གཏམ་དཔེ་ཕྱོགས་བསྒྲིགས།

རིག་འཛིན་བསྟན་སྲུང་།        2021-06-16

གཏམ་དཔེ་ཕྱོགས་བསྒྲིགས།

 དཀའ་མོའི་ལ་མོ་མ་བརྒྱབ་ན།།  བདེ་མོའི་ཐང་ལ་སླེབས་དོན་མེད།།

 དཀའ་མོའི་ལས་ཤིག་མ་ལས་ན།།  ཞིམ་པོའི་ཟས་ཤིག་ག་ལ་རག།

 དཀའ་ལས་ཅི་ཙམ་བརྒྱབ་ན།།  འབྲས་བུ་དེ་ཙམ་འཐོབ་ཡོང་།།

 སྐྱིད་མི་ཁོམ་མི་ལྕོགས།།  སྡུག་རྐང་བརྐྱང་ལག་བསྲིངས།།

 ཁ་ཡིས་བཟའ་འདོད་ན།།  ལག་པས་ལས་བྱེད་དགོས།།

 ཁ་བཤད་ཆུ་ཡི་ལྦུ་བ།།  ལག་ལེན་གསེར་གྱི་ཐིགས་པ།།

 ཁྱུང་དཀར་མཛོ་ཡིས་ཁུར་ན་ཡང་ལ་ལ།།  ཨ་ཕོ་རང་གིས་ཁུར་ན་ལྗིད་ལ་ལ།།

 ག་ལེ་ག་ལེར་འགྲོ་ན།།  ཀུ་རུ་ལྷ་སར་སླེབས།།

 གོ་རྒྱུ་མེད་པའི་བཤད་རྒྱུ།།  བཟའ་རྒྱུ་མེད་པའི་ལས་རྒྱུ།།

 བརྒྱ་ཕར་འགྲོ་ནང་གི་སྔ་མ།།  སྟོང་ཚུར་འོང་ནང་གི་མཐའ་མ།།

 ངུ་དགོས་པའི་དཀའ་ལས་མ་བརྒྱབ་ན།། དགོད་ཤོར་བའི་ཟ་མ་ག་ལ་རག།

 ངོ་བཀྲུས་ན་མ་ནེའང་དག་དགོས།།

 ཕྱུགས་དཀར་ནག་འབྲོག་པའི་ནོར་བུ།། འབྲུ་དཀར་ནག་ཞིང་པའི་ནོར་བུ།།

 མི་རྒྱུ་མ་རིང་པོས་ལས་མི་ཐོན།།

 བུ་ཕྲུག་རང་གི་བུ་ཕྲུག་གཅེས།། མེ་ཏོག་གཞན་གྱི་མེ་ཏོག་མཛེས།།

 རོགས་དང་མཐུན་དགོས།།  རྩིས་སྤྲོད་ཞིབ་དགོས།།

 ཁ་ཁོག་པས་མ་གསང་།།  བློ་རྒྱུ་མས་མ་སྐུང་།།

 ཁ་ཆེ་ན་སྣ་ཡི་ཞབས།།  མིག་ཆེ་ན་རྫི་མའི་ཞབས།།

   རི་མཐོ་ཡང་གནམ་གྱི་ཞབས།།  ཆུ་ཆེ་རུང་ཟམ་པའི་ཞབས།།

 སྙིང་གཏམ་མི་ལ་མ་བཤད།།  མཐའ་མར་དགྲ་རུ་འགྱུར་ཡོང་།།

 སྙིང་གཏམ་རོགས་ལ་མ་བཤད།།  མཐའ་མར་ཁ་མཆུ་ལང་ཡོང་།།

 འདོ་བ་འདམ་དུས་མིག་དགོས།།  ཆུང་མ་འདམ་དུས་རྣ་ཅོག་དགོས།།

 སྡུག་དཀའ་ལས་བྱུང་དུས་གྲོགས་པོ་ཤེས།།  ཆུ་འདམ་པ་འབོག་དུས་འདོ་བ་ཤེས།།

 ནང་ཚགས་ཚོང་མི་རྒྱག།  དཔོན་གཡོག་ཤོ་མི་རྒྱག།

