ཉེན་རྟོག་པ་འདིའི་ཕ་དང་སྲིང་མོ་ས་འགུལ་ནང་ཚེ་ལས་འདས།

ཐུབ་ཀྱིས་བསྒྱུར།        2022-09-09

   སྤྱི་ཟླ9པའི་ཚེས5ཉིན་ལ་རང་ཁུལ་གྱི་ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ6.8བྱུང་རྗེས། ས་འགུལ་བྱུང་སའི་ལྟེ་གནས་འབོ་ཞབས་གྲོང་རྡལ་དུ་བསྐྱོད་པའི་འགྲོ་ལམ་རི་ཉིལ་ཏེ་བཀག་ནས་རླངས་འཁོར་ཐར་ཐབས་མེད་པར་གྱུར། དཀར་མཛེས་ཁུལ་ཉེན་རྟོག་ཁོངས་གཏོགས་ཀྱིས་ཐབས་ལམ་གཞན་བརྒྱུད་དེ་ཁྱད་འགན་འཁུར་མཁན་ཉེན་རྟོག་པ240གྲོང་རྡལ་དེར་མྱུར་སྐྱོབ་ཏུ་མངགས།

ཉེན་རྟོག་པ་འདིའི་ཕ་དང་སྲིང་མོ་ས་འགུལ་ནང་ཚེ་ལས་འདས།
   ལོ་ན26ལ་སོན་པའི་ཆིན་ཞའོ་ཆང་དང་འཐབ་གྲོགས་ཚོས་བསྟུད་མར་ཆུ་ཚོད13ལ་འབད་འཐབ་བྱས་ཤིང་། འཕྲོར་ལུས་ས་འགུལ་བྱུང་བ་དང་རྡོ་ཧྲུག་ཤིང་ཆག་ལྷུང་བར་མ་འཛེམས་ནས་རྡིབ་ཞབས་སུ་སོང་བའི་མང་ཚོགས3བསྐྱབས་པ་རེད།

ཉེན་རྟོག་པ་འདིའི་ཕ་དང་སྲིང་མོ་ས་འགུལ་ནང་ཚེ་ལས་འདས།
  སྤྱི་ཟླ9པའི་ཚེས6ཉིན་གྱི་ཞོགས་པར། གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་གུར་འབུབས་བཞིན་ཡོད་པའི་ཆིན་ཞའོ་ཆང་གིས་གློ་བུར་དུ་འབྲེལ་བ་ཆད་སོང་བའི་རང་གི་ཨ་ཕ་དང་གཅུང་མོ་ས་འགུལ་ཁྲོད་དུ་རྐྱེན་ལམ་དུ་ཤོར་ཡོད་པའི་གནས་ཚུལ་ཤེས་པ་རེད།
ཉེན་རྟོག་པ་འདིའི་ཕ་དང་སྲིང་མོ་ས་འགུལ་ནང་ཚེ་ལས་འདས།

   གནས་ཚུལ་དེ་ཤེས་རྗེས། དཀར་མཛེས་ཁུལ་སྤྱི་བདེ་ཅུས་ཀྱི་ཏང་ཨུ་དང་ཁྱད་འགན་འཁུར་མཁན་ཉེན་རྟོག་ཡན་ལག་རུ་ཁག་གི་མགོ་ཁྲིད་ཀྱིས་དེ་མ་ཐག་ཆིན་ཞའོ་ཆང་རང་ཁྱིམ་དུ་ལོག་ནས་འདས་པོའི་རྗེས་འཇུག་ལས་ཀ་སྒྲུབ་ཏུ་མངགས་པ་རེད།།

ཉེན་རྟོག་པ་འདིའི་ཕ་དང་སྲིང་མོ་ས་འགུལ་ནང་ཚེ་ལས་འདས།

ཉེན་རྟོག་པ་འདིའི་ཕ་དང་སྲིང་མོ་ས་འགུལ་ནང་ཚེ་ལས་འདས།


  • ལེ་ཚན་སྔོན་མ།:ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་ནས་མི86རྐྱེན་ལམ་དུ་ཤོར།
  • ལེ་ཚན་རྗེས་མ།:ཧྥུང་ཧྥ་ཀུའེ་ཡིས་འགུལ་འགོག་གནོད་སྐྱོབ་ཐད་ནན་གསུང་འདི་ལྟར་གནང་།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10