འབའ་ཐང་གི་དམངས་ཁྲོད་ཀྱི་ཁེད་ཐོར་བུ།

ལྷ་སྡུག        2020-09-01

 

འབའ་ཐང་གི་དམངས་ཁྲོད་ཀྱི་ཁེད་ཐོར་བུ།


༡ མཛུབ་མེད་དོང་རྐོ།         

  ཅི་ཁེད། (ཐིགས་ཆུ།)

༢ བྲག་ཐོག་ཁ་བ་འབབ་འབབ།། བྲག་ཞབས་ལུ་གུ་རྩེ་རྩེ།།   

  ཅི་ཁེད། (རང་འཐག)

༣ བཟུང་ན་སྤར་གང་།། བཏང་ན་ཁྱིམ་གང་།།        

  ཅི་ཁེད། (མར་མེ།)

༤ ཐག་བརྒྱ་འབྲི་གཅིག  

  ཅི་ཁེད། (སྦྲ།)

༥ འབྲི་བརྒྱ་ཐག་གཅིག    

  ཅི་ཁེད། (ཕྲེང་བ།)

༦ མི་སྣ་བརྒྱ་ལ་སྐེ་རགས་གཅིག    

  ཅི་ཁེད། (སོག་མ།)

༧ ལག་མེད་ས་ཕྱགས། 

  ཅི་ཁེད།  (རླུང་།)

༨ བྲག་དམར་དཀྱིལ་གྱི་གཟི་ཁྲ་རིལ།  

  ཅི་ཁེད།(མིག) 

༩༠རྒྱ་མཚོ་ནང་ནས་ཆུ་གཅིག་བླངས།། བྲག་ལམ་སྐེད་པར་ངལ་གཅིག་གསོ།། སྤང་དཀར་གཡང་སྟེང་ལ་རྗེས་ཤིག་བརྒྱབ།།  

 ཅི་ཁེད། (ཡི་གེ་འབྲི་བ།)

༡༡ སྒང་ལ་ཁར་སླེབས་རན་རྐང་པ་བརྐྱངས།        

  ཅི་ཁེད།  (ཐག་པ།)

༡༢ སྒང་ཆུང་ལག་མགོ་ཞིག་ལ་གྲྭ་པ་ཁྲི་ཕྲག་སྟོང་ཕྲག  

    ཅི་ཁེད། (སེའུ་འབྲུ།)

༡༣ དུང་དཀར་བྲག་ལ་བརྒྱབ་ན་ཆག་རྒྱུ་མེད།           

    ཅི་ཁེད། (ཕུག་རོན།)

༡༤ མི་ཚང་མའི་ཕོ་བ་སྔོན་ན་ཡོད། རང་སྤུན་ཟླ་གཉིས་ཀྱི་ཕོ་བ་རྒྱབ་ན་ཡོད།  

   ཅི་ཁེད། (ཉྭ་ཤ)

༡༥ མི་ཐུག་མི་ཐུག་ཟེར་ན་ཐུག  ཐུག་ཐུག་ཟེར་ན་མི་ཐུག  

   ཅི་ཁེད། (མཆུ་ཏོ།)

༡༦ འགྲོ་མི་ཤེས་རྐང་པ་བཞི།  

    ཅི་ཁེད། (རྐུབ་བཀྱག)

༡༧ རྡུང་མི་ཤེས་རྭ་ཅོ་བཞི།  

   ཅི་ཁེད། (སླེ་བོ།)

༡༨ བྲག་ཕུག་སྟོང་པས་རྡོ་ཞིག་འཕོངས།། མི་བརྒྱ་ལ་མི་ཕོག་སྣ་ལ་ཕོག།  

   ཅི་ཁེད། (སྐྱག་པ།)

༡༩ བཀབ་བཞག་ན་མཐེ་བོང་གང་། བལྟས་བཞག་ན་རི་གང་།  

   ཅི་ཁེད།(མིག) 

༢༠ ནག་པོ་ཆེན་པོ་ཁྲི་ལ་བཞུགས།། ཐམས་ཅད་རྣམས་ཅད་དེ་ལ་འཁོར།།  

   ཅི་ཁེད། (ཐབ་ཀ)

༢༡ མི་གསུམ་ལ་མགོ་རས་གཅིག  

   ཅི་ཁེད། (སྒྱེད་པུ།)

༢༢ ཁ་མེད་མིག་མེད་རྐུབ་མེད།  

    ཅི་ཁེད།(སྒོ་ང་།) 

༢༣ གཡག་མི་འགུལ་ཟེའུ་བ་འགུལ།  

    ཅི་ཁེད། (སྦྲའི་ཁ་ཚབ།)

༢༤ ཁྱེད་ཕར་སོང་། ང་དེར་འདུག  

   ཅི་ཁེད། (དུད་འགྲོའི་རྨིག་པ།)

༢༥ ག་ར་མ། གུག་ར་མ།ཉིན་རྒྱུག་མ།མཚན་རྒྱུག་མ། 

   ཅི་ཁེད།  (ཆུ།)

༢༦ དེ་ལས་རིང་ཞིག་མེད། ཁྱིའི་སྦོ་ཞབས་མི་སླེབས། 

   ཅི་ཁེད།  (ལམ།)

༢༧ ཁྱེད་སོང་ན་ང་འགྲོ   ཁྱེད་འདུག་ན་ང་འདུག 

  ཅི་ཁེད།  (གྲིབ་མ།)

༢༨ མཛོ་མོ་མིན་པའི་ངུར་ངུར་ཅན། གཅན་གཟན་མིན་པའི་ཐིག་ལེ་ཅན། 

  ཅི་ཁེད།  (བུང་བ།)

༢༩ མི་རྒན་ཁོག་པ་འབུ་ཡིས་གང་།   

  ཅི་ཁེད།  (ཆང་བེན་ནང་གི་སྦང་མ།)

༣༠ སྟེང་མེ་འབུད། ཞབས་ཆུ་འཁོར།  

  ཅི་ཁེད། (མཆོད་མེ།)

  • ལེ་ཚན་སྔོན་མ།:འབའ་ཐང་གི་དམངས་ཁྲོད་གཞས་མོ།
  • ལེ་ཚན་རྗེས་མ།:མདོ་ཤོད་དར་བཤད།