 ནང་ལ་ཁ་མ་འཆམས་ན།།  ཕྱི་ལ་དོན་མི་འགྲུབ།།

 དཔོན་ཤེས་མེད་ལ་སྡེ་མི་འཁོར།།  མ་ཟས་མེད་ལ་བུ་མི་འཁོར།།

 སྤྱང་པོས་སྤྱང་ཚོད་མ་ཟིན་ན།།  སྤྱང་པོ་བླུན་པོར་འགྱུར་རབས་ཡོད།

 སྤྱང་པོས་ལ་གཏམ་ལུང་གཏམ།།  བདེན་པའི་ཁ་ལ་ཅི་བུད་ལྟ།།

 སྤྲང་པོས་ཤ་ཡིས་ཁྱི་གསོས་ཀྱང་།།  བཟང་རྗེས་བདག་པོའི་རྗེས་སུ་རྒྱུག།

 ཕ་ཁུའི་གནའ་གཏམ་གསེར།།  ལུག་མགོའི་ཡ་ཐོད་ཟས།།

 ཕོ་བགད་བགད་བ་དེ་ཁྲམ་རྟགས།།  མོ་ངུ་ངུ་བ་དེ་ཁྲམ་རྟགས།།

 ཕོ་ལ་རྒོད་ཞན་ཡོད་ཀྱང་།།  སྲོག་ལ་སྦོམ་ཕྲ་མེད།།

 ཕྲུ་གུ་གསོས་པས་མི་ཕན།།  སློབ་སྟངས་མཁས་པ་བྱེད་དགོས།།

 བ་མོ་བཤའ་བ་ལས་བཞོས་པ་དགའ།།

 བང་རྒྱུག་བྱེད་དུས་རྟ་རྒྱུས་ལོན།།  ཁ་བརྡ་བཤད་དུས་མི་རྒྱུས་ལོན།།

 བུ་མ་བསླངས་ན་སྐྱག་ལང་ཤོར།།  ཁྱི་མ་བཏགས་ན་ཁྱི་ཡན་འགྱར།།

 བྱམས་ཆེ་ན་བུ་རྒྱུད་དགྲ་ལ་འགྱུར།།  ཟ་ཆེ་ན་མར་དཀར་ཞེ་ཁ་ལོག།

 བློ་ཕུགས་མི་ལ་མ་གཏོད།།  རྒྱུ་ཕུགས་མི་ལ་མ་སྟོན།།

གཏམ་དཔེ་ཕྱོགས་བསྒྲིགས།

 བློན་ངན་པས་རྒྱལ་པོ་དགྲ་ལ་སྤྲད།།  སྨན་ངན་པས་ཚེ་རོགས་འདྲེ་ལ་སྤྲད།།

 མ་བཤད་ན་བུ་སྲིང་སྐྱག་ལང་ཤོར།།  བཤད་ཆེ་ན་ཕ་བུ་དགྲ་རུ་འགྱུར།།

 མི་སྐྱོན་བཤད་དགོས།།  ཤིང་སྐྱོན་གཞོག་དགོས།།

 མི་རྒན་པོའི་གཏམ་ལ་ཉོན།།  ཇ་ཞིམ་པོའི་བྲོ་བར་ལྟོས།།

 མི་ངན་ལ་དབང་ཆ་སྤྲད་ན།།  ཆུ་ཡང་བྲེ་ལ་འཇལ།།

 མི་ངན་པས་དོན་ཆེན་དཀྲུག།  ཟས་རུལ་པས་ཕོ་བ་དཀྲུག།

 མི་གཏམ་མི་ཡིས་མ་ཉན་ན་ཐན།།  ཁྱི་སྐད་མི་ཡིས་མ་ཉན་ན་ཐན།།

 མི་རྣམ་རྟོག་ཚ་པོ་ཚེ་མི་རིང་།།

 མི་ཡི་ལ་རྒྱ་ཟས་དང་བརྗེ་མི་རུང་།།  དོན་དག་གལ་ཆེན་མི་ཁར་ཉན་མི་རུང་།།

 སྨན་ཤེས་མེད་འཁྱམ་ལ་དགའ་བའི་དུས།། དྲིན་ཕ་མའི་ཁ་ཏ་དགྲ་རུ་བཟུང་།        ཕོ་ཁྲམ་པས་པང་དུས་འགྱོད་པ་སྐྱེ།།

