“ཁྱེད་ཚོ་ཚང་མ་ནི་ངའི་སེམས་ནང་གི་ཆེས་གཅེས་པའི་མི་དེ་ཡིན།”

ཨོ་རྒྱན་གྱིས་བསྒྱུར།        2022-08-26

“ཁྱེད་ཚོ་ཚང་མ་ནི་ངའི་སེམས་ནང་གི་ཆེས་གཅེས་པའི་མི་དེ་ཡིན།”

 གསུང་ཚིག་འདིས་ཀྲུང་གོའི་མི་དམངས་དུང་ཕྱུར14ལྷག་ཙམ་ལ་བག་ཆགས་ཟབ་མོ་བཞག་ཡོད།

     2020ལོའི་ཟླ་བ3པའི་ཚེས10ཉིན་ཧུའུ་པེའི་རིམས་ནད་འགོག་སྲུང་དང་ཝུའུ་ཧན་སྲུང་སྐྱོབ་ཀྱི་འགག་རྩ་གལ་ཆེན་དུ་སླེབས་ཡོད་པ་རེད། ཝུའུ་ཧན་ཧོ་ཧྲེན་ཧྲན་སྨན་ཁང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་ཤུབས་མནབས་ཏེ་བརྙན་ལམ་ནས་ནད་ཁུལ་དུ་ལས་ཀ་བྱེད་བཞིན་པའི་སྨན་དོན་མི་སྣའི་འཐུས་མིར་བྱམས་བརྩེའི་འཚམས་འདྲི་གནང་བ་རེད། ཁོང་གིས“ཁྱེད་ཚོ་ཚང་མས་འགོག་སྲུང་གྱོན་ཆས་གྱོན་པ་དང་ཁ་ཤུབས་བརྒྱབ་ཡོད་པས་ངས་ཁྱེད་ཚོའི་ངོ་གདོང་ངོ་མ་མཐོང་གི་མི་འདུག། འོན་ཀྱང་ཁྱེད་ཚོ་ཚང་མ་ནི་ངའི་སེམས་ནང་གི་ཆེས་གཅེས་པའི་མི་དེ་ཡིན།”ཅེས་གསུངས་པ་རེད།

“ཁྱེད་ཚོ་ཚང་མ་ནི་ངའི་སེམས་ནང་གི་ཆེས་གཅེས་པའི་མི་དེ་ཡིན།”

     རིམས་ནད་ཆེན་པོ་ནི་མེ་ལོང་ཞིག་དང་འདྲ་ཞིང་། རྒྱ་ཆེ་བའི་སྨན་བཅོས་མི་སྣའི་སྒེར་སེམས་མེད་པ་དང་རང་འགན་གཙང་སྒྲུབ་བྱེད་ཚུལ་གསལ་ཡོང་ལ། མི་དམངས་གཙོ་འཛིན་གྱིས་སྨན་དོན་མི་སྣའི་ཚོགས་པར་དོ་ཁུར་དང་ཐུགས་ཁུར་གནང་ལུགས་ཀྱང་མངོན་ཡོད།

     2020ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་རིང་ཧུའུ་པེའི་འཐུས་མི་ཚོགས་པའི་འཐུས་མི་ཚོ་དང་མཉམ་དུ་རྒྱལ་དོན་གྲོས་མོལ་བྱེད་སྐབས་ནད་ཡམས་འགོག་པའི་འཐབ་ཕྱོགས་དང་པོར་འགན་འཁྲི་འཁུར་བའི་ལུའོ་ཅེ་ཀང་གིས་གཏམ་བཤད་བྱེད་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁོ་ངོ་ཤེས་སོང་བ་དང་།“ཉིན་དེར་ངས་བརྙན་འཕྲིན་ཐོག་བསྟན་པའི‘འཐུས་མིའི་བགྲོད་ལམ’ནས་ཁྱེད་མཐོང་བྱུང་། ཁྱེད་ཀྱིས་སྨན་བཅོས་མི་སྣ་བཅུ་ཕྲག་ཁ་ཤས་ཀྱིས་ལོ87ལ་སོན་པའི་བགྲེས་སོང་ཞིག་སྐྱོབ་པའི་སྐོར་གླེང་སྐབས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང”ཞེས་གསུངས་པ་རེད།

     སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་སུ་ད་ཐེངས་ཀྱི་རིམས་ནད་འགོག་བཅོས་འཐབ་རྩོད་ལ་བྱས་རྗེས་གལ་ཆེན་ཕུལ་མཁན་གྱི་རྒྱ་ཆེ་བའི་སྨན་དོན་ལས་སྒྲུབ་པ་བཅངས་ཤིང་།“སྨན་དོན་མི་སྣའི་ཁུར་པོ་ཡང་དུ་གཏོང་བ་དང་། འཚོ་བའི་འགན་ལེན་བྱེད་པ། དགོས་ངེས་ཀྱི་ངལ་གསོ་དང་སྦྱོང་བརྡར། སྙིང་སྟོབས་ཀྱི་སྐུལ་ལྕག་བཅས་ངེས་པར་དུས་ཐོག་ཏུ་དོན་འཁྱོལ་བྱ་རྒྱུར་ཤུགས་བསྣན་དགོས”ཞེས་བླང་བྱ་ཐེངས་མང་བཏོན་གནང་ཡོད། དམིགས་བསལ་དུས་སྐབས་ཀྱི་ཚོགས་འདུ་གལ་ཆེན་ཐོག་སྨན་དོན་མི་སྣར་ནད་ཕོག་པར་མ་ཟད། ཐ་ན་གཞུང་དོན་དུ་རང་སྲོག་ཤོར་ཡོད་ཚུལ་སྐོར་གླེང་ཞིང་ཁོང་གིས“ངའི་སེམས་པ་ཧ་ཅང་མུག་པོ་འདུག”ཅེས་གསུངས་པ་རེད།

     རྒྱལ་སྤྱིའི་སྨན་གཡོག་དུས་ཆེན་འཆར་ཉེར་ཡོད་པའི་དུས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དཀའ་ངལ་གདོང་གིས་བསུ་ཞིང་གོས་དཀར་ལུས་ལ་བསྣམས་ཏེ་མངག་བཅོལ་ཆེན་པོ་ཆུད་ཟོས་སུ་གཏོང་མེད”ཅེས་གོས་དཀར་ལྷ་རྗེའི་སྡེ་ལ་བསྔགས་བརྗོད་གནང་བ་རེད། ཀྲུང་གོའི་སྨན་པ་དཀའ་བཅུ་པའི་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅིས“ཚེ་སྲོག་ལ་གུས་བཀུར་དང་། སྲོག་སྐྱོབ་རྨས་བཅོས། བློས་འབུལ་ཆེ་བ། བྱམས་སེམས་མཐའ་མེད་པ་བཅས་ཀྱི་བླ་ན་མེད་པའི་སྙིང་སྟོབས་ལྡན་པས་ཏང་དང་མི་དམངས་ཀྱི་གདེང་འཇོག་ཆེན་པོ་ཐོབ་ཡོད།”ཅེས་རྒྱ་ཆེ་བའི་སྨན་དོན་མི་སྣར་སླར་ཡང་གདེང་འཇོག་ཆེན་པོ་གནང་ཡོད།

ཤར་རླུང་དལ་བུས་དགུན་གྱི་གྲང་ངར་སེལ།། དཔྱིད་དཔལ་ཤར་བས་མེ་ཏོག་དྲོ་འཇམ་བྱིན།།

     2020ལོའི་ཟླ8པར་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱར་མཚན་རྟགས་བཀོད་ནས་ཀྲུང་ནན་ཧྲན་ལ“སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས”གནང་བ་དང་ཀྲང་པོ་ལི་དང་། ཀྲང་ཏིང་ཡུས། ཁྲེན་ཝུའེ་བཅས་ལ“མི་དམངས་ཀྱི་དཔའ་བོ”ཞེས་པའི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་བ་རེད།

