གནའ་བྲོ་རིག་གནས་དང་ཨོ་ཐོག་དཔོན་ཚང་།

        2022-08-30

  གནའ་བྲོ་རིག་གནས་དང་ཨོ་ཐོག་དཔོན་ཚང་།

   སྐབས་དེ་དུས་བྲོ་གར་གྱི་བསྟན་པ་ཆེས་ཆེར་མཚོན་ཐུབ་པའི་ལོ་རྒྱུས་སམ་གཏམ་རྒྱུད་ཐུང་ཐུང་ཞིག་སྟེ། ལོ་རེའི་ལོ་གསར་ཚེས་པ་གསུམ་ལ་མང་ཚོགས་རྣམས་ཀྱིས་དཔོན་ཚང་ལ་ལོ་གསར་གྱི་ལོ་སྐལ་བསྐྱལ་བའི་གོམས་སྲོལ་ཞིག་ཡོད་པ་དང་། དེ་དུས་རས་དཀར་གྲུ་བཞི་མ་ཞིག་གི་ནང་དུ་ཤ་དང་གོར་བ་མར་ཐུད་སོགས་འཐུམས་ཡོད་སྐད། རས་དཀར་དེ་ལ་ལག་རས་ཞེས་འབོད་པ་རེད། ཨོ་ཐོག་དཔོན་ཚང་གིས་ལོ་གསར་སྐྱེལ་མཁན་གྱི་མང་ཚོགས་རྣམས་ལ་སྣེ་ལེན་ཟབ་རྒྱས་བྱེད་པ་དང་། དེ་ནས་དཔོན་པོ་ཁོང་དབུ་བཞུགས་ཐོག་ཨོ་ཐོག་གནའ་བྲོ་དྲུག་བྲོ་མའི་བྲོ་མཆོད་སྔོན་དུ་བཏང་ནས་ཉིན་དེའི་སྔ་དྲོའི་རིང་ས་གནས་དེ་གའི་རྒྱུན་ལྡན་གྱི་རྩེད་རིགས་ཅི་ཡང་རྩེ་བ་དང་། ཕྱི་དྲོ་ནས་སང་ཞོགས་པ་བར་གནའ་བྲོ་ལ་རོལ་སྲོལ་ཡོད་འདུག། དེ་ལ་མཚན་བྲོ་ཞེས་འབོད་པ་རེད།དེ་ནི་ཨོ་ཐོག་བྲོ་ར་ཆེ་གྲས་ཤིག་ཀྱང་ཡིན་པ་མ་ཟད་ཆེ་དམིགས་བསལ་གྱི་བྲོ་ར་ཞིག་ཀྱང་བརྗོད་ཆོག་ཆོག་རེད། དེ་བཞིན་ལོ་སར་དང་གཉེན་སྟོན་གྱིས་མཚོན་པའི་དུས་ཆེན་ཁག་གི་ཡོ་ལང་ལ་མེད་དུ་མི་རུང་བའི་ས་གནས་རང་བཞིན་གྱི་ཐུན་མིན་ཁྱད་ཆོས་འབུར་དུ་ཐོན་པའི་མང་ཚོགས་སྒྱུ་རྩལ་རིག་གནས་ཀྱི་སྙིང་བཅུད་འདི་དག་རང་ནུས་གང་ཡོད་ཀྱིས་འདེམས་སྒྲུག་བྱས་པའི་ཁུལ་ཡིན། ཕ་མེས་ཀྱིས་རྔུལ་ཆུས་བསྐྲུན་པའི་ཤེས་རིག་གི་དཔལ་ཡོན་ནི་རིན་ཐང་བྲལ་བའི་ནོར་བུ་ཁོ་ན་སྟེ།  གནའ་བོའི་གླུ་བྲོ་རེ་རེས་ང་ཚོའི་སེམས་ཁམས་ལ་བླ་མེད་ཀྱི་སྤྲོ་སྣང་རེ་དང་། འཚོ་བ་ལ་བག་ཕེབས་ཀྱི་ངལ་གསོ་རེ་སྟེར་བར་གདོན་མི་ཟ་བས།  ཚང་མས་རང་གི་ཡུལ་སྲོལ་ལས་བྱུང་བའི་ཕ་མེས་ཀྱི་རིག་གཞུང་དག་ལ་གཅེས་སྤྲས་དང་དོ་སྣང་གནང་རྒྱུ་ང་ཚོའི་འོས་འགན་དུ་གྲུབ་ཡོད།

གནའ་བྲོ་རིག་གནས་དང་ཨོ་ཐོག་དཔོན་ཚང་།


  • ལེ་ཚན་སྔོན་མ།:དམངས་ཁྲོད་ཀྱི་གནམ་གཤིས་བརྟག་ཚུལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།