 རི་ལ་སྟག་མེད་ན།།སྤྲེའུས་རྒྱལ་པོ་བྱེད།།

 ལུས་ལ་ན་ཚ་མེད་ན་ཁྱི་རྔ་རྡོག་གནོན།།  སེམས་ལ་སྡུག་བསྔལ་མེད་ན་བུ་ལོན་ཁག་    འཁུར།།

 བསླབ་བྱ་བརྒྱ་ལས།།  སྣ་བརྡབས་གཅིག་དགའ།།

 ཨ་རག་རྒྱལ་པོའི་གསོལ་རག་རེད།།  སྤྲང་པོ་མུ་གེས་ཤི་རག་རེད།།

 གེ་སར་གྱིས་མྱི་སྟོང་འཇལ་ཚོད་མེད།།  འདན་ཁོག་གི་རྒྱུ་ནོར་ཟད་པ་མེད།།

 གླིང་གེ་སར་འདྲ་བའི་དཔའ་དགོས།།  མ་འབྲུག་མོ་འདྲ་བའི་གཟུགས་དགོས།།

 རྒྱ་སྟག་ནགས་ནས་ངར་བར་སྐྲག་མ་མྱོང་།།  ཁྱི་ཕྲུག་ལམ་ནས་ཟུག་པར་ག་ལ་སྐྲག།

 ང་མ་ཐུག་ལྷ་གཡག་གྭ་པ་ཡིན།།  ཐུག་ན་སྲིན་པོ་མགོ་དགུ་ཡིན།།

 སྐྱིད་པོ་རང་གིས་ཤེས་ན།།  སྡུག་པོ་མི་ཡིས་གཏོང་རྒྱུ་རེད།།

 སྐྱེས་པར་ཞབས་ཐག་འདོགས་མཁན།།  ཕལ་ཆེར་བུད་མེད་ཡིན།།

 ཁ་རྗེ་ལ་བུ་ཡོད་དུས།།  དབང་ཐང་གི་ནུ་མ་མེད།།

 ཁྱིམ་འཛུགས་སླ་སྟེ་ཁྱིམ་སྐྱོང་དཀའ།།

 ཁྱིམ་ཚང་ནང་གི་བཟའ་འཛིང་དེ།།  དེ་རིང་ཡོད་དེ་སང་ཉིན་མེད།།

 གེ་སར་རྒྱལ་པོ་རྟ་ཡིས་གཡུགས་པ་དང་།།  སེང་ལྕམ་འབྲུག་མོ་གོ་ལོག་པ་ཡོང་སྲིད།།

 གོན་མི་བྲ་བྱི་བའི་ཁ་ལ་ཤོར།།  ཟ་མི་བྲ་ཁྱི་ཡི་ཁ་ལ་ཤོར།།

གཏམ་དཔེ་ཕྱོགས་བསྒྲིགས།

 རྒྱལ་པོའི་རྒྱལ་ས་མ་བདེ་ན།།  སྤྲང་པོའི་ཉལ་ས་མི་བདེ།།

 རྒྱུ་མེད་མི་ཡི་གཡོག་པོ།།  རྒྱུ་ཡོད་རྒྱུ་ཡི་གཡོག་པོ།།

 རྒྱུ་ཡོད་རྒྱུ་ཡིས་སྨྱོ།།  རྒྱུ་མེད་སྡུག་གིས་སྨྱོ།

 ངོ་བསྟོད་བྱས་ན་ལྷ་སྐུ་ཡིན་ཡང་དགའ།།  ངན་མཚང་བྲུས་ན་སངས་      རྒྱས་ཡིན་ཡང་ཁྲོ།།

 སྡེ་མགོ་མི་ནོན་དཔོན་པོ་ལས།།  སེམས་ཁྲལ་མེད་པའི་མི་སེར་སྐྱིད།།

 དཔོན་པོ་ཕལ་ཆེར་ངོ་བསྟོད་དགའ།།  བླ་མ་ཕལ་ཆེར་འབུལ་བར་དགའ།།

 སྤྱང་ཀི་ཤ་ལ་དགའ།།  མི་རྣམས་རྒྱུ་ལ་དགའ།།

 ཕོར་ཁ་མ་གང་ན་སེམས་ཁ་མི་གང་།།  ཕོར་ཁ་དམའ་ན་སེམས་ཁ་དམའ།།

