དར་མདོ་གྲོང་ཁྱེར་གྱི་ཏང་ཡོན་དང་བླངས་པས་ཐོག་མའི་བསམ་འདུན་འགན་འཁྲི་རིམས་ཚུལ་འགོག་ཟོན་གྱི་ལས་གྲྭ་དང་པོར་བཅངས།

ཨ་མགོན་གྱིས་བསྒྱུར།        2022-09-07

དར་མདོ་གྲོང་ཁྱེར་གྱི་ཏང་ཡོན་དང་བླངས་པས་ཐོག་མའི་བསམ་འདུན་འགན་འཁྲི་རིམས་ཚུལ་འགོག་ཟོན་གྱི་ལས་གྲྭ་དང་པོར་བཅངས།

ཉིན་ཤས་བསྟུད་མར་དར་མདོ་གྲོང་ཁྱེར་གྱི་རིམས་ཚུལ་འགོག་ཟོན་ཚོད་འཛིན་གྱི་ལས་གྲྭ་དང་པོར་མི་ཚོགས་འདི་འདྲ་ཞིག་ཡོད་ཅིང་། ཏང་དར་གྱིས་ཁྲིད་སྟོན་འོག་དངོས་ཟོག་དབོར་འདྲེན་དང་སྒྲིག་ལམ་སྲུང་སྐྱོང་།མི་སྣ་ཚགས་བཤེར།གྲོང་མིར་སེམས་གསོ་བྱེད་པ་སོགས་ཀྱི་ལས་དོན་སོ་སོ་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ་རིམས་ཚུལ་འགོག་ཟོན་ཚོད་འཛིན་ལ་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་དང་རིམས་ཚུལ་འགོག་ཟོན་ཚོད་འཛིན་གྱི“དམར་ཐིག་སྲུང་ཡོལ”བརྟན་དུ་བཏང་བ་རེད།

སྤྱི་ཟླ9པའི་ཚེས1ཉིན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས《ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་གཞི་རིམ་གྱི་ལས་གྲྭ་དང་པོར་རིམས་ཚུལ་འགོག་ཟོན་ཚོད་འཛིན་ལས་དོན་ནང་ཞུགས་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་རྗེས།དར་མདོ་གྲོང་ཁྱེར་གྱིས་བཀའ་རྒྱ་ཐོས་མ་ཐག་ནས་བྱ་སྤྱོད་སྤེལ་ཏེ་གྲོང་ཁྱེར་གྱི་མགོ་ཁྲིད34ཚོ་ཆུང16བགོས་ནས་འགན་འཁྲི་མདོ་གྲོང་གསར་པ་དང་མདོ་གྲོང་རྙིང་པའི་ས་ཁོངས20ལ་ཁྱབ་པ་བྱས་ཏེ་རིམས་ཚུལ་འགོག་ཟོན་ཚོད་འཛིན་གྱི་ལས་དོན་ལ་ལྟ་སྐུལ་ཁྲིད་སྟོན་བྱས་པ་རེད། རིམས་ཚུལ་ཁྱབ་མཆེད་འགོག་ཟོན་བྱས་པའི་དུས་འདིར་ཏང་ཡོན་གྱིས་སྔོན་དུ་བརྩོན་ལེན་བྱས་དང་བྱེད་བཞིན་ཡོད་པ་རེད།ན་གཞོན་ཏང་ཡོན80ལས་གྲུབ་པའི་འཕྲལ་སྒྲུབ་རུ་ཁག་ལས་གྲྭ་དང་པོར་བསྐྱོད་ནས་ཆུ་ཚོད24ལ་བཀའ་བཅོལ་བསྒུགས་ཏེ་མྱུར་བགྲོད་གཞུང་ལམ་གྱི་ལམ་བུའི་འགག་སྒོར་ལས་རེས་དང་།ལོགས་བཀར་བྱེད་ཡུལ་དུ་སྒྲིག་ལམ་སྲུང་སྐྱོང་།གཙོ་གནད་མི་སྣ་ཚགས་བཤེར་སོགས་ཀྱི་ལས་གྲྭ་དང་པོའི་ལས་དོན་སྒྲུབ་འགན་འཁུར་ནས་རིམས་ཚུལ་འགོག་ཟོན་ཚོད་འཛིན་གྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་རེད། དེ་དང་ཆབས་ཅིག་འབྲེལ་ཡོད་གསོ་རིག་ཆེད་ལས་ཀྱི་ཏང་ཡོན48ཉིང་སྐྱུར་དཔེ་བཤེར་ཚད་ལེན་གྱི་ཚུལ་བསྟུན་རྗེས་གྲབས་ཀྱི་དང་བླངས་པ་བྱས་པ་རེད།

