མི་རིགས་མཐུན་སྒྲིལ་གྱི་ལེའུ་གསར་པ་བྲིས།

རྟ་མགྲིན་རྡོ་རྗེས་བསྒྱུར།        2022-08-31

ཁུལ་རིག་གནས་དང་རྒྱང་བསྒྲགས་བརྙན་འཕྲིན་ཡུལ་སྐོར་ཅུས་དར་མདོ་གྲོང་ཁྱེར་དཔའ་སྲེག་རོང་གྲོང་ཚོའི་དུད་ཚང་དུ་བསྐྱོད་ནས་མཐུན་འབྲེལ་ཐེངས་དང་པོ་བྱས།

སྤྱི་ཟླ8པའི་ཚེས19ཉིན། ཁུལ་རིག་གནས་དང་རྒྱང་བསྒྲགས་བརྙན་འཕྲིན་ཡུལ་སྐོར་ཅུས་ཀྱི་ཁག་དང་པོའི་ལས་བྱེད་པ་དང་ལས་བཟོ་བ20དར་མདོ་གྲོང་ཁྱེར་དཔའ་སྲེག་རོང་ཡུལ་ཤོག་དཔའ་སྲེག་རོང་གྲོང་སྡེའི་དུད་ཚང་དུ་བསྐྱོད་ནས་དང་ཐོག་གི་མཐུན་འབྲེལ་ལས་དོན་སྤེལ་བ་རེད།

ཁུལ་ཡོངས་ཀྱི“ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་བཅངས་པ་དང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི”ལག་ལེན་བྱེད་སྒོ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་མཐུན་འབྲེལ་བྱེད་སྟངས་ཞིབ་ཕྲ་ཡོང་ཆེད། ཁུལ་རིག་གནས་དང་རྒྱང་བསྒྲགས་བརྙན་འཕྲིན་ཡུལ་སྐོར་ཅུས་ཀྱིས་མཐོང་ཆེན་བླ་ན་མེད་པར་བྱས་ནས་ཞིབ་ཕྲའི་མཐུན་འབྲེལ་གྱི་ལག་བསྟར་ཇུས་གཞི་བཟོས་ནས་ཀློག་བདེ་བ་དང་གོ་སླ་བ། ཁྱེར་བདེ་བ། ཉར་ཚགས་བྱེད་བདེ་བ། དྲིལ་བསྒྲགས་བྱེད་བདེ་བའི“ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅངས་ནས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི”ལག་ལེན་བྱ་སྤྱོད《ཁ་གསལ་གཱ》265དང་སེམས་འབྲེལ་གཱ218 མཐུན་འབྲེལ་ལག་དེབ157 《དཀར་མཛེས་ཁུལ“མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁྱིམ་ཚང”གི་སྲུང་བྱ》བོད་རྒྱ་སྐད་གཉིས་ཀྱི་དྲིལ་བསྒྲགས་དེབ115བཅས་བཟོས་པ་རེད།

དཔའ་སྲེག་རོང་ཡུལ་ཤོག་དཔའ་སྲེག་རོང་གྲོང་སྡེ་རུ། རིག་གནས་དང་རླུང་འཕྲིན་ཡུལ་སྐོར་ཅུས་ཀྱི་ལས་བྱེད་པ་དང་ལས་བཟོ་ཚོས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་དམིགས་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུའི་མི་རིགས་ལས་དོན་གྱི་རིམ་སྤེལ་ཚོགས་འདུའི་དགོངས་དོན་དང་དེ་བཞིན་ཁུལ་ཡོངས་ཀྱིས“ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅངས་ནས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི”ལག་ལེན་བྱ་སྤྱོད་ཀྱི་དོན་སྙིང་གལ་ཆེན་དང་སྤྱི་ཡོངས་ཀྱི་དམིགས་ཡུལ། ཞིབ་ཕྲའི་བྱེད་ཐབས་སོགས་ཀྱི་ནང་དོན་ཐད་གོ་བདེ་ཤེས་སླའི་རྣམ་པའི་ཐོག་ནས་ས་གནས་དེ་གའི་གྲོང་མིར་སྒྲོག་འགྲེལ་བྱས་པ་རེད།