 བུ་ས་མཐའ་འགྲོ་མི་སྤྱང་པོ།།  བུ་མོ་ས་མཐའ་འགྲོ་མི་བླུན་པོ།།

 ཤིང་རྒས་ན་རྩ་བ་མང་།།  མི་རྒས་ན་སྐད་ཆ་མང་།།

 དགུན་དུས་གྲང་རླུང་ཆེ་ན།།  དབྱར་དུས་དཀར་ཆུ་བཟང་།།

 མི་ངོ་ཚ་ནས་ཤི་རབས་མེད།།  ཁྱི་ལ་ཆམ་པ་ཕོག་རབས་མེད།།

 རླུང་ཤར་ནས་ཡོང་ན་འབབ།།  རླུང་ནུབ་ནས་ཡོང་ན་དྭངས།།

 སེང་གེ་མེད་སར།།  སྤྲེའུས་རྒྱལ་ས་བཟུང་།།

 ཁ་འཇམ་གཏིང་རྩུབ།།  ཁ་དཀར་ཞེ་ནག།

 ཁ་ནང་མ་ཎི་འདོན།།  ལག་པས་རྟ་བཤའ།།

 ཁ་མཚར་རྩེད་མོ་འཚོ་བའི་རྒྱན།།  མ་ངན་བུ་ལ་དེ་མི་འཕྲོད།།

 ཁ་ཡ་རབས།།  སྤྱོད་པ་མ་རབས།།

 ཁ་ཡིས་ཆོས་བཤད།།  ལག་པས་མི་བསད།།

 ཁ་ལ་ཆང་དྲི་བྲོ།།  སྣ་ལ་དུ་དྲི་བྲོ།།  ལུས་ལ་བསེ་དྲི་བྲོ།།

 ཁ་ལ་བཟའ་རྒྱུ་རག་དུས།།  རྒྱབ་ལ་འཁུར་རྒྱུ་དྲན།།

 ཁུ་ཚུར་མི་ལ་བརྒྱབ།།  ངུ་འབོད་རང་གིས་བྱེད།།

 ཁོང་ཁྲོ་གཡག་ལ་ཟ་ན།།  རྡོག་ཐོ་དྲེལ་ལ་མ་རྒྱག།

 ཁོལ་མོའི་ལྡིར་སྒྲ་ཆེ་ཡང་།།  ལག་པའི་ཞབས་ལ་ཡོད།།

 ཁྱི་ཚེ་ལོ་དགུ་ལས་མེད་ཀྱང་།།  མི་སེམས་ཚང་མ་དང་འགྲས།།

 ཁྱིམ་ལ་རྟ་བརྒྱ་ཡོད།།  འགྲོ་དུས་རྐང་ཐང་ཡིན།།

 གྲོ་མ་མར་ཁུ་ཁ་ལ་ཞིམ།།  ལག་པའི་སེར་ག་གཏིང་ནས་གས།།

 གླ་མེད་རོ་འཁུར།།  ཟས་མེད་སྟོང་རྩིས།།

 སྤྲང་བུ་ལོན་མ་དགོས་ཕྱུག་པོ་ཡིན།།  གྱོད་ཁ་མཆུ་མེད་ན་བཙན་པོ་ཡིན།།

 དགེ་འདུན་ལ་སྒྲིག་མེད་ན།།  དམ་ཉམས་ལུང་པ་གང་།།

 དགོན་ཁང་རྨང་རྡོ་མ་བཞག་གོང་།།  དགོན་གཉེར་ཕོར་རུ་བཞག་ས།།

 མགོ་ཆེན་ཀླད་པའི་བང་མཛོད།།  ཕོ་ཆེན་ཟས་ཀྱི་རྐྱལ་བ།།

 འགག་དོག་མོར་སླེབས་དུས།།  བླ་མ་ཨོ་རྒྱན་པད་མ།།

   ཐང་བདེ་མོར་སླེབས་དུས།།  གླུ་ཨ་ལ་ཐ་ལ།།

 རྒྱགས་དུས་ཆོས་དྲན།།  ལྟོགས་དུས་རྐུ་དྲན།།

 རྒྱལ་པོ་རྣམས་ནི་ངོ་བསྟོད་དགའ།།  དྲང་གཏམ་མཉན་པ་ཤིན་ཏུ་དཀོན།།

