ཞལ་འདེབས་འབུལ་མཁན་ཚོ་ལ་བཀའ་དྲིན་ཡང་ཡང་ཞུ།

        2022-09-07

 སྤྱི་ཟླ9པའི་ཚེས5ཉིན་ལ་ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་ནས་རྒྱལ་ཡོངས་མི་དམངས་ཀྱི་སེམས་ལ་སྐྱོ་གདུང་ཚད་མེད་སྟེར། འཛམ་གླིང་སྟེང་གི་མིང་གྲགས་ཅན་གྱི་འཁྲབ་སྟོན་སྒྱུ་རྩལ་པ་ཚོས་གཅེས་སེམས་དང་སྙིང་རྗེའི་སེམས་པས་ཀུན་ནས་བསླངས་ཏེ་གནོད་ཐེབས་ས་ཁུལ་དུ་ཞལ་འདེབས་དང་སྨོན་འདུན་ཕུལ་ཡོད་པ་རེད།

ཧན་ཧུང་ཐེབས་རྩ་ལས་འཛིན་ལྷན་ཚོགས་ཀྱིས་ཞིབ་འཇུག་གཏན་འབེབས་བྱས་ནས་ལྕགས་ཟམ་རྫོང་དང་གཡག་རྔ་གྲོང་ཁྱེར་སོ་སོར་དམངས་སྒོར་ཁྲི200ཡིས་ཞལ་འདེབས་ཕུལ་ཡོད་པ་རེད། ཁྱོན་དམངས་སྒོར་ཁྲི400ཞལ་འདེབས་ཕུལ།


སྤྱི་ཚེས6ཉིན། ལི་ཐང་དྲྭ་གྲགས་བསྟན་འཛིན་གྱིས་དམངས་སྒོར་ཁྲི10རི་བའི་དངོས་རྫས་ཉོས་ནས་ལྕགས་ཟམ་རྫོང་གི་གནོད་ཐེབས་ས་ཁུལ་དུ་ཟོང་འཁོར་གཉིས་ཀྱིས་བསྐྱལ་ཡོད་པ་རེད།


ལི་ཡུས་ཁྲུན་མི་སྒེར་གྱིས་གནོད་ཐེབས་མང་ཚོགས་གནས་སྤོ་བཀོད་སྒྲིག་ལ་མཁོ་བའི་གུར100དང་། ཉལ་ཁྲི1000བཅས་ཞལ་འདེབས་ཕུལ་ཡོད་པ་རེད།


ཧོང་ཞའོ་མིང་ཐེབས་རྩ་ཚོགས་པས་གུར150དང་། བརླན་འགོག་གདན100དང་། མཁོ་བསྟུན་གློག་བཞུ500བཅས་སྤྱི་ཚེས6ཉིན་གྱི་ཞོགས་པར་གནོད་ཐེབས་ཡུལ་དངོས་སུ་བསྐྱལ།


ལིན་དབྱི་ལུན་གྱིས་སི་ཁྲོན་གནོད་ཐེབས་ས་ཁུལ་ལ་དམངས་སྒོར་ཁྲི50ཞལ་འདེབས་ཕུལ།


སྒྱུ་རྩལ་པ་གྲགས་ཅན་ཅ་ལེ་ལིའང་གིས་ལྕགས་ཟམ་རྫོང་དང་གཡག་རྔ་གྲོང་ཁྱེར་སོ་སོར་དམངས་སྒོར་ཁྲི100ཞལ་འདེབས་ཕུལ།


ཨ་རྣམ་ཟླ་བ་སྒྲོལ་མས་ལྕགས་ཟམ་རྫོང་གི་གནོད་ཐེབས་ས་ཁུལ་ལ་དམངས་སྒོར་ཁྲི15ཞལ་འདེབས་ཕུལ།


དྲྭ་གྲགས་ཞིན་པཱ་ཡིས་ས་འགུལ་བྱུང་ཡུལ་ལ་དམངས་སྒོར་ཁྲི500ཞལ་འདེབས་ཕུལ།


དྲྭ་གྲགས་འཇའ་ཚོན་ཁྱོ་ཤུག་གིས་ལྕགས་ཟམ་རྫོང་གི་གནོད་ཐེབས་ས་ཁུལ་ལ་དམངས་སྒོར་ཁྲི50ཞལ་འདེབས་ཕུལ།


དྲྭ་གྲགས་དབྱི་ཀའོ་ཡིས་གནོད་ཐེབས་ས་ཁུལ་ལ་དམངས་སྒོར་ཁྲི30ཞལ་འདེབས་ཕུལ།


སྤྱི་ཟླ9པའི་ཚེས6ཉིན་དབྱི་པིང་འབྲུ་སྣ་ལྔའི་བདུད་རྩི་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་གིས་ལྕགས་ཟམ་རྫོང་གི་གནོད་ཐེབས་ས་ཁུལ་ལ་དམངས་སྒོར་ཁྲི1000དང་། གཡག་རྔ་གྲོང་ཁྱེར་གྱི་གནོད་ཐེབས་ས་ཁུལ་ལ་དམངས་སྒོར་ཁྲི500ཞལ་འདེབས་ཕུལ།


ཀྲེ་ཅང་ཨ་ལི་པ་པ་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱིས་ལྕགས་ཟམ་རྫོང་གི་གནོད་ཐེབས་ས་ཁུལ་ལ་དམངས་སྒོར་ཁྲི500ཞལ་འདེབས་ཕུལ།


ཀྲེ་ཅང་དགེ་རྩ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་དམངས་སྒོར་ཁྲི200རི་བའི་དངོས་ཟོག་ཞལ་འདེབས་ཕུལ།


ཝ་ཧ་ཧ་ཚོགས་པས་དམངས་སྒོར་ཁྲི35རི་བའི་གཏེར་ཆུ་དང་བརྒྱད་ཐུག་ཞལ་འདེབས་ཕུལ།


ཡ་ཀོར་ཚོགས་པས་དམངས་སྒོར་ཁྲི3.5རི་བའི་གོས་ཆས་ཞལ་འདེབས་ཕུལ།


དཀར་མཛེས་ཁུལ་རུང་ཏ་ལིས་ལས་ཚད་ཡོད་སྤྱི་གཉེར་ཁང་གིས་ལྕགས་ཟམ་རྫོང་གི་གནོད་ཐེབས་ས་ཁུལ་ལ་དམངས་སྒོར་ཁྲི500ཞལ་འདེབས་ཕུལ།


ཀྲུང་ཁྲོང་ཞིན་ཧང་ཚན་རྩལ་ཚད་ཡོད་མ་རྐང་སྤྱི་གཉེར་ཁང་གིས་ལྕགས་ཟམ་རྫོང་གི་གནོད་ཐེབས་ས་ཁུལ་ལ་དམངས་སྒོར་ཁྲི500ཞལ་འདེབས་ཕུལ།

རྩོམ་སྒྲིག་པ། མགར་རྒྱལ་སྲས།



  • ལེ་ཚན་སྔོན་མ།:རྒྱལ་ཡོངས་ཀྱི་མི་དམངས་ཡི་རང་བའི་གཞུང་ཞབས་པ་དང་མི་དམངས་ཡི་རང་བའི་གཞུང་ཞབས་པའི་ཐུན་མོང་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁ
  • ལེ་ཚན་རྗེས་མ།:ས་འགུལ་བྱུང་ཡུལ་དུ་རོགས་སྐྱོབ་ཀྱི་ཚ་རླབས་འཕྱུར།
  • དོ་སྣང་ཆེ་བའི་རྩོམ།