《འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་དགོས་པའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》ཀྱི་སྐད་རིགས་མང་པོའི་ཤན་སྦྱར་པར་གཞི་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

    ཀྲུང་གོ་གུང་ཁྲན་ཏང་གི་གསར་འགྱུར།    2022-09-13

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་ཡིག་སྒྱུར་བྱས་པའི《འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་དགོས་པའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》ཀྱི་ཨུ་རུ་སུའི་ཡི་གེ་དང་རྒྱ་ཡིག་དང་། ཧྥ་རན་སེའི་ཡི་གེ་དང་རྒྱ་ཡིག སི་ཕེན་གྱི་ཡི་གེ་དང་རྒྱ་ཡིག རི་པིན་གྱི་ཡི་གེ་དང་རྒྱ་ཡིག་བཅས་ཀྱི་ཤན་སྦྱར་པར་གཞི་ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།
   《འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་དགོས་པའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》ནི་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པ་དེ་ཉིད་ཆེད་དོན་9ལ་དབྱེ་ནས་བློ་མཐུན་ཞི་ཅིན་ཕིང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུར་དམིགས་ནས་སྤེལ་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་བརྒྱུད་རིམ་ལྡན་པའི་ངང་བསྡུས་ཡོད་པ་རེད། དཔེ་དེབ་དེའི་ནང་ཨུ་རུ་སུའི་ཡི་གེ་དང་རྒྱ་ཡིག་དང་། ཧྥ་རན་སེའི་ཡི་གེ་དང་རྒྱ་ཡིག སི་ཕེན་གྱི་ཡི་གེ་དང་རྒྱ་ཡིག རི་པིན་གྱི་ཡི་གེ་དང་རྒྱ་ཡིག་བཅས་ཀྱི་ཤན་སྦྱར་པར་གཞི་དང་དེ་གོང་དཔེ་སྐྲུན་བྱས་པའི་དབྱིན་ཡིག་དང་རྒྱ་ཡིག་ཤན་སྦྱར་གྱི་པར་གཞི་སོགས་ཚུད་པ་དེ་དག་གིས་རྒྱལ་ཁབ་ཕྱི་ནང་གི་ཀློག་པ་པོས་ཞི་ཅིན་ཕིང་གི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གྱི་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པའི་ཀྲུང་གོའི་རླབས་ཆེན་ལག་ལེན་ལ་ཤེས་རྟོགས་གཏིང་ཟབ་བྱེད་པ། དེང་རབས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ལྟ་བའི་ཡིད་དབང་འཕྲོག་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

  • ལེ་ཚན་སྔོན་མ།:“9·5”ས་འགུལ་རིམ་པ6.8ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་ཚོར་མྱ་ངན་ཟབ་མོ་ཞུ་བའི་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་ནས་རྒྱལ་པོ་ཁྲའར་སིར་རྟེན་འབྲེལ་གློག་འཕྲིན་བཏང་བ།
  • དོ་སྣང་ཆེ་བའི་རྩོམ།