ཧྥུང་ཧྥ་ཀུའེ་ཡིས་འགུལ་འགོག་གནོད་སྐྱོབ་ཐད་ནན་གསུང་འདི་ལྟར་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2022-09-09

   སྤྱི་ཟླ9པའི་ཚེས6ཉིན་གྱི་དགོང་མོར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན། དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་སྤྱི་ཟླ9པའི་ཚེས5ཉིན་བྱུང་བའི་ས་འགུལ་གྱི་འགུལ་འགོག་གནོད་སྐྱོབ་བཀོད་འདོམས་པུའུ་ཡི་བཀོད་འདོམས་མགོ་གཙོ་ཧྥུང་ཧྥ་ཀུའེ་ཡིས་བཀོད་འདོམས་པུའུ་ཡི་ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལི་ཁེ་ཆང་། རྒྱལ་དོན་ཨུ་ཡོན་ཝང་ཡུང་སོགས་ཀྲུང་དབྱང་དང་རྒྱལ་ཁབ་མགོ་ཁྲིད་བློ་མཐུན་གྱིས་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་དང་།དེ་བཞིན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་སྙིང་དོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཧོང་ཆང་། རྒྱུན་ལས་ཞིང་དཔོན་གཞོན་པ་ལི་ཡུན་ཙེ། ཞིང་དཔོན་གཞོན་པ་ཐེན་ཆིན་ཡིང་སོགས་ཞིང་ཆེན་རིམ་པའི་མགོ་ཁྲིད་ཁག་གི་ལས་དོན་གྱི་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་ལག་བསྟར་བྱེད་པ་དང་། ཚོ་ཆུང་ཁག་གི་ལས་ཀའི་སྙན་ཞུ་ལ་གསན་པ་དང་ཕྱིན་ཆད་གཙོ་གནད་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་མཛད་པ་རེད།

     ཧྥུང་ཧྥ་ཀུའེ་ཡིས་ས་འགུལ་བྱུང་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐོང་ཆེན་བླ་ན་མེད་པ་གནང་བར་མ་ཟད། མཛུབ་སྟོན་གལ་ཆེན་གནང་ཡོད། ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་མཛུབ་སྟོན་གནང་བ་དང་འབྲེལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགུལ་འགོག་གནོད་སྐྱོབ་བཀོད་འདོམས་པུའུ་དང་། འཚུབ་བསྟུན་དོ་དམ་པུའུ། ཀྲུང་གོ་ས་འགུལ་ཅུས་སོགས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུས་འཕྲལ་མར་ལས་སྒྲུབ་ཚོ་ཆུང་དང་རོགས་སྐྱོར་དཔུང་སྡེ་མངགས་ནས་གནོད་འཚེ་ཐེབས་ཁུལ་དུ་འགུལ་འགོག་གནོད་སྐྱོབ་ལས་ཀར་མཛུབ་ཁྲིད་མཛད་ཡོད་པས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གནོད་འཚེ་ཐེབས་ཁུལ་གྱི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་བ་གང་ལེགས་མཚོན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཕྱོགས་གཅིག་ལ་དཀའ་ངལ་ཡོད་ན་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པའི་འགུལ་འགོག་གནོད་སྐྱོབ་ཀྱི་སྙིང་སྟོབས་རླབས་པོ་ཆེ་གང་ལེགས་མཚོན་པ་རེད། མིག་སྔར། འགུལ་འགོག་གནོད་སྐྱོབ་ལས་ཀ་ནུས་པ་ལྡན་ཞིང་གོ་རིམ་ཡོད་པར་སྐུལ་འདེད་གཏོང་བཞིན་ཡོད། གཙོ་བོ་ནི་ཆུ་ཚོད72ཀྱི་ནང་སྲོག་སྐྱོབ་དུས་ཚོད་ཆེས་ཡག་ཤོས་དམ་འཛིན་ཡག་པོ་བྱས་པ་དང་ཆབས་ཅིག། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་མི་སྲོག་བསྐྱབས་ནས་འགུལ་འགོག་གནོད་སྐྱོབ་ཀྱི་དམག་འཐབ་དྲག་པོ་ལས་རྒྱལ་ཁ་མཐའ་གཅིག་ཏུ་འཐོབ་པ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་སྲུང་སྐྱོང་ཡག་པོ་བྱ་དགོས་ཞེས་གསུངས་པ་རེད།

     ཧྥུང་ཧྥ་ཀུའེ་ཡིས་གཅིག་ནས་སྟོབས་ཤུགས་བགོ་འགྲེམས་བྱ་རྒྱུར་དམ་འཛིན་ཡག་པོ་བྱ་དགོས་པ་དང་། གཉིས་ནས་མི་སྣ་རྩད་བཤེར་བྱ་རྒྱུར་དམ་འཛིན་ཡག་པོ་བྱ་དགོས། གསུམ་ནས་མི་སྣ་སྤོས་བསྐྱལ་དམ་འཛིན་ཡག་པོ་བྱ་དགོས། བཞི་ནས་དངོས་རྫས་གཏོང་འཇོག་དམ་འཛིན་ཡག་པོ་བྱ་དགོས། ལྔ་ནས་མང་ཚོགས་བཀོད་སྒྲིག་བྱ་རྒྱུར་དམ་འཛིན་ཡག་པོ་བྱ་དགོས། དྲུག་ནས་འགན་སྲུང་གསུམ་གྱི་ལས་ཀར་དམ་འཛིན་ཡག་པོ་བྱ་དགོས། བདུན་ནས་གནོད་འཚེ་སྔོན་འགོག་ལ་དམ་འཛིན་ཡག་པོ་བྱ་དགོས། བརྒྱད་ནས་ལས་མཇུག་ལེགས་བསྡུས་ལས་ཀར་དམ་འཛིན་ཡག་པོ་བྱ་དགོས། དགུ་ནས་སྨན་བཅོས་འཕྲོད་བསྟེན་ལས་ཀར་དམ་འཛིན་ཡག་པོ་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད།། 



  • ལེ་ཚན་སྔོན་མ།:ཉེན་རྟོག་པ་འདིའི་ཕ་དང་སྲིང་མོ་ས་འགུལ་ནང་ཚེ་ལས་འདས།
  • ལེ་ཚན་རྗེས་མ།:ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་བར་ཞལ་འདེབས་འབུལ་བའི་གྲོས་འདོན་ཡི་གེ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10