 ངན་པ་ཟས་ཀྱིས་འགྲངས་ན་སྐད་ཤུགས་ཆེ།།  མ་རབས་མཐོ་སར་བཞག་    ན་ཀུན་ལ་སྡང་།།

 ངོ་མ་ཤེས་གོང་ནས་ངོ་དགའ།།  མི་མ་འདྲིས་གོང་ནས་སྙིང་གཏམ།།

 སྔ་དྲོར་མེ་ལྡེས་ནས་མ་དྲོ་ན།།  ཕྱི་དྲོར་ཐལ་བ་ལྡེས་ནས་ག་ལ་དྲོ།།

 གཅིག་སྦྱིན་དུས་གཉིས་དགོས།།  སྐྱུར་ཁུ་བླུད་དུས་ཕོ་བ་སྦོས།།

 ཆུང་དུས་ལྷ་ལ་ཕྱག་འཚལ།།  རྒས་དུས་ཕུ་དཀྲུག་མདའ་དཀྲུག།

 ཆོས་མེད་ཟོག་པོའི་དབང་བསྐུར་དེ།།  རྒྱལ་ཁམས་སྐུར་འདེབས་བྱེད་པའི་རྒྱུ།།

 ཇ་ཚྭ་མེད་ཆུ་དང་འདྲ།།  མི་རྒྱུས་མེད་འདྲེ་དང་འདྲ།།

 ཇ་ལན་ཆུ་ཡིས་འཇལ།།  ཆང་ལན་ཇ་ཡིས་འཇལ།།

 འཇོན་ཐང་མེད་པའི་རྒྱལ་པོ་དེ།།  སྡེ་མི་སེར་གཤེ་གཤེ་གཏོང་བར་དགའ།།

 གཏམ་ཉན་མཁན་མེད་ན།།  བཤད་མཁན་ཁྱི་དང་འདྲ།།

 རྟ་མ་རྐྱ་ཟེར་མི་བླ་མ་རེད།།  རྟ་ཐུར་རྐྱ་བྱེད་མི་བླ་མ་རེད།།

 འདོད་ཆགས་ཅན་ལ་བུ་མི་སྐྱེ།།  ཝ་ཆུའི་ཞབས་ལ་རྩྭ་མི་སྐྱེ།།

 བློ་ཕུགས་མི་ལ་མ་གཏོད།།  རྒྱུ་ཕུགས་མི་ལ་མ་སྟོན།

 འདྲ་ཆགས་པོ་དེ་དཔོན་པོས་བཤད།།  ཁ་ལ་ཡོད་དེ་དོན་ཐོག་མེད།།

 ཧ་མི་གོ་བ་དེ་ཧམ་པ་ཆེ།།  ཆར་པ་ཀླུ་ཡི་ལག་ན་ཡོད།།

 ནས་རག་ཞིམ་སྟེ་སྐོམ་མི་སེལ།།  མེ་ཏོག་མཛེས་ཏེ་གྱོན་མི་ལོ།།

 དཔོན་དང་ཕྱུག་པོ་གཉིས་དེ་རྒྱུ་ལ་དགའ།།  བུ་མོ་ར་མ་གཉིས་དེ་མཐོ་ལ་དགའ། 

 དཔོན་ལ་འཇོན་ཐང་མེད་ལེ།།  གཡོག་ལ་རྫིག་ཉམས་བསྟན། 

 བྱ་བ་གང་བཟང་གཞན་གྱིས་སྒྲུབ།།  ངོ་བསྟོད་ཡོད་ཚད་རང་གིས་ལེན།།

 བླ་མ་བརྒྱགས་ན་རྟ་རྒྱུག།  ཇོ་མོ་བརྒྱགས་ན་གླུ་ལེན།།

 བླ་མ་དཔོན་པོ་རག་དུང་གསུམ།།  ཁ་གང་ཆེ་ཐམས་ཅད་མི་ལ་གཏད།།

 བླ་མས་རྟ་བསྒོམས།།  གྲྭ་པས་མཛོ་བསྒོམས།།

 མ་རབས་མཐོ་སར་བཞག་ན།།  སྤྱོད་ངན་ལུང་པ་གང་།།

 མི་རྒན་ཤི་ཁར་མ་ཎི་ཚ་འདོན་བྱེད།།  རེད་དང་རེད་དེ་ཕྱི་ལེ་རེད།།