     “ཏང་དང་རྒྱལ་ཁབ་ཀྱིས་གཟི་བརྗིད་མཚན་སྙན་དེ་ང་ཚོ་སྨན་དོན་ལས་སྒྲུབ་པ4ལ་སྤྲད་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས། དེ་ནི་ཏང་དང་རྒྱལ་ཁབ་ཀྱིས་སྨན་བཅོས་འཕྲོད་བསྟེན་ལས་སྒྲུབ་མི་སྣ་ཡོངས་ལ་ཁས་ལེན་གང་ལེགས་གནང་བ་ཞིག་རེད།”ཅེས་གཟེངས་བསྟོད་ཚོགས་ཆེན་ཐོག་སྨན་པ་ཀྲུང་ནན་ཧྲན་ལ་མྱོང་ཚོར་ཟབ་མོ་བྱུང་ནས་དེ་ལྟར་བཤད།

     གཏམ་རྒྱུད་མི་འདྲ་བ་དང་རང་བཞིན་གཅིག་མཚུངས་ཡིན་པ་སྟེ།“རིམ་ཁག་ཏང་ཨུ་དང་སྲིད་གཞུང་དང་དེ་བཞིན་སྤྱི་ཚོགས་ཡོངས་ཀྱིས་སྨན་དོན་མི་སྣར་སེམས་ཁུར་དང་གཅེས་སྐྱོང་བྱས་ནས་སྨན་པ་ལ་བརྩི་མཐོང་དང་འཕྲོད་བསྟེན་ལ་མཐོང་ཆེན་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་ཆགས་པར་བྱ་དགོས”ཞེས་པ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་གནང་ཆེ་ཤོས་དེ་ཡིན།

“ཁྱེད་ཚོ་ཚང་མ་ནི་ངའི་སེམས་ནང་གི་ཆེས་གཅེས་པའི་མི་དེ་ཡིན།” 

2020ལོའི་ཟླ་བ9ཚེས8ཉིན་རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་ལ་འགོག་རྒོལ་བྱེད་པའི་གཟེངས་བསྟོད་ཚོགས་ཆེན་དེ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ཀྲུང་ནན་ཧྲན་དང་།“མི་དམངས་ཀྱི་དཔའ་བོའི”རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ཀྲང་པོ་ལི་དང་། ཀྲང་ཏིང་ཡུས། ཁྲེན་ཝུའེ་བཅས་ལ་གཟེངས་རྟགས་གནང་བ་རེད།

“མི་དམངས་ཀྱི་བདེ་ཐང་ནི་སྤྱི་ཚོགས་དཔལ་ཡོན་ཡར་ཐོན་གྱི་རྨང་གཞི་དང་མི་རིགས་དར་རྒྱས་དང་རྒྱལ་ཁབ་འབྱོར་ཕྱུག་གི་མཚོན་རྟགས་གལ་ཆེན་ཞིག་ཡིན་ལ་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་ཐུན་མོང་གི་རེ་སྙེག་ཅིག་ཀྱང་ཡིན།”

“རྒྱ་ཆེ་བའི་སྨན་དོན་ལས་སྒྲུབ་པ་ནི་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་སྲུང་སྐྱོང་བྱེད་མཁན་ཞིག་རེད།”

“རྒྱ་ཆེ་བའི་སྨན་དོན་ལས་སྒྲུབ་པ་ནི་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད།”

འཕྲོད་བསྟེན་བདེ་ཐང་གི་ལས་ཀ་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔར་ནས་བཟུང་མཐོང་ཆེན་གནང་གི་ཡོད། སྨན་དོན་ལས་སྒྲུབ་པའི་ཚོགས་སྤྱི་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་ཆེན་པོ་གནང་གི་ཡོད།

མི་རྣམས་ཀྱི་སེམས་སུ་བརྗེད་དུ་མེད་པ་ནི། 2012ལོའི་ཟླ་བ12པར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་མ་ཐག་པའི་ཁོང་ཧོ་པེའི་ཕུའུ་ཕིན་གྱི་གྲོང་ཚོའི་འཕྲོད་བསྟེན་ཁང་ཞིག་ཏུ་རྟོག་ཞིབ་གནང་བར་ཕེབས་པ་དང་། ཁོང་ཕེབས་ཁར་ཆེད་མངགས་གྲོང་གསེབ་ཀྱི་སྨན་པ་ལ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ལྕག་སྐུལ་གནང་བ་རེད།

