རང་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་།

བདེ་སྐྱིད་ཀྱིས་བསྒྱུར།        2022-08-29

ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་ཆུ་གྲོན་ཆུང་བའི་རྨང་གཞི་སྔར་བས་བརྟན་ཏུ་བཏང་བ་དང་། ཆུ་གྲོན་གི་དཔེ་སྟོན་ལ་ཤུགས་རྒྱག་པ། ཆུང་གྲོན་ཆུང་བའི་འདུ་ཤེས་ཟབ་མོ་བཅངས་ནས། བྱ་ཐབས་སྣ་མང་སྤྱད་དེ་ཆུ་གྲོན་ཆུང་རྣམ་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་རེད།

རང་ཁུལ་གྱིས་ཆུ་ལེན་པའི་ཚད་འཇལ་སྒྲིག་ཆས་སྒྲིག་སྦྱོར་བྱས་ནས་ཆུ་བེད་སྤྱོད་གྲོན་ཆུང་བའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་དང་། ལྟ་སྐུལ་དོ་དམ་ནུས་པ་ཞན་པར་ལྟ་སྐུལ་དོ་དམ་བྱ་ཆེད། 《དཀར་མཛས་ཁུལ་ཆུ་ལེན་ལྟ་ཞིབ་ཚད་ལེན་སྒྲིག་ཆས་སྒྲིག་སྦྱོར་གྱི་བྱ་དགའི་ཁ་གསབ་ཇུས་གཞི》སོགས་ཀྱི་ཡིག་ཆ་པར་འགྲེམས་བྱས་ཏེ། རྫོང(གྲོང་ཁྱེར)ཁག་གིས་ཆུ་ལེན་ལྟ་ཞིབ་ཚད་ལེན་གྱི་སྒྲིག་ཆས་སྒྲིག་སྦྱོར་བྱེད་མགྱོགས་སུ་གཏང་རྒྱུར་སྐུལ་འདེ་གཏོང་བ་དང་། སི་ཁྲོན་ཞིང་ཆེན་གྱི་ཆུའི་ཐོན་ཁུངས་དང་སྒྲིག་སྦྱོར་མ་ལག་དང་སྦྲེལ་མཐུད་བྱས་པ་རེད། མིག་སྔར་གཞི་ཁྱོན་ཡན་གྱི་ཞིང་ལས་མིན་པའི་ཆུ་ལེན་དུད་ཚང12སྒྲིག་སྦྱོར་བྱས་ཟིན་པ་དང་འབྲེལ་མཐུད་བྱས་ཐུབ་ཅིང་། ལས་སྟེགས་སྤྱོད་ཁྱོན་ཡོངས་དང་འཕྱུགས་མེད། དུས་ཐོག་བཅས་ཀྱི་སྒོ་ནས་ཆུ་ལེན་གནས་ཚུལ་ཁོང་དུ་ཆུད་པ་བྱས་ཏེ། ཆུའི་ཐོན་ཁུངས་དོ་དམ་ཞིབ་ཚགས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་རེད།།


  • ལེ་ཚན་སྔོན་མ།:མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་ལག་ལེན་བྱ་སྤྱོད་སྤེལ་འགོ་ཚུགས་ནས་དཀར་མཛེས་ཁུལ་གྱིས་མི་རིགས་མཐུན་སྒྲིལ་བྱེད་ཤུགས་ཆེ་རུ་བཏང་།
  • ལེ་ཚན་རྗེས་མ།:ཟླ་བ་དང་པོ་ནས7པའི་བར་ཁུལ་ཡོངས་ཀྱི་གཙོ་གནད་ ལས་གཞིར་མ་དངུལ་སྒོར་ དུང་ཕྱུར204.4བཏང་།
  • དོ་སྣང་ཆེ་བའི་རྩོམ།