མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་མཉམ་དུ་གསོ་སྐྱོང་བྱས་ནས་ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད།

ཨ་མགོན་གྱིས་བསྒྱུར།        2022-08-31

བརྒྱད་ཟིལ་རྫོང་རྩིས་བཤེར་ཅུས་ཀྱིས“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི”ལག་ལེན་བྱ་སྤྱོད་ཀྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས།

“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅངས་ནས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི”ལག་ལེན་བྱ་སྤྱོད་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་ཆེད།ཉེ་ཆར་བརྒྱད་ཟིལ་རྫོང་རྩིས་བཤེར་ཅུས་ཀྱིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅངས་ནས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི”ལག་ལེན་བྱ་སྤྱོད་ཀྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད།

ཚོགས་འདུའི་ཐོག་ཁུལ་དང་རྫོང་གི“ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཁྱིམ་ཚང་དུ་སྤེལ་བའི”ལག་ལེན་བྱ་སྤྱོད་ཀྱི་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན།ཁྱོན་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་ཡོངས་ཀྱིས་མཐུན་འབྲེལ་ཁྱིམ་ཚང་དང་ལྷག་བསམ་རྣམ་དག་གིས་འབྲེལ་བ་དང་།བརྩེ་སེམས་ཟབ་མོ།ལྷག་བསམ་རྣམ་དག་གིས་རོགས་རམ་བཅས་བྱ་དགོས། ལྕགས་ལ་རྡུང་ནས་རྗེས་ཤུལ་འཇོག་པ་དང་རྡོའི་ཐོག་ལ་རྐང་རྗེས་འཇོག་ལྟ་བུ། ལས་དོན་བསྒྲུབས་ནས་གྲུབ་འབྲས་ཐོབ་པ་བཅས་ཀྱི་སྤྱོད་ཚུལ་ཐོག་ནས་མཐུན་འབྲེལ་བྱེད་སྒོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་གཏིང་ཟབ་གཏང་དགོས། རྒྱུན་དུ་ཁ་པར་དང་སྐད་འཕྲིན་གྱི་ཐོག་ནས་འབྲེལ་གཏུག་བྱེད་པ་སོགས་ཀྱི་ཐབས་ལ་བརྟེན་ནས་མཐུན་འབྲེལ་ཁྱིམ་ཚང་དང་མང་ཚོགས་ལ་ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྒྲོག་འགྲེལ་བྱས་ཏེ་མང་ཚོགས་དགེ་མཚན་ལྡན་ཞིང་སྐྱོན་བྲལ་ཡར་བརྩོན་གྱི་བསམ་བློའི་འདུ་ཤེས་དང་འདུ་ཤེས་ཟམ་མི་ཆད་པར་ཇེ་དྲག་ཏུ་གཏོང་བ་དང་།བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་རང་རྟོགས་ངང་བརྩི་སྲུང་ཞུ་བ།ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱེད་པ།མང་ཚོགས་ཀྱིས་སྔ་ཕྱི་བར་གསུམ་དུ་ཏང་གི་བཀའ་ལ་ཉན་པ་དང་།ཏང་གི་རྗེས་སུ་འབྲང་བ།ཏང་གི་བཀའ་དྲིན་ཤེས་པ་བཅས་ཀྱི་སློབ་གསོ་དང་ཁྲིད་སྟོན་བྱས་ནས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་དགོས་ཞེས་རེ་བ་བཏོན་པ་རེད།



  • ལེ་ཚན་སྔོན་མ།:མི་རིགས་མཐུན་སྒྲིལ་གྱི་ལེའུ་གསར་པ་བྲིས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།