ཝང་ཞའོ་ཧུའེ་ཡིས་ཉེན་སེལ་གནོད་སྐྱོབ་ལས་དོན་ལ་བཀོད་གཏོང་གནང་།

        2022-09-06

ཝང་ཞའོ་ཧུའེ་ཡིས་ཉེན་སེལ་གནོད་སྐྱོབ་ལས་དོན་ལ་བཀོད་གཏོང་གནང་།

བྱ་སྤྱོད་མྱུར་དུ་སྤེལ་ནས་འགུལ་འགོག་གནོད་སྐྱོབ་ཀྱི་ལས་དོན་ཡག་པོ་སྒྲུབ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་སྲུང་སྐྱོང་བྱེད་གང་ཐུབ་བྱ་དགོས།


     སྤྱི་ཟླ9པའི་ཚེས5ཉིན་གྱི་ཉིན་གུང་གི་ཆུ་ཚོད12དང་སྐར་མ52ཐོག། དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ6.8བྱུང་། ས་འགུལ་བྱུང་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འགུལ་འགོག་གནོད་སྐྱོབ་བཀོད་འདོམས་པུའུ་ཡི་གཞུང་ལས་ཁང་དང་འཚུབ་བསྟུན་དོ་དམ་པུའུ་ཡིས་དེ་མ་ཐག་རྒྱལ་ཁབ་ཀྱི་ས་འགུལ་འཚུབ་བསྟུན་བརྡ་ལེན་རིམ་པ་གསུམ་པ་སྤེལ་བ་དང་། རང་རེའི་ཞིང་ཆེན་ལ་ཡུལ་དངོས་ཀྱི་འགུལ་འགོག་གནོད་སྐྱོབ་ལས་དོན་ལ་མཛུབ་ཁྲིད་བྱེད་མཁན་ལས་དོན་ཚོ་ཆུང་མངགས་ཤིང་།ཞིང་ཆེན་འགུལ་འགོག་གནོད་སྐྱོབ་བཀོད་འདོམས་པུའུ་ཡིས་འཚུབ་བསྟུན་བརྡ་ལེན་རིམ་པ་གཉིས་པ་སྤེལ་བ་རེད། ཉིན་དེའི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་འཚུབ་བསྟུན་དོ་དམ་ཐིང་དུ་ཕེབས་ནས། ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་ཀྱི་ཉེན་སེལ་གནོད་སྐྱོབ་ལས་དོན་བཀོད་གཏོང་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། འགུལ་འགོག་གནོད་སྐྱོབ་ལས་དོན་ལ་བཀོད་འདོམས་གནང་། ཁོང་གིས་མི་དམངས་དང་ཚེ་སྲོག་གཙིགས་སུ་འཛིན་པར་རྒྱུན་འཁྱོངས་བྱས་ཏེ། བྱ་སྤྱོད་མྱུར་དུ་སྤེལ་ནས་ནུས་ཤུགས་ཡོད་རྒུས་འགུལ་འགོག་གནོད་སྐྱོབ་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་སྲུང་སྐྱོང་གང་ཐུབ་བྱ་དགོས་ཞེས་ནན་གསུང་གནང་བ་རེད། 

   ཝང་ཞའོ་ཧུའེ་ཡིས་བསྟན་དོན། གཅིག་ནི་དུས་ཚོད་སྐར་ཆ་ཙམ་ཡང་འཕྲོག་ལེན་བྱས་ནས་རྨས་མ་སྐྱོབ་པ་དང་།གནོད་ཐེབས་གནས་ཚུལ་དཔྱད་ཞིབ་བྱ་དགོས། གཉིས་ནི་བརྟན་པོ་དང་གོ་རིམ་ལྡན་པའི་སྒོ་ནས་གནོད་ཐེབས་མང་ཚོགས་གནས་སྤོ་བཀོད་སྒྲིག་ཡག་པོ་བྱ་དགོས། གསུམ་ནི་ནུས་ཤུགས་ཡོད་རྒུས་འགྲིམ་འགྲུལ་བདེར་བགྲོད་ལས་དོན་ཡག་པོ་བསྒྲུབ་དགོས།



ཡོང་ཁུངས། ཁམས་པའི་བརྙན་འཕྲིན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།



  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་བཀོད་སྒྲིག་གནང་ཞིང་ཧྥུང་ཧྥ་ཀུའེ་ཡུལ་དངོས་སུ་ཕེབས།
  • ལེ་ཚན་རྗེས་མ།:སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕེལ་རྒྱས་དང་འབྲེལ་བའི་གསུང་ཚིག།
  • དོ་སྣང་ཆེ་བའི་རྩོམ།