སྤྱི་ཟླ9པའི་ཚེས4ཉིན། གྲོང་ཁྱེར་རིམས་ཚུལ་འགོག་ཟོན་ཚོད་འཛིན་བཀོད་འདོམས་པུའུ་ཡིས“དར་མདོ་གྲོང་ཁུལ་དུ་མི་ཡོངས་རྫོགས་ལ་ཉིང་སྐྱུར་དཔྱད་བཤར་ཚད་ལེན་རེས་སྐོར་དྲུག་པ་བྱ་རྒྱུའི” བརྡ་ཁྱབ་བཏང་རྗེས། ཏང་ཡོན་ལས་བྱེད་པས་ཆུ་ཚོད་ཕྱེད་ཀ་ཙམ་ནང་གཅིག་སྡུད་བྱས་ནས་ཁག་བགོས་ཏེ་གནས་སྐབས་ཉིང་སྐྱུར་དཔྱད་བཤེར་ས་ཚུགས་སུ་བསྐྱོད་དེ་སྤྱི་ཁུལ(གྲོང་སྡེ)གྱི་འགོག་ཟོན་ཚོད་འཛིན་བྱེད་མཁན་མི་སྣ་དང་སྨན་དོན་མི་སྣ་ལ་ཕན་འབྲས་མཐོ་བའི་གཞོགས་འདེགས་དང་མཉམ་ལས་བྱས་ཏེ། གནས་སྐབས་ཉིང་སྐྱུར་དཔྱད་བཤེར་ས་ཚུགས་བསྐྲུན་པ་དང་ཆབས་ཅིག། ཉིང་སྐྱུར་དཔྱད་བཤེར་ཚད་ལེན།ལས་ཡུལ་དངོས་ཀྱི་སྒྲིག་ལམ་སྲུང་འཛིན་རྒྱུན་འཁྱོངས།མི་སྣའི་ཆ་འཕྲིན་འཚོལ་བསྡུ།དངོས་ཟོག་དབོར་འདྲེན་བྱེད་མཁན་སོགས་ཀྱི་དང་བླངས་ཞབས་ཞུའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པ་རེད།

ཐོག་མའི་བསམ་འདུན་བྱ་སྤྱོད་ཐོག་བསྒྱུར་བ་དང་འགན་འཁྲིའི་ལས་འགན་ལས་གནས་ཐོག་དོན་འཁྱོལ་བྱས་པ་རེད། རིམས་ཚུལ་བྱུང་རྗེས། གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་ཚང་མ་ལས་གནས་སུ་འབྱོར་བ་དང་ཏང་ཡོན་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ལས་གནས་བརྟན་སྲུང་དང་བཀོད་འདོམས་བྱས་པ་རེད། སྨན་ཁང་དང་སྤྱི་ཁུལ།ཉིང་སྐྱུར་དཔྱད་བཤེར་ཚད་ལེན་ས་ཚུགས་སོགས་སུ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྔོན་དུ་སྐྱོད་པ་དང་སྔོན་དུ་བརྩོན་ལེན་བྱེད་པ།སྔོན་དུ་མཆོང་བ་བཅས་བྱས་ནས་རིམས་ཚུལ་འགོག་ཟོན་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཐོག་མའི་བསམ་འདུན་བསྒྲུབས་པ་དང་འགན་འཁྲི་འཁུར་བའི་བྱ་སྤྱོད་ཐོག་མཚོན་པ་བྱས་ཡོད།

མིག་སྔའི་བར་དར་མདོ་གྲོང་ཁྱེར་གྱི་ཏང་ཡོན་དང་བླངས་པ་ལས་གྲྭ་དང་པོར་བསྐྱོད་པ་དེ་རིམ་རྩིས་བྱས་ན་མིའི་ཐེངས་གྲངས24330ལྷག་ཙམ་དང་བླངས་ཞབས་ཞུའི་ནང་ཞུགས་པ་དང་།ཐེངས་གཅིག་རང་བཞིན་གྱི་སྨན་སྤྱོད་ཁ་ཤུབས་ཁྲི1.2ལྷག་ཙམ་བཀྲམ་པ།དྲིལ་བསྒྲགས་ལག་དེབ་ཁྲི1.1ལྷག་ཙམ་བཀྲམ་པ།རིམས་ཚུལ་འགོག་ཟོན་དངོས་ཟོག8000ལྷག་ཙམ་དབོར་སྐྱེལ་བྱས་པ་རེད།

“མི་དམངས་ལ་ཞབས་འདེགས་ཞུ་བར་ང་ཚོས་ནུས་ཤུགས་གང་ཡོད་འདོན་རྒྱུ་ཡིན། རིམས་ཚུལ་ལས་རྣམ་པར་རྒྱལ་བར་ང་ཚོས་ཡིད་ཆེས་བརྟན་པོ་ཡོད།ང་ཚོས་སེམས་ནུས་གཅིག་སྒྲིལ་བྱས་ཏེ་རིམས་ཚུལ་འགོག་ཟོན་གྱི་ལས་གྲྭ་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ་བཅུག་རྒྱུ་ཡིན”ཞེས་རྒྱ་ཆེའི་ཏང་ཡོན་ཚོས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རིམས་ཚུལ་འགོག་ཟོན་གྱི་ལས་དོན་ཡག་པོ་བསྒྲུབས་ནས་གྲོང་མིའི་འཚོ་བ་གོ་རིམ་ཡོད་པར་འགན་ལེན་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་དུ་དེ་ལྟར་བཤད་པ་རེད།།



  • ལེ་ཚན་སྔོན་མ།:བྱ་སྤྱོད་དངོས་ལ་བརྟེན་ནས་རིམས་ནད་སྔོན་འགོག་བྱས།།ལྟ་སྐྱོང་དོ་དམ་བྱས་པས་འཐབ་ཕྱོགས་འགན་འཁྲི་མངོན།།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10