བདེ་ཆེན་གྱིས་བསྒྱུར། 2022-08-30
ད་ལོ་ནི་བློ་མཐུན་ཅའོ་ཡུས་ལུའུ་འཁྲུངས་ནས་ལོ100འཁོར་བའི་ཉིན་མོ་རེད། བློ་མཐུན་ཅའོ་ཡུས་ལུའུ་ཡི་ལུས་ཐོག་ནས་དམངས་ལ་བརྩེ་སེམས་འཆང་བ་དང་དཀའ་སྤྱད་འབད་བརྩོན།ཚན་རིག་དང་མཐུན་པའི་བདེན་འཚོལ།དཀའ་ངལ་ལ་མི་འཛེམ་ནས་མདུན་དུ་སྐྱོད་པ།སྒེར་སེམས་མེད་པར་བློས་འབུལ་བཅས་ཀྱི་སྙིང་སྟོབས་མངོན་ཡོད། ཡུལ་དུས་བརྒལ་ནས་ཡུན་རིང་ཕྱིན་ཀྱང་རིན་ཐང་ལྷག་ཏུ་མངོན། ལོ་མང་རིང་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་སློབ་སྦྱོང་དང་དར་སྤེལ་གཏང་དགོས་ཞེས་ཐོག་མཐའ་བར་གསུམ་དུ་ནན་གསུང་གནང་བ་རེད།
2014ལོའི་ཟླ་བ3པའི་ཚེས17ནས18ཉིན་བར།ཞི་ཅིན་ཕིང་གིས་ཧོ་ནན་ཞིང་ཆེན་ལན་ཁའོ་རྫོང་དུ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་རེད། འདི་ནི་སྤྱི་ཟླ3པའི་ཚེས17ཉིན་ཞི་ཅིན་ཕིང་གིས་བློ་མཐུན་ཅའོ་ཡུས་ལུའུ་ཡི་དྲན་གསོ་ཁང་ལ་ལྟ་སྐོར་གནང་བཞིན་པའི་ཚུལ་རེད།ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཏིང་ལིན་གྱིས་པར་བླངས།
བློ་མཐུན་ཅའོ་ཡུས་ལུའུ་ཡི་གཟུགས་བརྙན་རྣམ་ཀུན་ངའི་སེམས་ནང་བཞག་ཡོད།
1966ལོའི་ཟླ་བ2པའི་ཚེས7ཉིན།《མི་དམངས་ཉིན་རེའི་ཚགས་པར》གྱིས་མུའུ་ཆིང་སོགས་བློ་མཐུན་གྱིས་བྲིས་པའི་རྒྱས་འཕྲིན《རྫོང་ཨུའི་ཧྲུའུ་ཅིའི་མིག་དཔེ་སྟེ་ཅའོ་ཡུས་ལུའུ》ཞེས་པ་བཀོད་པ་དང་། སྐབས་དེར་ང་རང་དམའ་འབྲིང་ལོ་རིམ་དང་པོར་འདོན་བཞིན་ཡོད། ཆབ་སྲིད་དགེ་རྒན་གྱིས་རྒྱས་འཕྲིན་འདི་ཀློག་པའི་བརྒྱུད་རིམ་ཁྲོད་མིག་ཆུ་ཐེངས་མང་ཤོར་བ་རེད། ལྷག་པར་དུ་བློ་མཐུན་ཅའོ་ཡུས་ལུའུ་ལ་མཆིན་པའི་འབྲས་སྐྲན་ཕོག་ནས་དུས་མཇུག་ལ་སླེབས་ཀྱང་སྔར་བཞིན་བྱ་བ་སྒྲུབ་པ་དང་།དབྱུག་པ་ཞིག་གིས་མཆིན་པའི་སར་གཏད་དེ་སྨྱུག་མའི་རྐུབ་སྟེགས་ཀྱི་གཡས་འགྲམ་དུ་དོང་ཆེན་པོ་ཞིག་ཕུག་པའི་ཚུལ་ཀློག་པའི་སྐབས་ང་རང་ལ་སེམས་འགུལ་ཚད་མེད་ཐེབས་བྱུང་།
