པ་ཡིན་ཞེས་དྲིས་པར། ཧྲེན་ཧྥུ་ཆུང་གིས་དཀའ་ཚེགས་ཇི་ཙམ་ཆེ་ན་མང་ཚོགས་ལ་སྨན་པ་དེ་བས་དགོས་མཁོ་ཡོད་རྒྱུ་རེད་ཅེས་ལན་བཏབ་ཡོད། ཧྲེན་ཧྥུ་ཆུང་གིས་མེ་ཏོག་ལྷ་མོ་གདན་འདྲེན་ཞུས་ནས་མོ་ལ་སྐད་སྒྱུར་བྱེད་མཁན་དང་སྣེ་ཤན་པ་བྱས་མཐར། མོ་སྨན་དོན་གྱི་ལས་ཀ་སྤེལ་འགོ་ཚུགས་པ་རེད།

ཆ་རྐྱེན་ཞན་པའི་དབང་གིས་ཐོལ་བྱུང་བའི་ནད་གཞི་ཕོག་ན་སྨན་བཅོས་བྱེད་དཀའ་མོ་ཡིན་པ་རེད། ཉིན་ཞིག་གི་དགོང་མོར་གྲོང་མི་ཉི་དགའ་ཡིས་ཤིང་གཅོད་པའི་སྐབས་སུ་ལག་པར་རྨས་སྐྱོན་ཐེབས། སྨན་གཏོང་བ་དང་གནམ་ཁབ་རྒྱག་སླ་པོ་ཡིན་མོད། གཤག་བཅོས་ཁང་མེད་ཕྱིར་ཧྲེན་ཧྥུ་ཆུང་གིས་མུན་ནག་གི་ལག་ཁྱེར་གློག་སྒྲོན་གྱི་འོད་སྣང་ཞན་པོར་བརྟེན་ནས་གོ་རིམ་ཡོད་པའི་སྒོ་ནས་རྨ་ཁ་དྲུབས་ཏེ་གཤག་བཅོས་བདེ་བླག་བྱུང་། དེ་ནས་བཟུང་ཧྲེན་ཧྥུ་ཆུང་གིས་རང་ཉིད་ཀྱི་ནུས་པར་ཡིད་ཆེས་སྔར་བས་ཆེན་པོ་བྱུང་ནས་ངས་ཚང་མའི་བདེ་ཐང་ལ་སྲུང་སྐྱོང་ཡག་པོ་བྱེད་ཐུབ་ངེས་ཡིན་ཞེས་བཤད་པ་རེད།

ཧྲེན་ཧྥུ་ཆུང་གི་སྨན་བཅོས་ཉམས་མྱོང་སྔར་བས་ཕུན་སུམ་ཚོགས་སུ་འགྲོ་གི་ཡོད་མོད། ཡིན་ནའང་དེ་བས་ལེགས་པའི་སྒོ་ནས་ལས་དོན་སྤེལ་ཆེད། མོས་ཉིན་ལྟར་ཡུལ་སྡེའི་ནང་ནད་དཔྱད་བྱེད་དུ་འགྲོ་བ་དང་ཆབས་ཅིག། སྨན་བཅོས་ལས་དོན་དེ་བས་འཐུས་སྒོ་ཚང་བ་སྤེལ་ཐུབ་ཆེད། མི་གཞན་ལ་བློ་འདྲི་དང་བོད་ཀྱི་སྐད་ཡིག་སློབ་དེབ་ཉོས་ནས་བོད་སྐད་སྦྱངས། དུས་ཡུན་རིང་པོ་མ་འགོར་བར་གྲོགས་པོ་མང་པོ་ངོ་ཤེས་ནས་ནད་དཔྱད་ལས་དོན་ལ་རོགས་རམ་ཆེན་པོ་ཐོབ་པ་རེད།

ཡུལ་སྡེ་སྨན་པ་ཧྲེན་ཧྥུ་ཆུང་གི་སེམས་སུ་མང་ཚོགས་ཀྱི་བདེ་ཐང་ནམ་ཡང་ངེས་བཟུང་བྱས་ནས་ཡོད།

ཧྲེན་ཧྥུ་ཆུང་གིས་མང་ཚོགས་ལ་ཁྲག་ཤེད་བརྟག་དཔྱད་བྱེད་བཞིན་པ།

ཁ འབར་ཆུང་ཡུལ་ཤོག་གི་ཡུལ་མི་ཚོའི་བདེ་ཐང་ཟིན་ཐོ་གསལ་པོ་བཀོད།

ལོ་ན87ལ་ལོན་པའི་མི་རྒན་སྦྱིན་པར་ཁྲག་ཤེད་མཐོ་བ་དང་གྲུམ་ནད་སོགས་ཀྱི་ནད་གཞི་སྣ་ཚོགས་ཕོག་ཡོད། ཧྲེན་ཧྥུ་ཆུང་གིས་དུས་བཀག་ལྟར་ལས་རོགས་ཚོ་དང་མཉམ་དུ་ཁོ་ཚང་གི་ཁྱིམ་དུ་སོང་ནས་གཟུགས་པོར་བརྟག་དཔྱད་བྱས་པ་དང་སྨན་བྱིན་ནས་རྒན་རྒོན་ཚོའི་ལུས་པོར་རྒྱུན་དུ་སེམས་ཁུར་བྱེད་ཀྱི་ཡོད་པ་རེད།

