རྒྱལ་ཡོངས་ཀྱི་མི་དམངས་ཡི་རང་བའི་གཞུང་ཞབས་པ་དང་མི་དམངས་ཡི་རང་བའི་གཞུང་ཞབས་པའི་ཐུན་མོང་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས།

    མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།    2022-09-05

(2022ལོའི་ཟླ་བ8ཚེས30ཉིན།)

གཞུང་ཞབས་པ་ནི་ལས་བྱེད་པའི་དཔུང་ཁག་གི་གྲུབ་ཆ་གལ་ཆེན་དང་། སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྟོབས་ཤུགས་གཙོ་བོ། མི་དམངས་ཀྱི་སྤྱི་ཞབས་པ་བཅས་ཡིན་ཞིང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མདུན་སྐྱོད་ལམ་བུ་རླབས་པོ་ཆེའི་ཁྲོད་རྒྱ་ཆེ་བའི་གཞུང་ཞབས་པ་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ།“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏང་རྒྱུར་དམིགས་པ། ལྷག་བསམ་རྣམ་དག་གིས་འགན་འཁྲི་དང་ལས་ཀ་ཧུར་ཐག་སྒྲུབ་པ་བཅས་བྱས་ནས། དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་ཐུབ་པ། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་རྒྱལ་ཁའི་ངང་མངོན་འགྱུར་ཡོང་བ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་འགོ་ཚུགས་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་བྱས་རྗེས་གལ་ཆེན་ཕུལ་བ་བཅས་བྱ་ཆེད། མི་དམངས་ཡི་རང་བའི་གཞུང་ཞབས་པ་དང་གཞུང་ཞབས་པའི་ཐུན་མོང་འབོར་ཆེན་ཞིག་ཐོན་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་ཉེའི་མཚམས་འདིར། སྔོན་ཐོན་དཔེ་བཟང་ལ་གཟེངས་བསྟོད་དང་། འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ། རྒྱ་ཆེ་བའི་གཞུང་ཞབས་པ་དང་གཞུང་ཞབས་པའི་ཐུན་མོང་གིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འབད་འཐབ་དང་དུས་རབས་གསར་པར་བྱས་རྗེས་འཇོག་ཆེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུའུ་ཆིན་སོགས་བློ་མཐུན397ལ་རྒྱལ་ཡོངས་ཀྱི“མི་དམངས་ཡི་རང་བའི་གཞུང་ཞབས་པའི”མཚན་སྙན་སྤྲད་རྒྱུ་དང་། པེ་ཅིང་ལི་ཙེ་དངུལ་རྩའི་ཚོང་དོན་ཁུལ་དོ་དམ་ཨུ་ལྷན་སོགས་ཐུན་མོང198ལ་རྒྱལ་ཡོངས་ཀྱི“མི་དམངས་ཡི་རང་བའི་གཞུང་ཞབས་པའི་ཐུན་མོང”གི་མཚན་སྙན་སྤྲད་རྒྱུའི་གཏན་འབེབས་བྱས་པ་རེད། ད་ཐེངས་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི་མི་དམངས་ཡི་རང་བའི་གཞུང་ཞབས་པ་དང་མི་དམངས་ཡི་རང་བའི་གཞུང་ཞབས་པའི་ཐུན་མོང་ནི་དུས་རབས་གསར་པའི་གཞུང་ཞབས་པའི་དཔུང་ཁག་གི་འཐུས་མི་ཕུལ་བྱུང་ཡིན་ཞིང་། ཁོ་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རང་རྟོགས་ངང་ལག་ལེན་བསྟར་བ། དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་དོན་བྱས་རྗེས་ཆེ་ཤོས་སུ་བརྩི་བ། རང་འཁྲིར་གཞི་ཚུགས་པ་དང་དམ་པ་དོན་གཉེར། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་བཀོད་སྒྲིག་ཁག་དོན་འཁྱོལ་གནད་སྨིན་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ་སེམས་ནུས་ཡོད་རྒུས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་དང་། བློ་དཀར་སེམས་དཀར་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་མི་དམངས་ཡི་རང་བའི་དུས་རབས་ཀྱི་རྒྱུགས་ལན་ཞིག་ཕུལ་ཡོད། གཟེངས་བསྟོད་ཐོབ་མཁན་གཞུང་ཞབས་པ་དང་གཞུང་ཞབས་པའི་ཐུན་མོང་གིས་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་ཡང་འབད་བསྐྱར་འབད་ཀྱིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཚད་གཞི་དེ་བས་མཐོ་བའི་ངང་ལས་དོན་ཏན་ཏིག་སྒྲུབ་པ་དང་མདུན་གྲལ་དུ་བསྐྱོད་ནས་ཏང་དང་མི་དམངས་ཀྱི་ཆེད་དུ་སླར་ཡང་བྱས་རྗེས་གསར་པ་གཞག་དགོས་སོ།


  • ལེ་ཚན་སྔོན་མ།:ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྱི་ཟླ10པའི་ཚེས16ཉིན་འཚོག་རྒྱུ་རེད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།