——ཞེས་པ་ནི2014ལོའི་ཟླ་བ3པའི་ཚེས17ནས18ཉིན་བར།ཞི་ཅིན་ཕིང་གིས་ཧོ་ནན་ཞིང་ཆེན་ལན་ཁའོ་རྫོང་དུ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་བརྟག་ཞིབ་དང་མཛུབ་ཁྲིད་གནང་སྐབས་ཀྱི་གསུང་བཤད་རེད།
ང་ཚོའི་མི་རབས་འདིར་བློ་མཐུན་ཅའོ་ཡུས་ལུའུ་ཡི་བྱས་རྗེས་སློབ་གསོ་ཐེབས་ནས་འཚར་ལོངས་བྱུང་བ་ཡིན་པས། བློ་མཐུན་ཅའོ་ཡུས་ལུའུ་ཡི་གཟུགས་བརྙན་རྣམ་ཀུན་ངའི་སེམས་སུ་བཞག་ཡོད།
——ཅེས་པ་ནི2014ལོའི་ཟླ་བ3པའི་ཚེས17ནས18ཉིན་བར།ཞི་ཅིན་ཕིང་གིས་ཧོ་ནན་ཞིང་ཆེན་ལན་ཁའོ་རྫོང་དུ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་བརྟག་ཞིབ་དང་མཛུབ་ཁྲིད་གནང་སྐབས་ཀྱི་གསུང་བཤད་རེད།
བློ་མཐུན་ཅའོ་ཡུས་ལུའུ་ཡིས་ལན་ཁའོ་རྫོང་དུ་ལས་དོན་བསྒྲུབས་ནས་ལོ་གཅིག་ལྷག་ལས་སོང་མེད་མོད། འོན་ཀྱང་མང་ཚོགས་ཀྱི་སེམས་ནང་ཡུན་གཏན་མཛད་རྗེས་རྡོ་རིང་ཞིག་བཞེངས་ཡོད་པ་རེད། ཚང་མ་འདིར་སློབ་སྦྱོང་བྱེད་དུ་ཡོང་སྐབས་བློ་མཐུན་ཅའོ་ཡུས་ལུའུ་ཡིས་ང་ཚོར་མིག་དཔེ་བཟང་པོ་དེ་འདྲ་མང་པོ་བཞག་ཡོད་པས།ང་ཚོས་མི་རབས་རྗེས་མའི་ཆེད་དུ་ཅི་ཞིག་གཞག་དགོས་པའི་གནད་དོན་འདི་འདྲ་ཞིག་ལ་བསམ་བློ་གཏིང་ཟབ་གཏང་དགོས་པ་དེ་རེད།
——ཅེས་པ་ནི2014ལོའི་ཟླ་བ3པའི་ཚེས17ནས18ཉིན་བར།ཞི་ཅིན་ཕིང་གིས་ཧོ་ནན་ཞིང་ཆེན་ལན་ཁའོ་རྫོང་དུ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་བརྟག་ཞིབ་དང་མཛུབ་ཁྲིད་གནང་སྐབས་ཀྱི་གསུང་བཤད་རེད།
2017ལོའི་ཟླ་བ5པའི་ཚེས3ཉིན།ཞི་ཅིན་ཕིང་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད།འདི་ནི་ཞི་ཅིན་ཕིང་སློབ་མའི་བྱེད་སྒོའི་ལྟེ་གནས་སུ་དམངས་ཚོང་དཔལ་འབྱོར་ཁྲིམས་ལུགས་སློབ་གླིང་གི་དངོས་གཞིའི་ཚན་ཁག་གི་ལོ་རིམ་གཉིས་པའི་འཛིན་གྲྭ་གཉིས་པའི་གུང་གཞོན་ཚོགས་པའི་ཀྲི་པུའུ་ཡིས“ཐོག་མའི་བསམ་འདུན་མི་བརྗེད་པར་ཏང་གི་རྗེས་སུ་འབྲངས”ཞེས་པའི་གཙོ་དོན་གུང་གཞོན་ཚོགས་པའི་ཉིན་མོའི་བྱེད་སྒོར་ཞུགས་པའི་ཚུལ་རེད། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཝང་ཧྭས་པར་བླངས།
ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་ཡུལ་དུས་ལས་བརྒལ་ཀྱང་ནམ་ཡང་དུས་ལས་ཡོལ་མི་སྲིད།