འབར་ཆུང་ཡུལ་ཤོག་ནི་མཚོ་འཕགས་མཐོ་ལ་ས་རྒྱ་ཆེ་བ། ཡུལ་མི་ཕལ་ཆེར་ཐར་ཐོར་བྱས་ནས་བསྡད་ཡོད་པར་བརྟེན།ནད་ཕོག་སྐབས་བསྐྱར་དུ་སྨན་བཅོས་བྱེད་པའི་གོ་སྐབས་ཤོར་སླ་མོ་ཡིན་པ་རེད། ཧྲེན་ཧྥུ་ཆུང་གིས་ཁྱིན་ཡོངས་ལ་ཁྱབ་པའི་བདེ་ཐང་ཡིག་ཚགས་བཟོས་ནས་རྒྱུན་མཐོང་ནད་ལ་སྔ་ཙམ་ཐེ་ཇུས་དང་སྔ་ཙམ་སྨན་བཅོས་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

ཐག་རིང་ལུང་ཁུག་གི་གཞི་རིམ་དུ་འགྲོ་ན་གཞི་ནས་ལས་དོན་ཏན་ཏིག་སྒྲུབ་ཐུབ། 2016ལོར་ཧྲེན་ཧྥུ་ཆུང་འབར་ཆུང་ཡུལ་ཤོག་འཕྲོད་བསྟེན་ཁང་གི་ཡོའན་ཀྲང་བྱས་ནས། རང་ཉིད་ཀྱི་བསམ་ཚོད་ལྟར་ཡུལ་མི་ཚོར་ཁྱོན་ཡོངས་ལ་ཁྱབ་པའི་བདེ་ཐང་ཡིག་ཚགས་བཟོ་བའི་དོན་རྐྱེན་དེ་དངོས་ཡོད་དུ་འགྱུར་འགོ་ཚུགས་པ་རེད།

བསྟུད་མར་ཉིན38ལ་བསྐྱོད་རྗེས་ཧྲེན་ཧྥུ་ཆུང་དང་ལས་རོགས་ཚོ་འབར་ཆུང་ཡུལ་ཤོག་གི་ཡུལ་གྲུ་སོ་སོར་བསྐྱོད་དེ་ཐེམ་ཐོའི་ཆ་འཕྲིན་ལ་གཞིགས་་ནས་ཡུལ་མི་ཚང་མར་ལུས་པོར་བརྟག་དཔྱད་བྱས་པ་དང་། ནད་པའི་གནས་ཚུལ་ཚང་མ་ཐོ་འགོད་

ག རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཡུལ་མི་དེ་བས་མང་པོར་རོགས་རམ་བྱ་རྒྱུ་ནི་ངའི་ཆོད་སེམས་ཡིན།

བྱས་པ། འབར་ཆུང་ཡུལ་ཤོག་གི་ཡུལ་མིའི་བདེ་ཐང་ཟིན་ཐོ་གསལ་པོར་བཀོད་ཡོད་པ་རེད།དེ་རྗེས་སྨན་པ་ཚོས་མཐོ་སྒང་གི་རྒྱུན་མཐོང་ནད་པའི་ཡིག་ཚགས་ལེགས་སྒྲིག་དང་རིགས་འབྱེད་བྱས་ཏེ། ཧྲེན་ཧྥུ་ཆུང་གིས་དུས་བཀག་ལྟར་ཡུལ་མིའི་ཁྱིམ་དུ་བསྐྱིད་ནས་ནད་བརྟག་བྱས་པ་དང་སྨན་མཁོ་སྤྲོད་ཐད་ཆད་ལུས་མེད་པར་འགན་ལེན་བྱས་པ་རེད། དེ་དང་ཆབས་ཅིག་ཡུལ་མི་ཚོའི་བདེ་ཐང་ལྟ་ཞིབ་ཚད་ལེན་ཡང་དུས་ཐོག་དང་ཁོངས་གཏོགས་ཤིག་ཡིན་པས། ནད་གཞི་ལྕི་རུ་ཕྱིན་ན་སྔ་ཙམ་རྒྱུས་ལོན་བྱུང་ནས་སྨན་ཁང་ཆེ་གྲས་སུ་སྨན་བཅོས་བྱེད་པར་སྐྱོད་ཐུབ་ཀྱི་ཡོད་པ་རེད།