དུད་ཚང་དུ་བསྐྱོད་ནས་མཐུན་འབྲེལ་ལས་དོན་སྤེལ་རིང་། ཁུལ་རིག་གནས་དང་རྒྱང་བསྒྲགས་བརྙན་འཕྲིན་ཡུལ་སྐོར་ཅུས་ཀྱི་ལས་བྱེད་པ་དང་ལས་བཟོ་ཚོས་ཆ་སྒྲིག་མཐུན་འབྲེལ་ཁྱིམ་ཚང་དུ་འཚམས་འདྲིར་བསྐྱོད་དེ་ཁོ་ཚོ་དང་མཉམ་དུ་འཚོ་བའི་སྐོར་གླེང་མོལ་བྱས་པ་དང་ཁོ་ཚོར་མི་རིགས་སྲིད་ཇུས་སྒྲོག་འགྲེལ་དང《དཀར་མཛེས་ཁུལ“མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁྱིམ་ཚང”གི་བསྲུང་བྱ》བརྒྱུད་བསྒྲགས་བྱས་པར་མ་ཟད་ཞིབ་ཚགས་ངང་བཟོས་པའི་ཁ་གསལ་བྱང་བུ་དང་། སེམས་འབྲེལ་བྱང་བུ། བོད་རྒྱ་སྐད་གཉིས་ཀྱི་དྲིལ་བསྒྲགས་ལག་དེབ་སོགས་དང་། འབྲས་དང་བཟའ་སྣུམ་སོགས་འཚམས་འདྲིའི་དངོས་པོ་ཡང་སྤྲད་པ་རེད། “ཁྱེད་རང་དང་གཉེན་འཚོལ་རོགས་སྐྱོར་བྱ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཁྱིམ་དུ་མི་ག་ཚོད་ཡོད། དུས་རྒྱུན་ཡོང་འབབ་གཙོ་བོ་གང་ཞིག་ལ་བརྟེན་དགོས། སླད་ཕྱིན་དཀའ་ཁག་དང་འཕྲད་དུས་འབྲེལ་གཏུག་བྱོས”ལྷག་བསམ་རྣམ་དག་གི་འཚམས་འདྲི་དང་རྒྱུས་ལོན་གྱི་སྐད་ཆ་འདི་དག་གིས་ཕན་ཚུན་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་། “ཁྱིམ་དུ་ཕེབས་པར་དགའ་བསུ་ཞུ། ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ། ད་ཆ་ང་ཚོ་ཚང་མ་ཧ་ཅང་སྐྱིད་པོ་འདུག”འཐུན་འབྲེལ་ཁྱིམ་མི་ཚོས་ཚང་མ་དང་སྤེལ་རེས་བྱས་ནས་དགའ་སྤྲོའི་ངང་དེ་ལྟར་བཤད། ཁུལ་རིག་གནས་དང་རླུང་འཕྲིན་ཡུལ་སྐོར་ཅུས་ཀྱི་ལས་བྱེད་པ་དང་ལས་བཟོ་ཚོས་ད་དུང་མཐུན་འབྲེལ་ཁྱིམ་ཚང་དང་ཕན་ཚུན་སྐད་འཕྲིན་དང་ཁ་པར་ཨང་གྲངས་བཞག་པ་རེད།།



  • ལེ་ཚན་སྔོན་མ།:མཐུན་འབྲེལ་བྱེད་སྒོས་གཅིག་སེམས་གཅིག་འབྲེལ་བྱས།། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་གྱུར།།
  • ལེ་ཚན་རྗེས་མ།: མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་མཉམ་དུ་གསོ་སྐྱོང་བྱས་ནས་ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད།
  • དོ་སྣང་ཆེ་བའི་རྩོམ།