ཀྲུང་གོ་གསར་པ་བཙུགས་པ་ནས་བཟུང་།ང་ཚོའི་ཏང་དང་མི་དམངས་ཀྱིས་དཀའ་སྤྱད་ལས་སྒྲུབ་དང་དཀའ་སྤྱད་འབད་འཐབ་བྱས་ཏེ།རྒྱལ་ཁབ་སྟོབས་འབྱོར་ཇེ་རྒྱས་དང་།མི་རིགས་སྔར་བས་དར་རྒྱས།མི་དམངས་སྔར་བས་བདེ་སྐྱིད་བཅས་ཡོང་བར་བྱས་ཤིང་། དེའི་ནང་ཆེས་གལ་ཆེ་བ་ཞིག་ནི་ཅའོ་ཡུས་ལུའུ་ལྟ་བུའི་ཏང་མི་དང་ལས་བྱེད་པ་ཕུལ་བྱུང་གྲངས་ལས་འདས་པས་ཏང་དང་མི་དམངས་ལ་སྒེར་སེམས་མེད་པར་བློས་འབུལ་བྱས་ཡོད་པ་དེ་རེད། བློ་མཐུན་ཅའོ་ཡུས་ལུའུ་ཡི་བྱས་རྗེས་དེ་མདོར་གཅིག་ཏུ་བསྡུས་ན། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་རྗེས་སུ་འབྲང་བ་དང་། ཁོང་གི་མི་ཚེ་གང་པོར་ཏང་དང་དཀའ་སྡུག་མཉམ་དུ་ཁུར་ཞིང་ཏང་ལ་གཟི་བརྗིད་སྣོན་པ་དེ་རེད། ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་དེ་ཡུལ་དུས་ལས་བརྒལ་ཀྱང་ནམ་ཡང་དུས་ལས་ཡོལ་མི་སྲིད་པས། ང་ཚོས་དུས་རབས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་རྒྱུན་ཆད་མེད་པར་དར་རྒྱས་གོང་འཕེལ་གཏང་དགོས།
——ཞེས་པ་ནི2017ལོའི་ཟླ་བ5པའི་ཚེས3ཉིན།ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་རེད།
བློ་མཐུན་ཅའོ་ཡུས་ལུའུ་ནི་མི་དམངས་ཀྱི་སྤྱི་ཞབས་པ་བཟང་པོ་དང་།རྫོང་ཨུའི་ཧྲུའུ་ཅིའི་མིག་དཔེ་ཡིན་ལ། ཏང་ཡོངས་ཀྱི་མིག་དཔེ་ཡང་ཡིན། དམངས་ལ་དགའ་བ་དང་དཀའ་སྤྱད་འབད་བརྩོན། ཚན་རིག་དང་མཐུན་པའི་བདེན་འཚོལ། དཀའ་ངལ་ལ་མི་འཛེམ་ནས་མདུན་དུ་སྐྱོད་པ།སྒེར་སེམས་མེད་པར་བློས་འབུལ་བཅས་ཀྱི་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་ནི་སྔོན་ཆད་དང་ད་ལྟ།མ་འོངས་པ་ནམ་ཡིན་ཡང་ང་ཚོའི་ཏང་གི་བསམ་པའི་རྒྱུ་ནོར་རྩ་ཆེན་ཡིན་པས།དུས་ནམ་ཡང་དུས་ལས་ཡོལ་མི་སྲིད་པ་རེད། ཚེ་སྲོག་ལ་ཚད་ཡོད་པ་བཞིན་དཔའ་བོ་དཔེ་བཟང་མི་སྣ་མང་པོའི་སྙིང་སྟོབས་བླ་ན་མེད་པ་ཆགས་པའི་བརྒྱུད་རིམ་ལའང་ཚད་ཡོད་མོད། འོན་ཀྱང་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་གྲུབ་ཕྱིན་འགྱུར་མི་སྲིད་པའི་ཡུན་གཏན་གྱི་ཚད་གཞི་ཞིག་རེད། ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་དེ་རི་བོ་ཅིན་ཀང་གི་སྙིང་སྟོབས་དང་། ཡན་ཨན་གྱི་སྙིང་སྟོབས། ལེ་ཧྥུང་གི་སྙིང་སྟོབས། དར་དམར་ཆུ་ཡུར་གྱི་སྙིང་སྟོབས་བཅས་དང་མཉམ་དུ་གནས་ཡོད། མི་རིགས་གང་ཞིག་ཡིན་རུང་ཚང་མར་སྙིང་སྟོབས་དེ་འདྲ་བ་ལ་བརྟེན་ནས་དེའི་བསམ་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཞིག་ཆགས་དགོས་ཀྱི་ཡོད། སྙིང་སྟོབས་དེ་འདྲ་ཞིག་དུས་རབས་འཕེལ་རྒྱས་གང་ཞིག་ཏུ་སླེབས་ཀྱང་དུས་ནམ་ཡང་དུས་ལས་ཡོལ་མི་སྲིད་པ་རེད།
——ཅེས་པ་ནི2014ལོའི་ཟླ་བ3པའི་ཚེས18ཉིན།ཞི་ཅིན་ཕིང་གིས་ཧོ་ནན་ཞིང་ཆེན་ལན་ཁའོ་རྫོང་ཨུའི་རྒྱུན་ལས་ཨུ་ཡོན་གྱི་རྒྱས་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་རེད།
ངས་ལན་ཁའོ་འབྲེལ་གཏུག་བྱེད་གནས་སུ་བདམས་པའི་རྒྱུ་མཚན་ནི་ལན་ཁའོ་ནི་བློ་མཐུན་ཅའོ་ཡུས་ལུའུ་ཡི་ལས་དོན་སྒྲུབ་གནས་དང་འཚོ་གཞེས་མྱོང་བའི་ས་ཆ་ཡིན་པ་དང་།ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་འབྱུང་ས་ཡིན་པ་རེད། ངས་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་སློབ་སྦྱོང་བྱས་པར་བརྒྱུད་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་དྲང་ཕྱོགས་ཀྱི་ནུས་པ་ཆེན་པོ་མཁོ་འདོན་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད།
——ཅེས་པ་ནི2014ལོའི་ཟླ་བ3པའི་ཚེས17ནས18ཉིན་བར། ཞི་ཅིན་ཕིང་གིས་ཧོ་ནན་ཞིང་ཆེན་ལན་ཁའོ་རྫོང་དུ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་བརྟག་ཞིབ་དང་མཛུབ་ཁྲིད་གནང་སྐབས་ཀྱི་གསུང་བཤད་རེད།
2015ལོའི་ཟླ་བ6པའི་ཚེས30ཉིན། ཞི་ཅིན་ཕིང་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་རྒྱལ་ཡོངས་ཀྱི་རྫོང་ཨུའི་ཧྲུའུ་ཅི་ཕུལ་བྱུང་དང་ཐུག་འཕྲད་གནང་བ་རེད། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལན་ཧུང་ཀོང་གིས་པར་བླངས།