མི་རྣམས་ཀྱི་སེམས་སུ་བརྗེད་དུ་མེད་པ་ནི། 2016ལོའི་ཟླ་བ7པར་ཧོ་པེའི་ཐང་ཧྲན་ལུས་སྨད་ཞ་བའི་ཁམས་གསོ་ཁང་དུ་ཁོང་གིས་དེ་གར་ཡོད་པའི་སྨན་དོན་མི་སྣ་ཚོར“ཁྱེད་ཚོའི་བྱ་གཞག་ནི་ཆེས་བླ་ན་མེད་པ་དང་ཆེས་ཁྱད་དུ་འཕགས་པའི་བྱ་གཞག་ཅིག་རེད”ཅེས་གསུངས།

གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་། སྨན་ཁང་། ཆེད་ལས་ཀྱི་སྤྱི་པའི་འཕྲོད་བསྟེན་ལས་ཁུངས་སོགས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཡུལ་དུས་མི་འདྲ་བར་སྤྱི་ཁྱབ་ཧྲུའུ་ཅིས་སྨན་དོན་མི་སྣ་དང་ངོ་ཐུག་ནས་གསུང་གླེང་ཐེངས་མང་གནང་ཞིང་། ཁོང་གིས་ཚང་མར“སྨན་པའི་ཀུན་སྤྱོད་བརྩི་སྲུང་ནན་པོ་ཞུ་བ་དང་། སྨན་པའི་ཀུན་སྤྱོད་ལེགས་སུ་གཏོང་བ། དཀའ་སྡུག་ལས་སྐྱོབ་པའི་སེམས་དང་ལྡན་པ། གཞན་ཕན་གྱི་ལྷག་བསམ་ལྡན་པའི་སྨན་པ་ཞིག་བྱས་ནས་མི་དམངས་མང་ཚོགས་ལ་དེ་བས་སྤུས་ལེགས་དང་ལས་ཆོད་ཆེ་བའི་བདེ་ཐང་ཞབས་ཞུ་མཁོ་འདོན་ཧུར་ཐག་བྱེད་པའི་རེ་བ་ཡོད”ཅེས་གསུངས་པ་རེད།

“ཁྱེད་ཚོ་ཚང་མ་ནི་ངའི་སེམས་ནང་གི་ཆེས་གཅེས་པའི་མི་དེ་ཡིན།”

 2018ལོའི་ཟླ་བ4ཚེས17ཉིན་ཅང་ཞི་ཞིང་ཆེན་ཀོང་ཁྲང་རྫོང་རི་འདབས་གྲོང་ཚོའི་སྨན་པ་ལི་ཡན་གྲོང་གསེབ་ཏུ་སྨན་བཅོས་བྱེད་པར་སྐྱོད་བཞིན་པའི་ཚུལ།

     “རྒྱ་ཆེ་བའི་སྨན་དོན་མི་སྣའི་ཧུར་བརྩོན་རང་བཞིན་འདོན་སྤེལ་ཤུགས་ཆེན་བྱས་ནས་གླ་ཕོགས་ལྟ་སྐྱོང་དང་། འཕེལ་རྒྱས་ཀྱི་བར་ཁོངས། ལས་གཉེར་ཁོར་ཡུག། སྤྱི་ཚོགས་ཀྱི་གོ་གནས་ཇེ་ཡག་ཏུ་གཏོང་བ་སོགས་ནས་འགོ་བཙུགས་ཏེ་སྨན་དོན་མི་སྣའི་ལུས་སེམས་བདེ་ཐང་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང་བྱེད་ཐབས་སྣ་ཚོགས་བརྒྱུད་དེ་སྨན་དོན་མི་སྣའི་ལས་རིགས་ཀྱི་གཟི་བརྗིད་བསམ་པ་ཆེ་རུ་བཏང་ནས་སྤྱི་ཚོགས་ཡོངས་ཀྱིས་སྨན་པ་བརྩི་མཐོང་དང་འཕྲོད་བསྟེན་ལ་དོ་སྣང་བྱེད་པའི་དར་སྲོལ་བཟང་པོ་གཏོད་དགོས།”ཞེས2016ལོའི་ཟླ་བ8པར་དུས་རབས་གསར་པ་ཤར་ཚུན་ནས་རང་རྒྱལ་གྱིས་འཚོགས་པའི་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་ཐེངས་དང་པོའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མོལ་དེས་རྒྱ་ཆེ་བའི་སྨན་དོན་མི་སྣའི་སེམས་གཏམ་ཇི་བཞིན་དུ་མཚོན་ཡོད། 