སྨན་བཅོས་བདེ་ཐང་ནི་དམངས་འཚོའི་ལས་ཀའི་ཆ་ཤས་ཤིག་ཡིན་ལ། བདེ་སྐྱིད་ཀྱི་འཚོ་བའི་ལམ་བུའི་ཐོག་སྐྱོད་ན་ད་དུང་དཀའ་ཚེགས་མི་ཉུང་བ་ཞིག་ཡོད་པས། ཡུལ་མི་ཚོའི་སྡོད་གནས་ཁོར་ཡུག་ལེགས་སུ་གཏོང་བ་དང་ཡུལ་མི་ཚོའི་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་བྱ་རྒྱུ། ཧྲེན་ཧྥུ་ཆུང་གིས་ངས་རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཡུལ་མི་དེ་བས་མང་པོར་རོགས་རམ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

2017ལོར་ཧྲེན་ཧྥུ་ཆུང་གིས་མ་སྐུལ་དང་བླངས་ཀྱིས་འབར་ཆུང་ཡུལ་ཤོག་ཨ་འཛོམ་གྲོང་སྡེའི་ཧྲུའུ་ཅི་དང་པོའི་འགན་འཁུར་བ་རེད། ཨ་འཛོམ་གྲོང་སྡེའི་འདུས་སྡོད་ཁུལ་དུ་མཚོ་འཕགས་སྨི་བརྒྱ་ཕྲག་ལྷག་གི་ཧེ་བག་ཡོད་ཅིང་། སྔོན་ཆད་གྲོང་སྡེའི་ནང་དུ་ལམ་ཕྲང་གཅིག་མ་གཏོགས་མེད་པས། འགྲིམ་འགྲུལ་ཧ་ཅང་སྟབས་མི་བདེ་བ་རེད། ཧྲེན་ཧྥུ་ཆུང་གིས་གྲུབ་འབྲས་ཐོབ་པའི་ངང་ལས་གྲྭ་རུ་ཁག་གྲོང་སྡེར་ཁྲིད་དེ་ཨར་འདམ་ལམ་བསྐྲུན་ཡོད། གྲོང་སྡེའི་ནང་རྒྱུན་དུ་འདམ་རྡོའི་ཆུ་རུད་བྱུང་བའི་ཆུ་ཡུར་ཞིག་ཡོད་པ་ཡུལ་མི་ཚོར་ཐེངས་མང་པོ་གནོད་འཚེ་ཐེབས་པའི་འཇིགས་སྐུལ་ཐེབས་པ་རེད། ཧྲེན་ཧྥུ་ཆུང་གིས་ཆུ་ལོག་སྔོན་འགོག་གི་ལུང་ཤུར་བཟོ་བ་དང་དེ་རྗེས་ཆུའི་མདོང་ལམ་བཟོས་ནས་ཉམས་ཉེན་མེད་པ་བཟོ་བར་མ་ཟད། ཆུ་སྤྱོད་པའི་ཆ་རྐྱེན་ཡང་མངོན་གསལ་དོད་པོས་ལེགས་སུ་གཏང་དགོས་པའི་གྲོས་འགོ་བཏོན། དོན་དངོས་རེ་རེ་བཞིན་བསྒྲུབས་པས་ཨ་འཛོམ་གྲོང་སྡེའི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་རེད།

ད་ལྟ། འབར་ཆུང་ཡུལ་ཤོག་འཕྲོད་བསྟེན་ཁང་ལའང་གཞོན་ནུ་སྨན་པ་མང་པོ་ཡོད་ཅིང་། གཞོན་ནུ་སྨན་པ་ཚོས་ཡོའན་ཀྲང་ཧྲེན་ཧྥུ་ཆུང་གི་གཏམ་རྒྱུད་ལས་ང་ཚོར་སྐུལ་ལྕག་ཐེབས་བྱུང་། ང་ཚོ་ཡང་ཁོང་ལྟ་བུའི་སྨན་པ་ཡག་པོ་ཞིག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།། 


  • ལེ་ཚན་སྔོན་མ།:སི་ཁྲོན་གྱི་བེ་ཤ་ཉོ་ཚོང་ལྟེ་གནས་ཐོག་མ་སྒོ་ཕྱེ།
  • ལེ་ཚན་རྗེས་མ།:“ཁྱེད་ཚོ་ཚང་མ་ནི་ངའི་སེམས་ནང་གི་ཆེས་གཅེས་པའི་མི་དེ་ཡིན།”
  • དོ་སྣང་ཆེ་བའི་རྩོམ།