ཅའོ་ཡུས་ལུའུ་ལྟ་བུའི་ཏང་མི་བཟང་པོ་དང་ལས་བྱེད་པ་བཟང་པོ་བྱ་དགོས།
རྫོང་ཨུའི་ཧྲུའུ་ཅི་ནི་དཔོན་པོ་ཆེན་པོ་མ་རེད་དེ་འགན་འཁྲི་དང་གནོན་ཤུགས་ཆུང་ཆུང་ཡིན་ལེ་མ་རེད། རྫོང་ཨུའི་ཧྲུའུ་ཅི་བཟང་པོ་ཞིག་བྱ་རྒྱུ་ནི་ལས་སླ་མོ་ཞིག་མ་རེད། ཅའོ་ཡུས་ལུའུ་དང་དབྱང་ཧྲན་ཀྲོའུ། ཀུའུ་ཝུན་ཁྲང་སོགས་བློ་མཐུན་ཚོ་ནི་རྫོང་ཨུའི་ཧྲུའུ་ཅིའི་མིག་དཔེ་བཟང་པོ་ཡིན་པས། རྫོང་ཨུའི་ཧྲུའུ་ཅིས་ཁོང་ཚོ་མིག་དཔེར་བྱས་ཏེ་ཐོག་མཐའ་བར་གསུམ་དུ་སེམས་ནང་ཏང་ཡོད་པ་དང་།སེམས་ནང་མི་དམངས་ཡོད་པ།སེམས་ནང་འགན་འཁྲི་ཡོད་པ།སེམས་ནང་སྒྲིག་ཁྲིམས་ཡོད་པ་བཅས་བྱས་ནས་ཏང་དང་མི་དམངས་ཀྱིས་བློས་འགེལ་ཆོག་པའི་ལས་བྱེད་པ་བཟང་པོ་ཞིག་བྱེད་གང་ཐུབ་བྱ་དགོས།
——ཞེས་པ་ནི2015ལོའི་ཟླ་བ6པའི་ཚེས30ཉིན། ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྫོང་ཨུའི་ཧྲུའུ་ཅི་ཕུལ་བྱུང་དང་ཐུག་འཕྲད་གནང་སྐབས་ཀྱི་གསུང་བཤད་རེད།
ངས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཅའོ་ཡུས་ལུའུ་ཡིས་རྫོང་ཨུའི་ཧྲུའུ་ཅིའི་མིག་དཔེ་བསྟན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། ང་ལན་ཁའོ་རྫོང་དུ་ཐེངས་མང་འགྲོ་མྱོང་། ན་ནིང་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཚན་འབོར་གཉིས་པའི་ཁྲོད་ཐེངས་གཉིས་ཕྱིན་པ་ཡིན། ལན་ཁའོ་ཡི་ས་གནས་སུ་སླེབས་སྐབས་ངའི་སེམས་པ་ཧ་ཅང་ཞེ་རྒོད་པོ་འདུག། བློ་མཐུན་ཅའོ་ཡུས་ལུའུ་ཡིས་རང་ཉིད་ཀྱི་བྱ་སྤྱོད་ངོ་མའི་ཐོག་ནས་གུང་ཁྲན་ཏང་མི་ཕུལ་བྱུང་དང་རྫོང་ཨུའི་ཧྲུའུ་ཅི་ཕུལ་བྱུང་ཞིག་གི་འོད་སྟོང་འཕྲོ་བའི་གཟུགས་བརྙན་བཞེངས་ཡོད་པ་རེད། རྫོང་ཨུའི་ཧྲུའུ་ཅི་ཞིག་བྱེད་པར་ཅའོ་ཡུས་ལུའུ་ལྟ་བུའི་རྫོང་ཨུའི་ཧྲུའུ་ཅི་ཞིག་བྱ་དགོས།
——ཅེས་པ་ནི2015ལོའི་ཟླ་བ་དང་པོའི་ཚེས12ཉིན།ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭའི་རྫོང་ཨུའི་ཧྲུའ་ཅི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭའི་སློབ་མའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད།
