ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་ཀྱི་གནས་ཚུལ་གསར་ཤོས།

        2022-09-06

ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་ཀྱི་གནས་ཚུལ་གསར་ཤོས།

སྤྱི་ཟླ9པའི་ཚེས5ཉིན་གྱི་ཆུ་ཚོད12དང་སྐར་མ52ཐོག་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་འབོ་ཞབས་གྲོང་རྡལབྱང་གི་འཕྲེད་ཐིག་ཏུའུ29.59དང་ཤར་གྱི་གཞུང་ཐིག་ཏུའུ102.08ལ་ས་འགུལ་རིམ་པ6.8བྱུང་བ་དང་། འགུལ་ཁུངས་གཏིང་ཚད་སྤྱི་ལེ16ལ་ཟིན། ཚེས5ཉིན་གྱི་ཆུ་ཚོད20དང་སྐར་མ30ཡི་བར་ས་འགུལ་ལས་མི46རྐྱེན་ལམ་དུ་ཤོརདེའི་ནང་དཀར་མཛེས་ཁུལ་གྱི་མི29དང་། གཡག་རྔ་གྲོང་ཁྱེར་གྱི་མི17ཚུད་པ།བ་དང་། མི16ལ་འབྲེལ་བ་ཆད་པ་དང་། མི50ལྷག་ཙམ་ལ་རྨས་སྐྱོན་ཕོག་པ་རེད།ཤི་རྨས་ཀྱི་གནས་ཚུལ་ཞིབ་ཕྲ་ད་དུང་བསྡོམས་རྩིས་བྱེད་བཞིན་ཡོད།

ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་ཀྱི་གནས་ཚུལ་གསར་ཤོས།
ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་ཀྱི་གནས་ཚུལ་གསར་ཤོས།


   ས་འགུལ་བྱུང་རྗེས་དཀར་མཛེས་ཁུལ་གྱིས་འཕྲལ་མར་འགུལ་འགོག་གནོད་སེལ་དང་རོགས་སྐྱོབ་ལས་ཀ་སྤེལ་བ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཆ་མང་པོ་ནས་ཡོང་བའི་འཚུབ་བསྟུན་དང་། དམངས་སྲིད། དྲག་ཆས་ཉེན་རྟོག། མེ་ཟོན། འགྲིམ་འགྲུལ། ས་གཤིས། སྤྱི་བདེ། སྨན་བཅོས་འཕྲོད་བསྟེན། གློག་ཤུགས། འཕྲིན་གཏོང་། དངུལ་རྩ། རྒྱ་གྲམ་དམར་པོ་ཚོགས་པ་སོགས་ཀྱིས་རང་འགུལ་ངང་མྱུར་མགྱོགས་ཀྱིས་ས་འགུལ་ཡོང་ཁུལ་དུ་བསྐྱོད་དེ་རོགས་སྐྱོབ་ལས་ཀ་སྤེལ་བ་རེད།

   སྤྱི་ཟླ9པའི་ཚེས5ཉིན་གྱི་ཆུ་ཚོད18ལ་སླེབས་སྐབས་འབོ་ཞབས་གྲོང་རྡལ་ཐང་ཆེན་གྱི་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་སྦྲ་གུར་སྔོན་པོ་ཕུབ་ཟིན་ཞིང་། གློག་སྒྲོན་དང་འཐུང་ཆུ། སྟབས་བདེའི་ཐུག་པ། སྲིང་བལ་ཉལ་ཆས་སོགས་དངོས་ཟོག་མང་པོ་འབྱོར་ཞིང་གོ་རིམ་ལྡན་པའི་ངང་གནོད་ཐེབས་མི་སེར་ལ་སྤྲད་པ་དང་། བཀོད་སྒྲིག་བྱ་ཡུལ་གྱི་སྦྲ་གུར་དུ་ཐོག་མར་རྒན་རྒོན་དང་བུད་མེད། བྱིས་པ་བཅས་བཀོད་སྒྲིག་བྱས་ཡོད། འབོ་ཞབས་གྲོང་རྡལ་དང་ཁུག་རྟ་ལུང་པ་གྲོང་རྡལ་གྱི་གནས་སྐབས་བཀོད་སྒྲིག་བྱ་ཡུལ་18དུ་གནོད་ཐེབས་མང་ཚོགས12000ལྷག་བཀོད་སྒྲིག་བྱས་ཡོད་པ་རེད།


རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་ཀྱི་གནས་ཚུལ་གསར་པ།
  • ལེ་ཚན་རྗེས་མ།:ཧྲེན་དབྱང་གིས་བཀོད་སྒྲིག་གནང་ཞིང་ཧྥུང་ཧྥ་ཀུའེ་ཡུལ་དངོས་སུ་ཕེབས།
  • དོ་སྣང་ཆེ་བའི་རྩོམ།