 མི་ངན་ཁ་ནས་གཏམ་ངན་འབྱུང་།།  ཁྱི་ངན་ཁ་ནས་སྐྱག་དྲི་བྲོ། 

 མི་ངན་གར་འགྲོ་དུ་བས་དགྲ།།  ཁྱི་ངན་གར་འགྲོ་གཟིག་གིས་དགྲ།།

 མི་ངན་འཆི་རྒྱུ་མེད།།  ཤ་རུལ་ཟ་མཁན་མེད།།

 མི་ངན་དེ་ཁ་མང་།།  ཁྱི་ངན་དེ་ཕྱེན་མང་།།

 མི་ངན་ལ་དབང་ཡོད་ན།།  ཁྱི་རྒན་ལ་ཉི་མ་འདེ་དབང་མེད།།

 མི་ངོ་ཚ་མེད་པ་ཁྱི་ཡིན།།  ཁྱི་རྔ་མ་མེད་པ་འདྲེ་ཡིན།།

 མི་སྡུག་སྡུག་མདོག་བྱེད་པ་དེ།།  བུ་མོ་མནའ་མ་འགྲོ་ཉིན་རེད།།

 མེད་པོ་ལ་འཁུར་ཤོག་དང་།།  ཤི་པོ་ལ་ལོངས་ཤོག་མ་ཟེར།།

 དྲང་མོ་བཤད་ན་མི་མི་དགའ།།  དབྱུག་པ་ཕྱར་ན་ཁྱི་མི་དགའ།།

 རྩྭ་ཞིམ་པོ་ཤྭ་རྒྱ་ཤེའུ་ཡིས་བཟས།།  ཁག་ངན་པ་གླ་ནག་གླེའུ་ལ་ཕོག།

 ཚེ་སྟོད་དགའ་རོགས་མང་པོ་དེས།།  ཚེ་སྨད་སྦྲང་པོའི་སྐྲུ་ལམ་བཀག།

 ཚྭ་མེད་ཇ་དེ་ཆུ་དང་འདྲ།།  རྒྱན་མེད་བུ་མོ་འདྲེ་དང་འདྲ།།

 རྫུན་གཏམ་དཔོན་གྱིས་ལབ།།  རྫུན་ཁག་གཡོག་ལ་བཀལ།།

 རྫུན་གཏམ་ལབ་མཁན་དེ་དཔོན་གྱིས་འདོད།།  གྲོད་པ་བཤལ་མཁན་དེ་ཁྱི་ཡིས་འདོད།།

 ཞ་ར་མཐོང་རྒྱ་ཆེ།།  འོན་པ་གོ་རྒྱ་ཆེ།།

 གཡོག་སྡེར་མ་གང་།།  དཔོན་སློ་མ་གང་།།

 གཡོག་པོའི་ལག་ན་རྟ་ཤི།  གཡོག་མོའི་ལག་ན་ཟངས་ཆག།

 རང་མྱོང་ཅན་དེ་མི་བཤད་མཁས།།

 རོགས་མ་སྒྲིག་ཟེར་མི་ཕ་མ་རེད།།  རོགས་སྔོན་ལ་སྒྲིག་མི་ཕ་མ་རེད།།

 རོགས་གསར་པ་ཡོད་དུས་རྙིང་པ་བརྗེད།།  གཡུ་བྱུ་རུ་ཡོད་དུས་སྤོས་ཤེལ་བརྗེད།། 

 ལགས་སོ་ལགས་སོ་སྐུ་ཞབས་ལགས།།  སངས་རྒྱས་གསུང་དང་གུ་རུའི་བཀའ།།

 ལུང་མེད་ལྕགས་བསྲེགས་རྡོ་རྗེ།།  ཁྲིམས་མེད་སྡེ་དགེ་རྒྱལ་པོ།།

 ཤ་མ་ཟ་གསུང་མཁན་བླ་མ་རེད།།  ཤ་ཚོན་པོ་ཟ་མཁན་བླ་མ་རེད།།

 ཤེད་རྒྱལ་པོ་ལ་ཡོད་དེ་ཚད་མི་མེད།།  བློ་སྤྲང་པོ་ལ་ཡོད་དེ་དྲི་མི་མེད།།

 སངས་རྒྱས་ནམ་མཁར་འཕུར་ཡང་དད་པ་མེད།།  སེམས་ཅན་རྒྱུ་མ་ལྷུང་ཡང་སྙིང་    རྗེ་མེད།།

