ཁུལ་ཨུའི་དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་གྱི་མགོ་ཁྲིད་ཚོ་ཆུང་དང་གཉིས་བཀུར་ལས་དོན་མགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2022-08-31

སྤྱི་ཟླ8པའི་ཚེས26ཉིན། ཁུལ་ཨུའི་སྐབས་བཅུ་གཉིས་པའི་དམག་ཞབས་པའི་དམག་མིའི་ལས་དོན་གྱི་མགོ་ཁྲིད་ཚོ་ཆུང་དང་གཉིས་བཀུར་ལས་དོན་མགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི། མགོ་ཁྲིད་ཚོ་ཆུང་གི་མགོ་འཛིན་ཧྲེན་དབྱང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན། མགོ་ཁྲིད་ཚོ་ཆུང་གི་མགོ་འཛིན་གཞོན་པ་ཧྥུང་ཧྥ་ཀུའེ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། མགོ་ཁྲིད་ཚོ་ཆུང་གི་མགོ་འཛིན་གཞོན་པ་དབྱང་ཧུང་ཧྲོའུ་གྲོས་ཚོགས་སུ་ཞུགས་ཡོད་པ་རེད།

ཚོགས་འདུའི་ཐོག་བསྟན་དོན། ན་ནིང་ནས་བཟུང་། ཁུལ་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེ་རུ་གཏོང་བའི་དགོངས་པ་དང་དུས་རབས་གསར་པའི་དམག་དོན་གྱི་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱས་ནས། དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་དང་གཉིས་བཀུར་ལས་དོན་སྐོར་གྱི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། ཕྱོགས་སོ་སོའི་སྟོབས་ཤུགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་བརྟན་རླིང་སྲུང་སྐྱོང་དང་། འཚུབ་བསྟུན་རོགས་སྐྱོབ། གཞི་རིམ་བཅོས་སྐྱོང་། རིམས་ཚུལ་འགོག་ཟོན་སོགས་ཀྱི་དམག་འཐབ་དྲག་པོ་ལས་རྒྱལ་ཁ་ཐོབ་པ་བྱས་ཏེ། དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་ཉ་ཆུ་ལྟ་བུའི་བརྩེ་དུང་ཟབ་མོ་གསོན་ཉམས་ལྡན་པའི་ངང་མཚོན་པར་བྱས་ཡོད། མིག་སྔའི་ཛ་དྲག་ཆེ་ལ་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་པའི་ལས་འགན་ལྗིད་པོར་དམིསག་ཏེ་དམག་སྲིད་དང་དམག་དམངས་ལག་གདང་སྦྲེལ་ནས་མདུན་སྐྱོད་དང་འགག་སྒྲོལ་དཀའ་སེལ་དེ་བས་བྱ་དགོས་པ་རེད། ཁུལ་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེ་རུ་གཏོང་བའི་དགོངས་པས་མཛུབ་ཁྲིད་བྱས་ནས།“གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་བརྩི་བཀུར་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པའི་ཆབ་སྲིད་མཐོ་ཚད་ཐོག་ནས་བརྟན་བརླིང་ཨང་དང་པོར་འཇོག་པ་དང་། བརྟན་ཐོག་ཡར་བརྩོན་རྒྱུན་འཁྱོངས་ནས་དུས་རབས་གསར་པའི་དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་དང་གཉིས་བཀུར་ལས་དོན་གྱི་ཆོས་ཉིད་དང་ཁྱད་ཆོས་སྟངས་འཛིན་འཕྱུགས་པ་མེད་པར་བྱ་དགོས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཆང་རྒྱུ་ཡིས་གཙོ་རྐང་བྱས་ཏེ། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་མགྱོགས་སུ་འཛུགས་སྐྱོང་བྱེད་པ་དང་དམག་དཔུང་དང་ས་གནས་ཀྱི་ཐོན་ཁུངས་རྒྱུན་ཆད་མེད་པར་གཅིག་སྡུད། སྟོབས་ཤུགས་བསྡུ་སྒྲིལ། དམག་དམངས་མཉམ་འདྲེས་ལ་སྐུལ་འདེད་བྱས་ནས་མཐུན་སྒྲིལ་འབྱོར་ཕྱུག། འཆམ་མཐུན་མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྱོང་བྱེད་པའི་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱ་དགོས།

ཚོགས་འདུའི་ཐོག་ནུས་ཤུགས་ཡོད་རྒུས་སྲ་ཞིང་བརྟན་པའི་དམག་སྲིད་དང་དམག་དམངས་བར་གྱི་འབྲེལ་བ་ཆགས་པ་བྱ་དགོས། དམག་དོན་སྦྱོང་བརྡར་བྱ་རྒྱུ་དེ་དམག་དཔུང་ལས་དོན་གྱི་གལ་ཆེའི་འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་སྟེ། དམག་གྲབས་དམ་འཛིན་གྱིས་རྒྱལ་ཁ་བརྩོན་ལེན་དང་དམག་འཐབ་སྤྱོད་ཚུལ་སྦྱོང་བརྡར། དངོས་འཐབ་ནུས་པ་སྦྱོང་བརྡར། དམག་འཐབ་ལ་རྒྱལ་ཁ་ཐོབ་པའི་འཇོན་ཐང་སྦྱོང་བརྡར་བཅས་བྱ་དགོས། དམག་དཔུང་དང་ས་གནས་ཀྱིས་ཕན་ཚུན་དགོས་མཁོ་འདོན་རེས་དང་ཕན་ཚུན་རྒྱབ་སྐྱོར། ཕན་ཚུན་དོན་དངོས་སྒྲུབ་རེས། དཀའ་གནད་དང་འབྲེལ་གཏུག་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་བྱེད་སྒོར་བརྟེན་ནས་སྤྱི་ཚོགས་ལས་རིགས་ཁག་གཉིས་བཀུར་ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་ནང་ཞུགས་རྒྱུར་ཁྲིད་སྟོན་བྱ་དགོས།།



  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་དར་མདོ་དང་རོང་བྲག། རྟའུ་བཅས་རྫོང་དུ་བརྟག་ཞིབ་གནང་།
  • ལེ་ཚན་རྗེས་མ།:མཐུན་འབྲེལ་བྱེད་སྒོས་གཅིག་སེམས་གཅིག་འབྲེལ་བྱས།། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་གྱུར།།
  • དོ་སྣང་ཆེ་བའི་རྩོམ།