ཁྱད་པར་དུ་བློ་མཐུན་ཅའོ་ཡུས་ལུའུ་ཡིས“སེམས་སུ་མི་དམངས་ཚང་མ་བཅངས་པ་ལས་རང་ཉིད་གཅིག་པུར་མེད”ཅེས་པའི་སྤྱི་ཞབས་པའི་བརྩེ་སེམས་དང་། བྱ་བ་ཐམས་ཅད་ཟབ་ས་ནས་འཚོལ་ཞིབ་དང“མི་གཞན་གྱིས་བཟས་མྱོང་བའི་གོ་རེ་ལ་བྲོ་བ་མེད་”ཅེས་པའི་བདེན་འཚོལ་གྱི་སྤྱོད་ཚུལ། “གནམ་ས་བླ་འོག་ཏུ་བསྒྱུར་ཕོད་པ་དང་གསར་བརྗེ་པས་དཀའ་ངལ་གྱི་མདུན་དུ་དཔའ་བོ་བྱ་དགོས”ཞེས་པའི་འབད་འཐད་ཀྱི་སྙིང་སྟོབས། དཀའ་སྤྱད་བབ་ཆགས་དང་། སྤྱོད་གཙང་སྤྱི་གཞོལ།“དུས་ནམ་ཡིན་ཡང་དམིགས་བསལ་ཅན་མི་བྱེད་པ”ཞེས་པའི་ཀུན་སྤྱོད་འཁྱེར་སོ་བཅས་དམིགས་སུ་བཀར་ནས་སློབ་སྦྱོང་དང་དར་སྤེལ་གཏང་དགོས། ཏང་མི་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་མེ་ལོང་ཞིག་ཏུ་བརྩིས་ཏེ། ནང་ནས་ཕྱི་དང་གོང་ནས་འོག་བར་རང་ལ་ཡང་ཡང་བལྟ་དགོས། རང་ཉིད་ཀྱི་བསམ་བློའི་གོ་རྟོགས་དང་བྱང་ཚད་ནུས་པ། ཀུན་སྤྱོད་ཀྱི་ཕྱི་ཚུལ་སོགས་ཀྱི་ཐད་ནས་ཡོད་པའི་གནད་དོན་དང་མི་འདང་སར་ཞིབ་བཤེར་གསལ་སྟོན་གཏིང་ཟབ་བྱ་དགོས། བློ་མཐུན་ཅའོ་ཡུས་ལུའུ་ལ་མིག་ལྟོས་ཧུར་ཐག་བྱས་ནས་དེ་རིང་ནས་འགོ་ཚུགས་པ་དང་མིག་མདུན་ནས་འགོ་ཚུགས་པ། དོན་ཆུང་ནས་འགོ་ཚུགས་ཏེ་བློ་མཐུན་ཅའོ་ཡུས་ལུའུ་ལྟར་མང་ཚོགས་ལ་ལྟ་སྟངས་འཛིན་པ་དང་རྩ་འཛུགས་ལ་ལྟ་སྟངས་འཛིན་པ། བྱ་གཞག་ལ་ལྟ་སྟངས་འཛིན་པ། བློ་མཐུན་ལ་ལྟ་སྟངས་འཛིན་པ། གཉེན་ཉེར་ལྟ་སྟངས་འཛིན་པ། རང་ཉིད་ལ་ལྟ་སྟངས་འཛིན་དགོས། བློ་མཐུན་ཅའོ་ཡུས་ལུའུ་ལྟར་ཚེ་སྲོག་མ་རྫོགས་པར་དུ་འབད་འཐབ་བྱེད་མཚམས་གཞག་རྒྱུ་མེད་ཅིང་། ཅའོ་ཡུས་ལུའུ་ལྟ་བུའི་ཏང་མི་བཟང་པོ་དང་ལས་བྱེད་པ་བཟང་པོ་བྱ་རྒྱུར་འབད་བརྩོན་བྱ་དགོས།
——ཞེས་པ་ནི2014ལོའི་ཟླ་བ3པའི་ཚེས17ནས18ཉིན་བར།ཞི་ཅིན་ཕིང་གིས་ཧོ་ནན་ཞིང་ཆེན་ལན་ཁའོ་རྫོང་དུ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་བརྟག་ཞིབ་དང་མཛུབ་ཁྲིད་གནང་སྐབས་ཀྱི་གསུང་བཤད་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10