 སེང་གེའི་ངོ་ལ་ཁྱི་ཡིས་ང་རྒྱལ།།  སྟག་གི་ངོ་ལ་ལི་ལིས་ང་རྒྱལ།།

 སྲོག་མ་གཅོད་གསུང་མཁན་བླ་མ་རེད།།  ཤ་འཁུར་ཤོག་གསུང་མཁན་བླ་མ་རེད།།

 ཨ་མཆོད་ཡོན་ཏན་སྒྲོ་བ་གང་།།  སྒྲོ་བ་བརྗེད་ན་ཡོན་ཏན་བརྗེད།།

 ཨ་མ་དང་འདྲེ་མོ་ནོར།།  ལ་བཙས་དང་སོ་པ་ནོར།།

 ཨ་མའི་བུ་དེ་བུ་བདེན་ཡིན།།  ཨ་ཕའི་བུ་དེ་བུ་འདྲ་ཡིན། 

 རྒས་དུས་བུ་མེད་དེ་སྡུག།  ཚེ་གཅིག་རྒྱུ་མེད་དེ་སྡུག། འཆི་དུས་ཆོས་མེད་དེ་སྡུག།

 ཆོས་མི་ལ་ཤོད་མཁན་བན་རྒན་དེས།།  སྡུག་རང་རྩར་འཁོར་ན་མི་རིག་དོ།།

 ཆོས་ལ་མཚམས་མེད་ན།།  བླ་མ་འཁྲུལ་བའི་རྟགས།།

 འཇིམ་ལྷ་ཆུ་ནང་འགྲོ་ན།།  མི་མི་དགོས་རང་སྐྱོབ་མི་ཐུབ། 

 ལྟད་མོ་མིག་གི་བསོད་ནམས།།  མེ་ཏོག་ལྷ་ཡི་སྐལ་བ།།

 དད་གུས་ཆེ་བའི་བླ་མ་དེ།།  ཤི་དུས་མེད་ན་ཅི་ལ་ཕན།།

 བན་ཆོས་མེད་བར་དོར་འགྲིམ་པའི་དུས།།  རང་སྐྱོབ་པའི་ལྷ་ཡང་དགྲ་རུ་བཟུང་།།    མཐར་དམྱལ་བར་ལྷུང་དུས་འགྱོད་པ་སྐྱེ།།

 བླ་མ་ཕལ་ཆེར་ཕྱུག་པོའི་ཁྱིམ་དུ་འཁྲུངས།།  མེ་ཏོག་ཕལ་ཆེར་ཆུ་བོའི་འགྲམ་དུ་སྐྱེས།།

 བླ་མས་ར་གསོད་ཆོག།  གྲྭ་པས་ཆང་འཐུང་མི་ཆོག།

 མི་ལ་ཆོས་བཤད་བྱས་ན།།  རང་གི་སྡོམ་པ་གཙང་དགོས།།

 ཚེ་རབས་ལས་རྩིས་མ་བྱས་ཏེ།།  ཚེ་སྔོན་ལས་ཀྱིས་བསྐོས་པའི་སྐལ།།

 ཡིད་ཁྱེད་ཤེས་ཀྱི་དད་པར་བྱིན་རླབས་འཇུག།  བློ་ཐེ་ཚོམ་དང་བྲལ་ན་ཅི་བསམ་འགྲུབ།།

 ས་ཐོག་བླ་མ་མང་ན་ཡང་།།  རྩ་བའི་བླ་མ་ཁེར་རེ་མ།།

 ལྷ་བླ་མ་མིན་པར་ཞྭ་མི་ཕུད།།  གུར་དཀར་ཆུང་མིན་པར་མགོ་མི་སྒུར།།

 བགད་བགད་ཧ་ཧས་མི་ངོ་མི་ལོན།།  རྒྱུག་རྒྱུག་འདུར་འདུར་གྱིས་རོགས་རྗེས་མི་ཆོད།།

 


  • ལེ་ཚན་སྔོན་མ།:སློབ་མ་ཞིག་དགེ་རྒན་བྱས་པའི་གཏམ་རྒྱུད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།