   སྨན་པ་དཀའ་བཅུ་པའི་ལས་ཞུགས་ཁོར་ཡུག་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པར། སྤྱི་ཁྱབ་ཧྲུའུ་ཅིས་རྣམ་འགྱུར་བརྟན་པོས“སྨན་བཅོས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་དང་ལྷག་པར་དུ་སྨན་དོན་མི་སྣར་གནོད་འཚེ་གཏོང་བའི་གཏུམ་སྤྱོད་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་ནས་སྨན་དོན་མི་སྣའི་བདེ་འཇགས་སྲུང་སྐྱོང་བྱ་དགོས་པར་བསྟན།” 

   སྤྱི་ཁྱབ་ཧྲུའུ་ཅིས་གསོ་རིག་ཤེས་ལྡན་པ་གསོ་སྐྱོང་གི་གནད་དོན་ལའང་མཐོང་ཆེན་གནང་ཞིང་། ཁོང་གིས་ཧྲུའུ་ཀང་སྨན་ཁང་དུ་དངོས་སྦྱོང་བྱེད་མཁན་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་ཡིག་ལན་སྤྲིངས་ནས“སློབ་སྦྱོང་གི་དུས་ཚོད་ལ་གཅེས་སྤྲས་དང་འཇོན་ནུས་ཡག་པོ་སྦྱངས་ཏེ། སློབ་གྲྭ་ཐོན་རྗེས་མི་དམངས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་བསྐྱོད་དེ་ལྷག་བསམ་དང་ལག་རྩལ་ལ་བརྟེན་ནས་མི་དམངས་དང་ལྷག་པར་དུ་གཞི་རིམ་མང་ཚོགས་ལ་བདེ་སྐྱིད་བསྐྲུན་དགོས”ཞེས་སྐུལ་ལྕག་གནང་བ་རེད། 

   2021ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་རིང་ཀྲུང་གོ་གསོ་རིག་ཚན་རིག་ཁང་པེ་ཅིང་ཞེ་ཧོ་གསོ་རིག་སློབ་གླིང་གི་ཨུ་ཡོན་ཝང་ཁྲེན་གྱིས་གཏམ་བཤད་བྱེད་སྐབས“ཁ་ཕྱོགས་མི་གསལ་བར་གསོ་རིག་སློབ་གླིང་འཛུགས་པ་དང་སློབ་བསྡུའི་གཞི་ཁྱོན་ཆེ་རུ་བཏང་ནས་གསོ་རིག་སློབ་གསོའི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་པའི”སྐོར་བཤད་པར་སྤྱི་ཁྱབ་ཧྲུའུ་ཅིས་དོ་ཁུར་ཆེན་པོ་གནང་ཡོད་པ་རེད། 

“ཆེད་ལས་གང་དག་གི་ཞན་ཆ་ཅུང་ཆེན་པོ་འདུག། ”……སྤྱི་ཁྱབ་ཧྲུའུ་ཅིས་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་རྗེས་སློབ་ཆེན་ཁག་ཅིག་གིས་གོ་གནས་སྤར་ཆེད་གསོ་རིག་སློབ་གླིང་གཉེར་བ་ནི་ཅུང་བྲེལ་འཚུབ་ཆེ་སོང་བ་འདྲ་ཞེས་གསུངས། 

“འགག་རྩ་ནི་སྤུས་ཚད་བཟང་ངན་ལ་ཐུག་ཡོད། འདི་དམ་འཛིན་ཡག་པོ་བྱ་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅིས་དོན་གྱི་གནད་བསྟན་པ་རེད།

