འབོ་ཞབས་ནས་དར་མདོ་བར་གྱི་འཚུབ་བསྟུན་རླངས་འཁོར་ཤར་གཏོང་བྱས།

བདེ་ཆེན་གྱིས་བསྒྱུར།        2022-09-09

 སྤྱི་ཟླ9པའི་ཚེས7ཉིན།ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་དང་དུང་དཀར་ལུང་པའི་དོ་དམ་ཅུས་ཀྱིས་སྤྱི་བསྒྲགས་ཡོངས་བསྒྲགས་བྱས་ཏེ།སྤྱི་ཟླ9པའི་ཚེས5ཉིན་གྱི་ཆུ་ཚོད12དང་སྐར་མ52ཐོག་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ6.8བྱུང་བའི་ནང་ལུས་པའི་ཡུལ་སྐོར་བ་དང་མང་ཚོགས་ཉེན་མེད་དང་གོ་རིམ་ལྡན་པའི་ངང་བརྒྱུད་འདྲེན་བྱེད་པ་སྟབས་བདེར་ཡོང་ཆེད།གནས་སྐབས་སུ་ལྕགས་ཟམ་རྫོང་འབོ་ཞབས་གྲོང་རྡལ་ནས་དར་མདོ་གྲོང་ཁྱེར་བར་གྱི་འཚུབ་བསྟུན་རེས་འཁོར་ཤར་གཏོང་བྱས་པ་རེད།

འབོ་ཞབས་ནས་དར་མདོ་བར་གྱི་འཚུབ་བསྟུན་རླངས་འཁོར་ཤར་གཏོང་བྱས།

   རེས་འཁོར་དེའི་འཁོར་སྐྱོད་ལམ་ཐིག་ནི་འབོ་ཞབས་གྲོང་རྡལ་ནས་གཉའ་རྒྱབ་སྒང་བརྒྱུད་དེ་དར་མདོ་གྲོང་ཁྱེར་བར་ཡིན་པ་རེད།རླངས་འཁོར་འཇོག་ས་ནི་འབོ་ཞབས་གྲོང་རྡལ་འབོ་ཞབས་ཟ་ཁང་ཡིན་པ་དང་།རླངས་འཁོར་བབ་ཡུལ་ནི་དར་མདོ་གྲོང་ཁྱེར་རླངས་འཁོར་ས་ཚུགས་ཡིན་པ་རེད།རླངས་འཁོར་གཏོང་བའི་དུས་ཚོད་ནི་ཉིན་རེའི་སྔ་དྲོའི་ཆུ་ཚོད10པ་ཡིན།སྤྱི་ཟླ9པའི་ཚེས7ཉིན་གྱི་ཕྱི་དྲོའི་ཆུ་ཚོད4དང་སྐར་མ30ཐོག་འཚུབ་བསྟུན་རེས་འཁོར་ཐོག་མ་ཤར་གཏོང་བྱས་པ་རེད།

འབོ་ཞབས་ནས་དར་མདོ་བར་གྱི་འཚུབ་བསྟུན་རླངས་འཁོར་ཤར་གཏོང་བྱས།

    སྤྱི་བསྒྲགས་ནང་གསལ་པོར་བསྟན་དོན། རླངས་འཁོར་ནང་སྡོད་མཁན་ཚང་མས་ངེས་པར་དུ“བཤེར་གཅིག་བརྟག་གསུམ་དང་ཁ་ཤུབས་རྒྱག”པའི་བླང་བྱ་དང་ལེན་བྱ་དགོས་པ་དང་།སི་ཁྲོན་འགྲོ་སྐྱོད་ཨང་རྟགས་བཤེར་བ་དང་།བདེ་ཐང་ཨང་རྟགས་དང་འགྲོ་སྐྱོད་ཨང་རྟགས་བཤེར་བ།ཆུ་ཚོད24ནང་ཚུད་ཀྱི་ཉིང་སྐྱུར་དཔེ་བཤེར་མཇུག་འབྲས་ནད་དུག་མེད་པའི་དཔང་འཛིན་འཁྱེར་དགོས་ཤིང་། བརྒྱུད་རིམ་ཧྲིལ་པོར་ཁ་ཤུགས་བརྒྱག་དགོས་པ་དང་ཆབས་ཅིག། 《དཀར་མཛེས་ཁུལ་ཏོག་གསར་གློ་ཚད་རིམ་ཚུལ་ལ་ཁ་གཏད་འཇལ་བའི་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་སྤྱི་བསྒྲགས》(ཨང23པ།)ཡི་བླང་བྱ་གཞིར་བཟུང་ནས་དར་མདོར་སླེབས་རྗེས་རང་འགུལ་ངང་སྤྱི་ཁུལ(མགྲོན་ཁང་དང་ལས་ཁུངས།)ལ་སྙན་ཐོ་འགོད་པ་དང་།གཟའ་འཁོར་གཅིག་ནང་ཉེན་ཁ་ཆེ་འབྲིང་ས་ཁུལ་དུ་འགྲུལ་སྡོད་བྱས་མྱོང་མཁན་ཚོ་བླང་བྱ་ལྟར་གཅིག་སྡུད་ཟུར་བཀག་བྱ་དགོས། རིམས་ཚུལ་འགོག་ཟོན་གྱི་བླང་བྱ་དང་འགལ་ན་རང་གིས་འགན་འཁུར་དགོས།



  • ལེ་ཚན་སྔོན་མ།:ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་བར་ཞལ་འདེབས་འབུལ་བའི་གྲོས་འདོན་ཡི་གེ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10