རང་ཁུལ་གྱི་དམིགས་འབེན་བྱས་འབྲས་ལས་འགན་སྐུལ་འདེད་གྲོས་ཚོགས།

ཨོ་རྒྱན་གྱིས་བསྒྱུར།        2022-09-08

     ཉེ་ཆར། རང་ཁུལ་དམིགས་འབེན་བྱས་འབྲས་ལས་འགན་སྐུལ་འདེད་གྲོས་ཚོགས་དེ་དར་མདོར་འཚོགས་པ་རེད། ཚོགས་འདུའི་ཐོག2019ལོའི་ཁུལ་ཡོངས་ཀྱི་ལོ་འཁོར་དམིགས་འབེན་བྱས་འབྲས་དཔྱད་ཞིབ་བྱས་ཚུལ་ལ་དབྱེ་ཞིབ་དང་ཕྱོགས་བསྡོམས་བྱས་ནས2022ལོའི་ལོ་འཁོར་གྱི་དམིགས་འབེན་བྱས་འབྲས་དཔྱད་ཞིབ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཏེ། ཁུལ་ཡོངས་ཀྱི་གོང་འོག་ཚང་མའི་འགན་འཁུར་གྱི་འདུ་ཤེས་དང་མཁོ་གནད་ཆེ་བའི་འདུ་ཤེས་མཐོ་རུ་བཏང་སྟེ། བྱ་ཐབས་འཕར་སྣོན། དོན་འཁྱོལ་ཤུགས་ཆེན་བཅས་བྱ་རྒྱུའི་སྐུལ་སློང་བྱས་ཏེ་ལོ་འཁོར་གྱི་དམིགས་འབེན་བྱས་འབྲས་དཔྱད་ཞིབ་ལ་ཕུལ་བྱུང་གི་གྲུབ་འབྲས་ཐོབ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཏེང་ལི་ཅུན་དང་ཁུལ་ཨུའི་རྒྱུན་ཨུ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་མ་ཁྲང་ཤིན་ཚོགས་འདུར་ཞུགས་པ་རེད།

     ཚོགས་འདུར་བསྟན་དོན། དམིགས་འབེན་བྱས་འབྲས་དཔྱད་ཞིབ་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་དམིགས་འབེན་བྱས་འབྲས་དཔྱད་ཞིབ་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་ཏང་ལ་བློ་དཀར་སེམས་དཀར་བྱེད་པའི་དངོས་ཡོད་ཀྱི་ཞིབ་དཔྱད་ཅིག་ཡིན་པ་དང་། ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་དངོས་ཡོད་ཀྱི་དགོས་མཁོ་ཡིན་པ་དང་། ལས་དོན་ཁག་གི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བའི་མ་ལག་གི་བླང་བྱ་ཞིག་ཡིན་པས་ངོས་འཛིན་སྔར་བས་མཐོ་རུ་བཏང་སྟེ་རང་འགུལ་ངང་བྱས་འབྲས་དཔྱད་ཞིབ་ལ་དམ་འཛིན་ཡག་པོ་བྱ་དགོས།

     ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཆབ་སྲིད་ཀྱི་གོ་གནས་མཐོ་རུ་བཏང་ནས་ཁུལ་ཨུ་ཧྲུའུ་ཅི་ཧྲེན་དབྱང་གི་མཆན་བཀོད་མཛུབ་སྟོན་གྱི་སྙིང་དོན་ལ་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཏེ་བསམ་བློའི་འདུ་ཤེས་འགྱུར་ལྡོག་གཏོང་བ་དང་། ད་ལོའི་དམིགས་འབེན་ལས་འགན་ལ་དམིགས་ནས་ཀྲུང་དབྱང་དང་། ཞིང་ཆེན། ཁུལ་བཅས་ཀྱི་བཀོད་སྒྲིག་དང་བླང་བྱ་ཁག་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བ་བྱ་དགོས། འགན་འཁྲི་ནན་དུ་གཏོང་བ་དང་། སྣེ་ཁྲིད་སྡེ་ཁག་གིས་དམིགས་འབེན་འགན་འཁྲི་ཁྱོན་ཡོངས་ནས་ཏན་ཏིག་ངང་འཁུར་བ། སྡེ་ཁག་འགན་འཁུར་བློ་མཐུན་གཙོ་བོས་ཞིབ་འཇུག་དང་བཀོད་སྒྲིག་བྱེད་པ། གཙོ་གནད་ལས་དོན་ཁག་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱ་དགོས། ཞན་ཆ་གསབ་རྒྱུ་མགྱོགས་སུ་བཏང་ནས2019ལོ་ནས2021ལོའི་བར་གྱི་དམིགས་འབེན་བྱས་འབྲས་དཔྱད་ཞིབ་ཀྱི་སྐར་སྣོན་འཐེན་རྣམ་གྲངས་ལ་ཞིབ་སྡུར་ནན་ཏན་བྱས་ཏེ། དོན་ཚན་རེ་རེ་བཞིན་སྐར་སྣོན་འཐེན་གྱི་རྒྱུ་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས་དམིགས་སའི་རང་བཞིན་མཐོ་རུ་དང་བཅོས་སྒྲིག་བྱ་ཐབས་སྤྱད་དེ་དམིགས་ཚད་ཁག་ལ་སྐར་མི་གཅོག་པ་དང་སྐར་མང་དུ་གཏོང་ཐུབ་པའི་བརྩོན་ལེན་བྱ་དགོས། གཅིག་གྱུར་འཆར་འགོད་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ་དཔྱད་བསྡུར་བྱ་བའི་སྣེ་ཁྲིད་སྡེ་ཁག་དང་འགན་འཁྲིའི་སྡེ་ཁག་གིས་རང་འགན་གཙང་སྒྲུབ་དང་། འགན་འཁྲི་མཉམ་འཁུར། ཆ་འཕྲིན་མཉམ་སྤྱོད་བཅས་ཀྱི་ལས་ཀའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱ་དགོས། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་པ་དང་གཙོ་གནད་ལས་དོན་གྱི་འཆར་ཅན་ཚོགས་འདུའི་དགོངས་དོན་ལྟ་སྐུལ་ཞིབ་བཤེར་ལས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས་ཟླ་རེར་དམིགས་འབེན་ལས་འགན་སྒྲུབ་རིམ་ལ་རྗེས་འདེད་ཀྱིས་སྒྲུབ་གཉེར་བྱེད་པ་དང་། བརྒྱུད་རིམ་ལ་དོ་དམ་ཚོད་འཛིན་བྱ་རྒྱུ་དང་གྲུབ་འབྲས་སྤྱོད་རྒྱུར་ཤུགས་བསྣན་པ། ཆད་པ་དང་གཟེངས་བསྟོད་བཅས་བྱས་ཏེ་རྒྱུན་གཏན་གྱི་ལས་དོན་ཏན་ཏིག་དང་། དཀའ་གནད་ཀྱི་ལས་དོན་ཚད་བརྒལ་ཡོང་བ། གསར་གཏོད་ལས་དོན་གྱི་བཀྲག་མདངས་འཚེར་ས་ཐོན་པ་བཅས་བྱས་ནས་ཐབས་བརྒྱ་ཇུས་སྟོང་ངང་ལོ་འཁོར་གྱི་དམིགས་འབེན་ལས་འགན་ལེགས་པར་བསྒྲུབ་དགོས།

     ཚོགས་འདུའི་ཐོག། ཁུལ་རིམ་པའི་སྡེ་ཁག་འགའ་ཡིས་འབྲེལ་ཡོད་དམིགས་འབེན་ལས་འགན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་དང་དེ་བཞིན་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཐད་གཏམ་བཤད་བྱས་པ་རེད། ཁུལ་གྱི་དམིགས་འབེན་བྱས་འབྲས་དཔྱད་ཞིབ་ལས་དོན་མགོ་ཁྲིད་ཚོ་ཆུང་གི་ཁོངས་མི་དང་། སྣེ་ཁྲིད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས་པ་རེད།


  • ལེ་ཚན་སྔོན་མ།:ཞིང་ཆེན་ཏང་ཨུ་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་སུ་འདི་ལྟར་བསྟན།
  • ལེ་ཚན་རྗེས་མ།:ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་ནས་མི82རྐྱེན་ལམ་དུ་ཤོར།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10