ལས་རླུང་ནང་གི་ང་ཚོ།

སྤྱན་ཡངས།        2022-09-02

ང་ཚོ་ལས་ཀྱིས་བསྡུས་སམ།།

སྟོན་གྱི་རླུང་བུས་བསྡུས་བྱུང་།།

རྨས་པའི་སེམས་ཀྱི་ལོ་མ།།

རྒྱུ་ཕྱོགས་གཅིག་ལ་ཁེལ་ལམ།།

ཕྱིར་ལ་ལོག་ཐབས་མེད་པ།།

འདས་པའི་ལོ་ཟླ་མ་རེད།།

སོ་སོའི་སེམས་ནས་བོར་བའི།།

གཅེས་པའི་རང་ཉིད་མིན་ནམ།།

ང་ཚོ་གཅིག་ཏུ་འདུས་ཏེ།།

ཁེར་རྐྱང་མྱང་དགོས་ལོས་འདུག

ཕྲ་མོའི་རྣམ་ཤེས་འདི་ལ།།

གཏན་གྱི་གྲོགས་ཤིག་མི་འདུག

འཇིག་རྟེན་འདི་ཕྱི་གཉིས་ཀ།

སྐྱ་མོ་དབུགས་ཀྱིས་བཅད་ཡོད།།

སེམས་ཀྱི་བར་ཐག་ཙམ་པོ།།

གླེང་དང་མ་གླེང་མི་འདུག །



  • ལེ་ཚན་སྔོན་མ།:ཕྱི་རྟོག་འཁོར་ལོ་རང་འཁོར།
  • ལེ་ཚན་རྗེས་མ།:མེ་ཏོག་རྐང་གཅིག།