ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་ཝང་ཞའོ་ཧུའེ་ཡིས་མཛུབ་སྟོན་གནང་།

        2022-09-05

ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ6.8བྱུང་རྗེས་ཝང་ཞའོ་ཧུའེ་ཡིས་མཆན་བཀོད་མཛུབ་སྟོན་གནང་སྐབས།


དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ཏེ་འགུལ་འགོག་གནོད་སེལ་ལས་དོན་ཡག་པོ་བསྒྲུབས་ནས་གནོད་ཁུལ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་དགོས་ཞེས་ནན་གསུང་གནང་།     


     སྤྱི་ཟླ9པའི་ཚེས5ཉིན་གྱི་ཆུ་ཚོད12དང་སྐར་མ52ཐོག་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ6.8བྱུང་བ་དང་འགུལ་ཁུངས་གཏིང་ཚད་སྟོང་སྨི16ལ་ཟིན་ཡོད། ས་འགུལ་བྱུང་རྗེས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་འཕྲལ་དུ་ལྕགས་ཟམ་རྫོང་ཨུའི་འགན་འཁུར་བློ་མཐུན་གཙོ་བོར་ཁ་པར་ཐོག་ནས་གནོད་འཚེའི་གནས་ཚུལ་རྒྱུས་ལོན་གནང་བ་དང་། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་འཕྲལ་དུ་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ཏེ་འགུལ་འགོག་གནོད་སེལ་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་། འགུལ་ལྟེ་རུ་བསྐྱོད་དེ་གནོད་འཚེ་ཕོག་ཚུལ་ལ་མགྱོགས་མྱུར་ཞིབ་བཤེར་བྱེད་པ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བཅས་བྱ་དགོས་པའི་བླང་བྱ་བཏོན། དེ་དང་ཆབས་ཅིག་མཆན་བཀོད་མཛུབ་སྟོན་གནང་ནས་ཞིང་ཆེན་སྲིད་གཞུང་གིས་འཚུབ་བསྟུན་བརྡ་ལེན་མགྱོགས་མྱུར་བྱས་ཏེ་གནོད་ཁུལ་གྱི་འགུལ་འགོག་གནོད་སེལ་ལས་དོན་ལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་བསྣན་པ་དང་། གནོད་འཚེ་ཕོག་པའི་གནས་ཚུལ་ཤེས་རྟོགས་གང་མགྱོགས་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་རྨས་མ་མྱུར་སྐྱོབ་བྱེད་པ། ཞོར་ཐོན་གནོད་འཚེ་སྔོན་འགོག་བྱེད་པ། གནོད་ཁུལ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བཅས་བྱ་དགོས་པའི་བླང་བྱ་བཏོན་པ་རེད།   

    ཝང་ཞའོ་ཧུའེ་ཡི་བཀའ་མངགས་ལྟར་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཞིང་དཔོན་ཧོང་ཆང་གིས་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་སྣེ་ཁྲིད་དེ་གནོད་ཁུལ་དུ་འགུལ་འགོག་གནོད་སེལ་ལས་དོན་ལ་མཛུབ་ཁྲིད་གནང་བར་ཕེབས།


ཡོང་ཁུངས། སི་ཁྲོན་ལྟ་ཞིབ་དང་གནས་མཆོག་རྔ་བ།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།: སེར་ཤུལ་རྫོང་གིས་བྱེད་ཐབས་སྣ་མང་མཉམ་དུ་སྤྱད་དེ་རིམས་ནད་འགོག་ཟོན་ལས་དོན་བསྒྲུབས།
  • ལེ་ཚན་རྗེས་མ།:གཟོབས། རང་ཁུལ་རྫོང་དང་གྲོང་ཁྱེར་འདི་ཚོ་ལ་ཆུ་ལོག་འབྱུང་ཉེན་ཡོད།
  • དོ་སྣང་ཆེ་བའི་རྩོམ།