སོ་འཛུགས་པའི་རིན་གོང་ཇེ་དམའ་རུ་འགྲོ་སྲིད།

    མི་དམངས་དྲ་བ།    2022-09-10

   ཟླ་9ཚེས་8ཉིན། 《ཁ་ནང་ལ་སོ་འཛུགས་པའི་སྨན་བཅོས་ཞབས་ཞུའི་གྲོན་བསྡུ་དང་རྒྱུ་ཆའི་ཟད་གྲོན་རིན་གོང་ཆེད་དོན་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱི་བརྡ་ཐོ》དངོས་སུ་ཁྱབ་བསྒྲགས་བྱས་པ་རེད།《བརྡ་ཐོའི》ནང་ཁ་གསལ་བསྟན་དོན། ཁ་ནང་ལ་སོ་འཛུགས་པའི་སྒྲིག་གཞིས་གཅིག་སྡུད་ཐོག་ཉོ་སྒྲུབ་བྱེད་པ་དང་། སོ་མགོའི་རིན་གོང་འགྲན་ལེན་གྱིས་དྲ་ཐོག་ཏུ་སྟོན་པ་དང་། སོ་འཛུགས་པའི་སྨན་བཅོས་ཞབས་ཞུ་ལ་རིན་གོང་སྙོམས་སྒྲིག་བྱེད་པ་དཔེར་ན། རིམ་གསུམ་གཞུང་བཙུགས་སྨན་ཁང་གི་སྨན་བཅོས་ཞབས་ཞུའི་རིན་གོང་གི་བརྒྱུད་རིམ་ཧྲིལ་པོར་སྙོམས་སྒྲིག་ཚོད་འཛིན་བྱེད་པའི་དམིགས་ཚད་ནི། སོ་གཅིག་ལ་སྒོར་4500ཡིན་པ་ལས་འཛུགས་རྒྱུའི་སོ་དང་སོ་མགོ་སོགས་ཀྱི་རྒྱུ་ཆའི་འགྲོ་གྲོན་ཚུད་མེད་པ་རེད། རྗེས་ཕྱོགས་སོ་འཛུགས་པའི་རིན་གོང་ཇེ་དམའ་རུ་འགྲོ་སྲིད།
     གཞན་ཡང་། ད་ལོའི་ཟླ་12པ་ནས་སང་ལོའི་ཟླ་3པའི་བར་ནི་ཆེད་དོན་བཅོས་སྒྲིག་གི་ལག་བསྟར་དུས་མཚམས་ཡིན་པ་དང་། འཛུགས་རྒྱུའི་སོ་དང་། སོ་མགོ། སྨན་བཅོས་ཞབས་ཞུ་སོགས་ཀྱི་རིན་གོང་ཁག་ཞིང་ཆེན་ཁག་ཏུ་སྔ་རྗེས་སུ་དོན་འཁྱོལ་བྱ་རྒྱུ་རེད། སླད་ཕྱིན་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་ད་དུང་འཛུགས་རྒྱུའི་སོ་གཅིག་སྡུད་ཐོག་ཉོ་སྒྲུབ་བྱ་རྒྱུ་དང་། སོ་མགོའི་རིན་གོང་འགྲན་ལེན་བྱས་པ་དེ་དྲ་རྒྱའི་ཐོག་བཀལ་ཏེ་རིན་གོང་གཅོག་པ་བཅས་ཐབས་ལམ་གསུམ་གྱི་ཐོག་ནས་སོ་འཛུགས་པའི་འགྲོ་གྲོན་ཆག་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

  • ལེ་ཚན་སྔོན་མ།:ས་འགུལ་བྱུང་ཡུལ་དུ་རོགས་སྐྱོབ་ཀྱི་ཚ་རླབས་འཕྱུར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10