མེ་ཏོག་རྐང་གཅིག།

པད་འཕྲིན།        2022-09-02

ཆུང་ཆུང་གཞོན་པའི་དུས་ཀྱི་སློབ་ཁང་ནས།།

ཀ་ཁ་ག་ངའི་དབྱངས་རྟ་མཉམ་གྱེར་མ།།

དེ་རིང་དུས་འདིར་ཁྱོད་ཀྱི་སྐྱེས་སྐར་ཏེ།།

ང་དང་བར་ཐག་ཉེ་རུ་སོང་ཉིན་མོར།།

རྒྱང་རིང་ཡུལ་ནས་རྟེན་འབྲེལ་ཞུ་བ་ལ།།

ལེགས་སྐྱེས་ཁུག་དམར་མ་ཡིན་ཟས་རིགས་མིན།།

ད་དུས་ཁྱབ་ཆེ་ཀུན་གྱིས་མཆོག་འཛིན་པ།།

རས་ཀྱི་ཨོ་ལོ་མ་ཡིན་གལ་གཏམ་ཡིན།།

གོམ་པ་འདི་རུ་སོ་བཞིས་གོ་ཆོད་མེད།།

ཡིན་ཡང་བྱིན་ཆེན་ཉམས་ཆུང་རིག་གནས་དེ།།

རེ་མེད་མ་ཡིན་གསོ་སྐྱོང་ནན་པོ་གྱིས།།

སླར་ཡང་ན་རུ་སོན་པའི་རྒྱུ་གཅིག་གོ།

ཉབ་ཉོབ་ཅན་གྱི་སྐད་ཆ་དེ་མ་ཡིན།།

དྲན་པ་ཙམ་གྱིས་གླེང་བ་དེའང་མིན།།

གང་ལྟར་གལ་ཚིག་གཅིག་གིས་ཆོག་རྒྱུ་བྱེད།།

མི་ཚེ་སྐྱིད་མཐར་ཕྱིན་པར་ལྷ་ཡིས་སྐྱོབས།།



  • ལེ་ཚན་སྔོན་མ།:ལས་རླུང་ནང་གི་ང་ཚོ།
  • ལེ་ཚན་རྗེས་མ།:ཨ་མར་ཕུལ་བའི་ཕྱག་འཚལ་གུས་ཕྱག་མ།