 “ཁྱེད་ཚོ་ཚང་མ་ནི་ངའི་སེམས་ནང་གི་ཆེས་གཅེས་པའི་མི་དེ་ཡིན།”

2020ལོའི་ཟླ་བ7པའི་ཚེས1ཉིན་པེ་ཅིང་གི་ཁྲོམ་གཞུང་ཞིག་ཏུ་ཏོག་གསར་གློ་ཚད་ཞིབ་དཔྱད་ལས་དོན་སྤེལ་ཞིང་། སྨན་བཅོས་མི་སྣས་ལས་གནས་སུ་མ་ཞུགས་གོང་འགོག་སྲུང་གྱོན་ཆས་གྱོན་རྗེས་གྱོན་གོས་སུ་མིང་དང་སྐུལ་ལྕག་གི་ཚིག་འབྲི་བཞིན་པའི་ཚུལ།

     མཆན་བཀོད་དང་མཛུབ་སྟོན་གལ་ཆེན་རེ་རེ་དང་བརྩེ་དུང་ཟོལ་མེད་ཀྱི་ཡིག་ལན་རེ་རེ། སྙིང་གཏམ་གླེང་མོལ་རེ་རེ་བཅས་ཀྱི་ཐོག་ནས་རྒྱ་ཆེ་བའི་སྨན་དོན་ལས་སྒྲུབ་པས་མི་དམངས་ཀྱི་བདེ་ཐང་དང་བདེ་སྐྱིད་ཀྱི་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད།

ཀྲུང་གོའི་མི་འབོར་སྟོང་རེར་སྨན་པ་དཀའ་བཅུ་པའི་གྲངས་འབོར3.04ལ་ཟིན་པ་དང་། སྨན་བཅོས་འཕྲོད་བསྟེན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་དེ་བས་ལེགས་སུ་ཕྱིན་ནས་འཛམ་གླིང་ཐོག་གི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཆེ་ཤོས་འདེགས་སྐྱོར་ཐུབ་ཡོད།

ཀྲུང་གོ་ནི“གོ་ལ་ཧྲིལ་པོའི་སྨན་བཅོས་ཞབས་ཞུའི་འཇུག་འཐུས་རང་བཞིན་དང་སྤུས་ཚད་སྟོན་གྲངས”ཀྱི་མིང་བསྟར་ཨང་རིམ་ལས་ཡར་ཐོན་ཆེ་ཤོས་རྒྱལ་ཁབ་ཀྱི་གྲས་ཤིག་ཏུ་གྱུར། 

ཀྲུང་གོའི་གཞིས་མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས2012ལོའི་ལོ73.5ནས2021ལོར་ལོ78.2བར་འཕར་ཡོད། 

“ཡུན་རིང་འབད་བརྩོན་བྱས་པར་བརྒྱུད་ང་ཚོས་མི་དམངས་ཀྱི་བདེ་ཐང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་བཏང་བར་མ་ཟད། རང་རྒྱལ་གྱི་གནས་ཚུལ་དང་འཚམ་པའི་འཕྲོད་བསྟེན་དང་བདེ་ཐང་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཀྱང་བཏོད་ཡོད།” 

དུས་ཚོད་ཀྱིས་ཉིན་བཞིན་ཡར་ཐོན་དུ་སོང་བའི་ཐིག་རིས་ཡང་ཡང་བྲིས། 

བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་བརྟན་ཅིང་བརླིང་ལ། འབྱུང་འགྱུར་ལ་རེ་བ་ཆེན་པོ་ཡོད་དོ།།

  • ལེ་ཚན་སྔོན་མ།:ཡུལ་སྡེ་སྨན་པ་ཧྲེན་ཧྥུ་ཆུང་གི་སེམས་སུ་མང་ཚོགས་ཀྱི་བདེ་ཐང་ནམ་ཡང་ངེས་བཟུང་བྱས་ནས་ཡོད།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་ལས་གཞི་གཙོ་བོར་སྒོར་དུང་ཕྱུར204.4བཏང་ཡོད།
  • དོ་སྣང་ཆེ་བའི་རྩོམ།