མི་མངོན་པའི་སང་ཉིན།

གུ་དཔལ་ཤིས།        2022-09-16

ས་འགུལ་ཐེབས་པའི་ལྕགས་ཟམ་རྫོང་ལ་ཕུལ།

རྣོ་ལྕགས་ཀྱི་འཛིངས་བར་ལུས་པའི་ཁྱོད་ལ།

ཞེ་བསམ་པའི་གཏིང་རིམ་ནས་མཆོད་མེ་ཀོང་གཅིག་ཕུལ།

རྔམ་མཐུག་པའི་མུན་ནག་གི་གྲིབ་ཡོལ་གསལ་དགོས།

གཅིག་རྗེས་གཉིས་མཐུད་ཀྱི་གོད་ཆག་འདི་ཚོ།

ལྟེབས་ཉེས་གང་ཞིག་གིས་ཕམ་ཁའི་ང་རྒྱལ་ཡིན།

རློམ་ཐབས་བྲལ་བའི་སང་ཉིན།

མགོ་ཐོག་ཏུ་ཅི་ཞིག་གི་ཉམས་རྒུད་ལ་བསྒུག་ཡོད།

གསོན་དབུགས་མ་ཆད་པའི་བེམ་པོ།

འུ་ཐུག་པའི་ལག་པ།

སེན་ཀ་རྣག་གིས་གྲུབ་དོན།

སུ་ལ་གསང་དང་མ་གསང་མི་འདུག།

  • ལེ་ཚན་སྔོན་མ།:ཕྱེ་ལེབ་འཛིན་པའི་རོལ་རྩེད།
  • ལེ་ཚན་རྗེས་མ།:ཡོམ་རྒུད་གདུང་འབོད་སྙན་ངག